༄༅ །། དགའ་སྤྲོའི་གླུ་སྒྲ།---ལེན་མཁན།བཀྲ་ཤིས་སྒྲོལ་མ།

རྩོམ་པ་པོ།:ལྡོང་བླ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-09-30 11:22:28 ཀློག་གྲངས།:


དགའ་སྤྲོའི་གླུ་སྒྲ།
གླུ་ཚིག

གནས་མཆོག་ཁ་བ་ཅན་གྱི།
མཛེས་སྡུག་ཟླ་བ་ལྷ་མོ།
དུང་སེམས་གར་ལ་བརྒྱུས་སོང་།
སྙིང་གཏམ་གླུ་རུ་བླངས་སོང་།
དུང་སེམས་གར་ལ་བརྒྱུས་སོང་།
སྙིང་གཏམ་གླུ་རུ་བླངས་སོང་།
ལྷ་མོ་ལ།ལྷ་མོ་ལ།
ལྷ་མོ་ལ།ལྷ་མོ་ལ།
སྙིང་གཏམ་གླུ་རུ་བླངས་སོང་།
གངས་ཅན་བསིལ་མོ་ལྗོངས་ཀྱི།
ཨ་ཇོ་ལ་སྟར་ཤར་གཞོན་ནུ།
གཞོན་ནུའི་ལང་ཚོ་ངོམས་བྱུང་།
སྐྱིད་པའི་བྲོ་གར་འཁྲབ་བྱུང་།
གཞོན་ནུའི་ལང་ཚོ་ངོམས་བྱུང་།
སྐྱིད་པའི་བྲོ་གར་འཁྲབ་བྱུང་།
ཨ་ཇོ་ལ།ཨ་ཇོ་ལ།
ཨ་ཇོ་ལ།ཨ་ཇོ་ལ།
སྐྱིད་པའི་བྲོ་གར་འཁྲབ་བྱུང་།
དགའ་བའི་སྤྲོ་སྐྱིད་ཁེངས་ཀི
ཨ་ཅག་བོད་པའི་བུ་མོ།
མཛེས་པའི་གར་ལ་ཆས་བྱུང་།
དགའ་བའི་དགའ་བྲོ་འཁྲབ་བྱུང་།
ཨ་ཅག་ལ།ཨ་ཅག་ལ།
ཨ་ཅག་ལ།ཨ་ཅག་ལ།
དགའ་བའི་དགའ་བྲོ་འཁྲབ་བྱུང་།
ཨ་ཅག་ལ།ཨ་ཅག་ལ།
ཨ་ཅག་ལ།ཨ་ཅག་ལ།
དགའ་བའི་དགའ་བྲོ་འཁྲབ་བྱུང་།
དགའ་བའི་དགའ་བྲོ་འཁྲབ་བྱུང་།
.........


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།