པདྨ་བསམ་གྲུབ་གཙོས་པའི་ཉི་མ་རོལ་ཚོགས་ཀྲང་པེ་རྩྭ་ཐང་རོལ་གཞས་དུས་ཆེན་དུ་ཞུགས་གྲབས་ཡོད་པ།
ཀྲང་པེ་རྩྭ་ཐང་རོལ་གཞས་དུས་ཆེན།
ཟླ7པའི་ཚེས27ནས་ཚེས29བར། 2012ལོའི་ཀྲང་པེ་རྩྭ་ཐང་རོལ་གཞས་དུས་ཆེན་ཞེས་པ་ཧུའུ་པེ་ཞིང་ཆེན་ཀྲང་ཅཱ་ཁུའུ་གྲོང་ཁྱེར་ཀྲང་པེ་རྩྭ་ཐང་དུ་སྤེལ་རྒྱུ་ཡིན་ཞིང་། གཞས་དུངས་ལོ་ན་རྒན་གཞོན་ཀུན་གྱི་བློ་ཁ་དང་འཚམས་པའི་དུས་ཆེན་ཞིག་བཀོད་སྒྲིག་གནང་ཡོད།
འདིར་རྒྱའི་གླུ་བ་གླུ་མ་གང་མང་བཞུགས་པ་མ་ཟད་ཆེད་དུ་མི་རིགས་ཀྱི་གར་སྟེགས་ཞེས་པ་ཞིག་བསྐྲུན་ཡོད་ཅིང་། བོད་ཀྱི་གླུ་བའི་ཚོགས་པ་སྟེ་གླུ་བ་པདྨ་བསམ་གྲུབ་གཙོས་པའི་ཉི་མའི་རོལ་ཚོགས་དང་། མ་ཎི་རྡོ་འབུམ་རོལ་ཚོགས། དེ་མིན་གྲངས་ཉུང་མི་རིགས་གཞན་གྱི་གླུ་བའི་ཚོགས་པ་གང་མང་བཞུགས་ཀྱི་ཡོད་པ་ཡིན།
ཉི་མའི་རོལ་ཚོགས་ནི་གླུ་བ་པདྨ་བསམ་གྲུབ་དང་། མགོན་པོ། སྟག་ལྷ་ཚེ་རིང་བཅས་ལས་གྲུབ་ཅིང་། ཁོ་ཚོའི་གླུ་གཞས་ཀྱི་ཁྱད་ཆོས་ནི་བོད་ལྗོངས་ཀྱི་རང་བྱུང་གླུ་གཞས་རྨང་གཞི་བྱས་ཐོག་འཛམ་གླིང་གླུ་གཞས་ཀྱི་རྣམ་པར་ཟུང་དུ་སྦྲེལ་བ་ཞིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com