བོད་ཀྱི་ཁུ་ལུའི་ཐོན་རྫས་རྒྱལ་སྤྱིའི་མཐོ་རིམ་ཚོང་རར་བསྐྱོད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-12 15:33:00 ཀློག་གྲངས།:

        ཉེ་ཆར། པའོ་ཁུ་ཀྲུང་གོ་ཞེས་པའི་བྱ་དགའ་གནང་བའི་མཛད་སྒོ་པེ་ཅིང་དུ་བསྡུས་ཤིང་། བྱ་འགུལ་འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་རླབས་ཆེན་བསྐྲུན་པའི་ཕྱི་གླིང་བ་རྣམས་ལ་གཟེངས་བསྟོད་གནང་བ་ཞིག་ཡིན་པ་རེད། ཐེངས་འདིའི་བྱ་འགུལ་ཁྲོད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་ཁུལ་ལ་རང་རྐྱ་འཕེར་བའི་འཚོ་ཐབས་ཤིག་བསྐྲུན་ཞིང་། བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་སྣེ་ཁྲིད་ནས་རྒྱལ་སྤྱིའི་ཚོང་རར་བསྐྱོད་པའི་ཡེ་ཤེས་བདེ་ཆེན་ཚང་ལ་བྱ་དགའ་ཐོབ་པ་རེད།

  ཡེ་ཤེས་བདེ་ཆེན་ལགས་ཀྱིས་ལོ་ངོ་བདུན་གྱི་རིང་ལ་ཀན་ལྷོའི་མཛོད་དགེའི་རུ་སྟོད་མ་སྡེ་བར་ཁུ་ལུ་ལས་བཟོས་པའི་འཁལ་འཐག་ཐོན་རྫས་ལས་སྣོན་བྱེད་པའི་བཟོ་གྲྭ་ཞིག་བཙུགས་ནས། ཡུལ་དེ་གའི་འབྲོག་པ་མི200ལྷག་གི་སྣེ་ཁྲིད་དེ་ཁུ་ལུ་རྒྱུ་རུ་བྱས་ཐོག སྲོལ་རྒྱུན་གྱི་འཁལ་འཐག་བཟོ་རྩལ་ལ་བརྟེན་ནས་དེང་དུས་སུ་དར་ཁྱབ་ཆེ་ཞིང་རྒྱུ་སྤུས་མཆོག་ཏུ་གྱུར་པའི་ནོར་ལྷ་རྟགས་ཅན་གྱི་སྐེ་དཀྲིས་ལས་སྣོན་བྱེད་བཞིན་ཡོད་པར་མ་ཟད། བོད་ཁམས་ནས་ཐོན་པའི་ཁུ་ལུའི་སྐེ་དཀྲིས་དེ་ཧྥ་རན་སི་སོགས་ཕྱིའི་རྒྱལ་ཁབ་ཀྱི་རྒྱས་སྤྲས་ཚོང་ཟོང་སྟེ Hermès(爱马仕)ཧར་མི་སི་དང་།  ལོ་ཝེ་སི་ཝེ་ཁྲུནLouis Vuitton(路易威登)  Sonia(索尼娅) སོ་ཉི་ཡ་སོགས་ཀྱི་ཚོང་ཁང་དུ་ཕྱིར་འཚོང་བྱེད་བཞིན་ཡོད་པ་རེད།

  ནོར་ལྷའི་རྟགས་ཅན་གྱི་འཁལ་འཐག་ཐོན་རྫས་ཀྱིས་ཡུལ་དེ་གའི་མང་ཚོགས་ལ་ཕྱུགས་རིགས་འཚོ་སྐྱོང་ཁོ་ན་མ་ཡིན་པར་གཞན་ད་དུང་རང་རྐྱ་འཕེར་བའི་སྒོ་ནས་འཁལ་འཐག་ཐོན་རྫས་ལས་སྣོན་བྱས་ཏེ་འབྱོར་བ་བསྐྲུན་པའི་ལམ་བུ་ཡངས་པོ་ཞིག་བཏོད་པ་རེད།
 

 

 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།