སྐབས་དང་པོའི་བོད་ཀྱི་དྲ་ལམ་ལོ་སར་དགོང་ཚོགས་དེ་བསང་ཆུ་རྫོང་དུ་ཕབ་འགྲུབ་བྱུང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-25 09:50:00 ཀློག་གྲངས།:


དགོང་ཚོགས་ཀྱི་གླུ་སྒོ་ཕྱེ་བའི་འཁྲབ་སྟོན།


ཚན་སྡེབ་ཀྱི་འཁྲབ་སྟོན།


གླུ་བ་སྒྲོལ་མ་སྐྱབས།

     ཉེ་ལམ། སྒྲ་སྙན་རིག་གནས་སྨྱན་བྱེད་ཚད་ཡོད་འགན་ལེན་ཀུང་ཟི་དང་གངས་ཆབ་ཟེགས་མ་རིག་གནས་རྒྱུད་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་གཙོ་སྒྲུབ་དང་། བོད་ཀྱི་རོལ་མོ་བ་གྲགས་ཅན་འཇམ་དབྱངས་བསྟན་འཛིན་དང་། བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས། ཡུན་རིང་ལ་བོད་ཀྱི་རོལ་མོ་ཁྱབ་གདལ་དང་དྲིལ་སྒྲོག་གི་བྱ་བ་སྒྲུབ་པའི་རྨ་ཆུའི་འཇམ་བྷེ་གསུམ་གྱིས་མཉམ་གཅིག་ཏུ་སྒྲུབ་པའི2016ལོའི་སྐབས་དང་པོའི་བོད་ཀྱི་དྲ་ལམ་ལོ་སར་དགོང་ཚོགས་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུང་དཀར་ཐང་བོད་ཀྱི་རིག་གནས་ཐོན་ལས་གླིང་འཁྲབ་སྟོན་ལྟེ་གནས་སུ་བདེ་བླག་ངང་ཕབ་བསྐྲུན་ལེགས་འགྲུབ་བྱུང་།


གླུ་མ་ཚེ་རིང་ལྷ་མོ།


གླུ་བ་གདུགས་དཀར་སྐྱབས།


གླུ་མ་དབྱངས་ཅན་སྒྲོལ་དཀར།


གཡུ་འབྲུག་ཚན་སྡེབ།


གླུ་བ་རྡོ་རེ།


གླུ་མ་ཚེ་དབང་ལྷ་མོ།

     ཐེངས་འདིའི་དགོང་ཚོགས་སུ་བོད་ཀྱི་གླུ་བ་གླུ་མ་དང་སྒྱུ་རྩལ་པ་མང་པོ་གདན་འདྲེན་ཞུས་ཡོད་ཅིང་། གླུ་བ་ཀུན་དགའ་དང་བཀྲ་ཤིས་ཉི་མ། དབྱངས་ཅན་ལྷ་མཛེས། ཚེ་དབང་ལྷ་མོ། བདེ་སྐྱིད་ཚེ་རིང་། གནམ་མཚོ་སོགས་ཀྱི་ཕུན་སུམ་ཚོགས་པའི་འཁྲབ་སྟོན་དང་། སྒྱུ་རྩལ་པ་སྨན་བླ་སྐྱབས་དང་ཞི་བདེ་ཉི་མ་གཉིས་ཀྱི་ཁ་ཤགས་སོ་སོར་གཟིགས་མོ་བ་ཀུན་གྱི་དགའ་བསུ་མི་དམན་པ་ཐོབ།


གླུ་བ་བཀྲ་ཤིས་ཉི་མ།


གླུ་མ་རྡོ་བ་ཚེ་སྐྱིད།


གླུ་མ་གཡང་ཕྱུག་འཚོ།


གླུ་མ་ནམ་མཁའ་མཚོ།


དགོང་ཚོགས་མཇུག་སྒྲིལ་བ།

     རྒྱུས་ལོན་པ་ལྟར་ན། དགོང་ཚོགས་ཕབ་འགྲུབ་བྱུང་རྗེས་མྱུར་དུ་འབྲེལ་ཡོད་རྩོམ་སྒྲིག་དང་དྲ་ལམ་དུ་གཏོང་བའི་བྱ་བ་བསྒྲུབ་རྒྱུ་ཡིན་ཞིང་། 2016ལོའི་དཔྱིད་གསར་དང་བོད་ལུགས་ལོ་སར་གྱི་སྐབས་སུ་དྲ་རྒྱ་ཆེ་གྲས་སོ་སོ་དང་དྲ་རྒྱའི་སྟེགས་བུ་སོགས་སུ་དུས་མཉམ་དུ་གཏོང་རྒྱུ་ཡིན་པས། དུས་ལྟར་གཟིགས་པར་དགའ་བསུ་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།