《གངས་དང་གངས་འཚོའི་བརྩེ་དུང་གི་གཏམ་རྒྱུད》ཅེས་པའི་སྨྲེང་མཐུན་བརྙན་འཁོར་འགྲེམ་ལ་ཉེ།
《གངས་དང་གངས་འཚོའི་བརྩེ་དུང་གི་གཏམ་རྒྱུད》ཅེས་པའི་དེང་རབས་སྨྲེང་མཐུན་གསར་བའི་བརྙན་འཁོར་འདི་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཞིང་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་རེད། འདི་ནི་དེང་རབས་བོད་ཀྱི་འཚོ་བའི་དངོས་ཡོད་དང་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་དངོས་ལ་གཞིགས་ནས་བྱུང་བ་ཞིག་ཡིན་པས། ཕ་ཡུལ་འབྲོག་སྡེ་ཟླ་ཚང་ནས་ཐོན་པའི་དེང་རབས་བོད་ཀྱི་རྡུང་ལེན་པ་མགོན་པོ་ཡར་འཕེལ་དང་རྩེ་གཞུང་གཞས་མ་ཚེ་སྐྱིད་གཉིས་ཀྱིས་རམ་འདེགས་རྒྱུད་དྲུག་གི་པི་ཝང་ཉེ་བར་བརྒྱན་ནས་འགྱུར་ཁུགས་སྟོང་གི་གླུ་སྐད་ཀྱི་གདངས་ལ་བརྒྱུས་ནས། ཉན་མཁན་ཁྲི་སྟོང་གི་བསམ་པའི་མྱོང་བ་དཔྱིད་ཀྱི་དགའ་སྟོན་དང་ཞེ་སེམས་སྨྲེང་བའི་མིག་ཆུའི་གཏམ་རྒྱུད་དུ་འགྱུར་བར་སྨོན་འདུན་ཞུ།
འདི་ནི་བསྐྱར་ལེན་ཚིག་གི་ཕྲེང་བའི་དབྱངས་རྟ་དེ་མ་ཡིན་པར། དེང་རབས་རྩོམ་པ་པོ་ཞིག་གི་སྨྱུག་རྩེ་ནས་བཞུར་པའི་ཁྲག་གི་བརྩེ་དུང་ཡིན། འདི་ནི་གནའ་བོ་དམངས་ཁྲོད་དུ་བྱུང་བའི་ལྷ་སྒྲུང་གི་གཏམ་རྒྱུད་དེ་མ་ཡིན་པར། རྡུང་ལེན་པ་ཞིག་གི་རྨི་ལམ་ལ་བརྒྱུས་པའི་བདེན་དོན་གྱི་སྐྱོམ་དབྱངས་ཡིན། སྨྲེང་གཞས་ཀྱི་བརྙན་འཁོར་གསར་བ་འདི་ཉིད་མི་འགྱངས་བར་བོད་ཁུལ་ཡོངས་སུ་འགྲེམས་རྒྱུ་ཡིན་པས། ལྟ་མཁན་དང་ཉན་མཁན་རྣམ་པས་རྒྱབ་སྐྱོར་དང་མྱོང་རོལ་བྱེད་རྒྱུ་ལགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com