པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་འགྲན་བསྡུར་ཁྲོད་རྟིང་རྩོད་རིམ་པའི་མིང་རྟགས་ལ་འཚུད་པའི་གློག་བརྙན

རྩོམ་པ་པོ།:laboleng ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-11 08:43:00 ཀློག་གྲངས།:


《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པའི་ཁྱབ་བསྒྲགས་པར་རིས།

            2011ལོའི་ཟླ4བའི་ཚེས7ཉིན། བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གི་ཆེས་ཐོག་མའི་དུང་བརྗོད་གློག་བརྙན་བརྩམས་ཆོས《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པ་དེ་པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་འགྲན་བསྡུར་ཁྲོད་རྟིང་རྩོད་རིམ་པའི་གློག་བརྙན70ནང་སླེབས་ཐུབ་པ་བྱུང་།
            རེབ་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་གློག་བརྙན་བརྙན་འཕྲིན་ཅུས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱབ་སྐྱོར་བྱས་ཤིང་། པེ་ཅིང་དགེ་འོས་སློབ་ཆེན་དང་པེ་ཅིང་གྲོང་ཁྱེར་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་བྱས་པ། ཀྲུང་དབྱང་གློག་བརྙན་ལས་རིམ་ལེ་ཚན་ལྟེ་གནས་དང་ཀྲུང་གོའི་གློག་བརྙན་དཔྱད་གཞི་ཁང་། ཀྲུང་གོའི་སློབ་གསོའི་བརྙན་འཕྲིན་ཁང་། པེ་ཅུང་གྲོང་ཁྱེར་ཐོན་ཨུ། ཀྲུང་གོའི་གློག་བརྙན་གསར་འགྱུར་ཁང་། པེ་ཅིང་གློག་བརྙན་སྒྱུ་རྩལ་མཐུན་ཚོགས། ཀྲུང་གོའི་གློག་བརྙན་ཐེབས་རྩ་ཚོགས་པ།པེ་ཅིང་བརྙན་འཕྲིན་ཁང་། པེ་ཅིང་གྲོང་ཁྱེར་གློག་བརྙན་ཀུང་སི།པེ་ཅིང་ཞིན་ཡུན་ལེན་གློག་བརྙན་ལས་རིགས་འགན་འཁྲི་ཚད་ཡོད་ཀུང་སི། པེ་ཅིང་གྲོང་ཁྱེར་སློབ་མའི་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་བྱས་ཤིང་། གཞན་ཞིན་ལང་དྲ་བ། དབྱི་བང་དྲ་བ། ཡོའུ་ཁོའུ་དྲ་བ། རིན་རིན་དྲ་བ། ཧྥིན་དཔང་དྲ་བ། ཀྲུང་གོའི་སློབ་ཆེན་པའི་སྐུད་ཐོག་དྲ་བ། ཆིན་མིན་དྲ་རྒྱའི་བརྙན་འཕྲིན།དཔན་ཆོའི་ཡིན་མོ་སོགས་སྨྱན་དཔྱད་དྲ་རྒྱའི་རྒྱབ་སྐྱོར་ཤུགས་ཆེན་འོག་སྤེལ་བ་ཞིག་རེད།
            2011ལོའི་ཟླ1པོའི་ཚེས་འགོར།  ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་འཕགས་པ་དོན་གྲུབ་དང་འཕགས་པ་འཚོ་སོགས་ཀྱིས་གཙོ་འཁྲབ། འཁྲབ་སྟོན། ལྟ་སྐུལ། ཇུས་འགོད་སོགས་ཀྱིས་འགན་བླངས་པ་དང་། ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གིས་འཁྲབ་ཁྲིད་དང་བརྙན་ཕབ། སྒྲིག་བཟོའི་ལས་འཁུར་དང་། ན་གཞོན་རྩོམ་པ་བོ་འབོ་རའི་ཀླུ་འབུམ་བཀྲ་ཤིས་ཀྱིས་འཁྲབ་གཞུང་རྩོམ་སྒྲིག་གི་ལས་འགན་འཁུར་བ་བཅས་སྡོམ་པས་མི་བཅུའི་གྲུབ་པའི་བརྙན་སྐྲུན་ཚོགས་པ་དེ་ཀན་ལྷོའི་བསང་ཁོག་རྩྭ་ཐང་དུ་འབྱོར་ནས《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པའི་དུང་བརྗོད་གློག་བརྙན་དེ་དངོས་སུ་ཕབ་འགོ་ཚུགས་ཤིང་། ཟླ་དེའི་ཚེས23ཉིན་བརྙན་ཕབ་ཡོང་འགྲུབ་བྱས་ཏེ་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་བཟོ་སྐྲུན་ཡོངས་འགྲུབ་བྱུང་། ཟླ3པའི་ནང་པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་འགྲན་བསྡུར་ནང་ཞུགས། ཟླ4བའི་ཚེས7ཉིན་ཐེངས18པའི་པེ་ཅིང་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་དང་སྐབས12པའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་འགྲན་བསྡུར་ཁྲོད་རྟིང་རྩོད་རིམ་པའི་གློག་བརྙན་འགྲན་བསྡུར་ཁྲོད་སླེབས་ཐུབ་པ་བྱུང་བ་ཡོངས་བསྒྲགས་བྱས།
            བརྙན་འཕྲིན་འདིའི་ནང་ཞིབ་འཇུག་སློབ་མ་དོན་གྲུབ་ཀྱིས་འབྲོག་ཁྱིམ་ཞིག་ཏུ་གནས་ཚང་གཡར་ནས་གླིང་སྒྲུང་ལ་ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད།གནས་ཚང་གི་བུ་མོ་མཚོ་མོ་དང་བརྩེ་དུང་ཟབ་མོ་ཆགས་ནའང་ཕ་མས་ཆུང་དུས་ནས་གཉེན་རྟགས་བརྒྱབ་པའི་མག་པ་ལྷ་སྐྱབས་དང་ཨ་ཕའི་བཀག་འགོག་ཁྲོད་སྡུག་ཡུས་མྱོང་བའི་དོན་རྐྱེན་བརྒྱུད་ནས་ད་ལྟའང་རྩྭ་ཐང་དུ་རང་དབང་མིན་པའི་གཉེན་སྲོལ་འདིའི་ལྷག་མ་ལུས་ཡོད་པར་སུན་འབྱིན་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།