འབྲུག་ལྷ་རྒྱལ་གྱི་གཞས་ཚིག་བརྩམས་ཆོས་དང་སྙན་ངག་གྱེར་འདོན་དགོང་ཚོགས་ཟི་ལིང་ནས་བསྡུས།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2016-05-11 08:40:00 ཀློག་གྲངས།:

འབྲུག་ལྷ་རྒྱལ་གྱི་གཞས་ཚིག་བརྩམས་ཆོས་དང་སྙན་ངག་གྱེར་འདོན་དགོང་ཚོགས་ཟི་ལིང་ནས་བསྡུས།
འབྲོང་ངམ་རྒན་འབྲུག་ལྷ་རྒྱལ་གྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།


རྒྱང་སྒྲོག་པ་གྲགས་ཅན་རྒན་ཕུར་བ་དང་བཀྲ་ཤིས་དབང་ཕྱུག དབྱངས་ཅན།
བསོད་ནམས་ལྷ་མོ་བཅས་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།


དགོང་ཚོགས་བདེ་བླག་ངང་མཇུག་སྒྲིལ་བ།

     མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་འབྲུག་ལྷ་རྒྱལ་གྱི་གཞས་ཚིག་བརྩམས་ཆོས་དང་སྙན་ངག་གྱེར་འདོན་དགོང་ཚོགས་ཟླ5པའི་ཚེས5ཉིན་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། དགོང་ཚོགས་ཡུལ་དངོས་སྟེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚོམས་ཆེན་དུ་གསར་འགོད་པས་བརྙན་ཤེལ་ཆེན་མོ་སྟེང《རུས་རྐང་གི་དབྱངས་རྟ》ཞེས་པའི་དགོང་ཚོགས་འདིའི་བརྗོད་དོན་ཡིག་འབྲུ་མཐོང་ཞིང་། དགོང་ཚོགས་སྟེང་ན་གཞོན་སློབ་མ་དང་རོང་འབྲོག་མང་ཚོགས། ད་དུང་རྩོམ་རིག་དང་རོལ་མོ་ལས་རིགས་ཀྱི་གྲོགས་པོ་ཀྱང་ཐོན་འདུག
     བརྙན་འཕྲིན་ཚོམས་ཆེན་དུ་མཚོ་སྔོན་གཙོ་བྱས་པའི་ཞིང་ཆེན་ཕྱི་ནང་གི་བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་གངས་ཅན་པ་སྒྲོལ་མ་སྐྱབས་དང་གངས་བཞུགས། རིག་འཛིན་སྒྲོལ་མ། སྒྲོན་བྷེ། ཚེ་དབང་ལྷ་མོ། དབྱངས་ཅན་ལྷ་མཛེས་སོགས་ཀྱིས་གླུ་སྙན་མོ་ངག་ལ་བཀུག་ནས་རྒན་འབྲུག་ལྷ་རྒྱལ་གྱི་གཞས་ཚིག་བརྩམས་ཆོས་དང་སྙན་ངག་གྱེར་འདོན་དགོང་ཚོགས་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས། ཚང་མའི་དགའ་བསུ་ཐོབ་པའི་གླུ་དབྱངས《ང་ཡི་ཁྲི་ཤོར་རྒྱལ་མོ》དང《སེམས་ཀྱི་ལོག་ཕེབས》《རུས་རྐང་གི་འབོད་པ》《ཨ་ཅེ་སྣང་ས》སོགས་རྒན་འབྲུག་ལྷ་རྒྱལ་གྱིས་ཚིག་བརྩམས་པའི་གླུ་དབྱངས28བླངས། དགོང་ཚོགས་སྟེང་བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་རྒན་སྨན་བླ་སྐྱབས་དང་ཞི་བདེ་ཉི་མ། རྒྱང་སྒྲོག་པ་གྲགས་ཅན་རྒན་ཕུར་བ་དང་དབྱངས་ཅན། བཀྲ་ཤིས་དབང་ཕྱུག བསོད་ནམས་ལྷ་མོ་བཅས་ཀྱིས་དགོང་ཚོགས་ཡུལ་དངོས་སུ་རྒན་འབྲུག་ལྷ་རྒྱལ་གྱི་བརྩམས་པའི་སྙན་ངག《རྨི་ལམ་ནང་གི་བུ་མོ》དང《ས་ཆེན་གྱི་གཡོ་འཁྱོམ་ཁྲོད་སྐྱོད་པའི་གཟན་ཤམ་དམར་པོ》གྱེར་འདོན་བྱས་པར་ཚང་མས་དགའ་བསུ་ཆེན་པོ་ཐོབ།
     འབྲུག་ལྷ་རྒྱལ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་ཀྱི་རྒྱང་སྒྲོག་པ་གྲགས་ཅན་ཡིན་པ་མ་ཟད། གཞས་ཚིག་དང་སྙན་ངག་གསར་རྩོམ་གྱི་སྟེང་ནས་ཀྱང་གྲུབ་འབྲས་ཁྱད་དུ་འཕགས་པ་བླངས་ཡོད་པའི་སྒྱུ་རྩལ་པ་ཞིག་ཡིན། ཁོང་གིས་མདོ་འཛིན་བྱས་པའི་ལེ་ཚན་དང་གསར་རྩོམ་བྱས་པའི་གསར་འགྱུར་བརྩམས་ཆོས་སྐོར་ཞིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་དང་ཁོང་གི་རྩོམ་རིག་བརྩམས་ཆོས200ལྷག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་བཅས་ཐོབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།