ཨ་ཅག་ཚན་སྡེབ་ཀྱི་གླུ་གཞས་གསར་བ《ཇི་མེ་ཨ་ཅག》ཅེས་པ་འགྲེམ་སྤེལ་བྱས་འདུག

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-18 11:24:00 ཀློག་གྲངས།:

ཨ་ཅག་ཚན་སྡེབ་ཀྱི་གླུ་གཞས་གསར་བ《ཇི་མེ་ཨ་ཅག》ཅེས་པ་འགྲེམ་སྤེལ་བྱས་འདུག
ཨ་ཅག་ཚན་སྡེབ་ཀྱི་གླུ་གཞས་གསར་བ《ཇི་མེ་ཨ་ཅག》ཅེས་པ་འགྲེམ་སྤེལ་བྱས་འདུག

         ཉེ་ལམ། ཨ་ཅག་ཚན་སྡེབ་ཀྱི་གླུ་གཞས་གསར་བ《ཇི་མེ་ཨ་ཅག》ཅེས་པ་རྒྱལ་ཡོངས་ཀྱི་གློག་བརྙན་འཕྲིན་དང་རླུང་འཕྲིན་ཁང་ཆེ་ཁག་གི་ཨང་རིམ་ནང་བཀོད་པ་དང་། དགའ་སྤྲོའི་ཡོ་ལང་རྣམ་པར་རྫོགས་ཡོད་པའི་གླུ་གཞས་འདིས་དབྱར་ཁའི་དུས་ཚིགས་འདིར་ཚོར་བ་མ་འདྲ་བ་ཞིག་སྟེར་ངེས།
         《ཇི་མེ་ཨ་ཅག》ཅེས་པ་འདིའི་གསར་རྩོམ་གྱི་ཚོར་འདུ་ནི་སྔ་མའི་རྒྱ་གར་གློག་བརྙན་སྐད་གྲགས་ཅན་ཏི་སུ་ཀོ་གར་མཁན་ཞེས་པའི་བར་བཅུག་རོལ་མོ《ཇི་མེ་ཨ་ཅག》ཞེས་པ་ཡིན། གླུ་གཞས་འདི་གཉིས་ཀའི་མིང་འདྲ་པོ་ཡིན་ནའང་ནང་དོན་ཁ་ཁ་སོ་སོ་ཡིན། ཨ་ཅག་ཚན་སྡེབ་ཀྱིས་ཕྱིར་དྲན་གྱི་གཞས་གཏོང་རྣམ་པས་ཞིབ་ཚགས་ཀྱིས་མི་དང་མིའི་བར་གྱི་ལས་འཕྲོ་ཞིབ་བརྗོད་བྱས་ཡོད།
         རྒྱུས་ལོན་བྱུང་བ་ལྟར་ན་གླུ་གཞས་འདིའི་ནང་ཨ་ཅག་ཚན་སྡེབ་ཀྱི་བུ་མོ་གསུམ་གའི་བརྩེ་སེམས་ཀྱི་བརྒྱུད་རིམ་མཉམ་བསྲེས་བྱས་ཡོད་པ་དང་། སྤྲོ་དགའི་གདངས་དབྱངས་ཀྱིས་བསྐྱར་དུ་གླུ་གཞས་སྙན་མོ་ཞིག་འཁྱོངས་པར་བྱས་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།