༄༅ །། ཀུན་ཕན་ཐེབས་རྩ་ཚོགས་པའི༢༠༠༨ལོའི་རིག་གནས་སྲུང་སྐྱོབ་ཐད་ཀྱི་རྒྱལ་སྤྱིའི་སྦྱངས་འབྲས་ལེགས་ཐོན་གྱི་

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ཀྱི་སྐད་ཡིག དུས་ཚོད།:2008-06-10 10:50:06 ཀློག་གྲངས།:

རྩ་དོན་དང་དམིགས་ཡུལ།

    ཕུལ་བྱུང་ཆེད་ལས་མཁས་པའི རིག་གནས་སྲུང་སྐྱོབ་ཐད་ཀྱི་རྒྱལ་སྤྱིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ ནི་ཀུན་ཕན་ཐེབས་རྩ་ཚོགས་པའི༢༠༠༨ལོར་གསར་དུ་བསྣན་པའི་རྒྱལ་སྤྱིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་ཞིག་ཡིན་ལ།ཕུལ་བྱུང་ཆེད་ལས་མཁས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རིགས་སུ་གཏོགས་པ་ཞིག་ཀྱང་ཡིན། ཡིན་ཡང་རྒྱལ་སྤྱིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་གྲངས་གང་ཡང་མི་འཛིན་ཅིང་སྒེར་ཚུགས་སུ་མི་གྲངས་བཀོད་སྒྲིག་བྱེད་རྒྱུ་ཡིན།

    ཕུལ་བྱུང་ཆེད་ལས་མཁས་པའི རིག་གནས་སྲུང་སྐྱོབ་ཐད་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ གྱི་བྱ་དགའི་གསོ་སྦྱོང་བྱ་ཡུལ་ནི་རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབ་མྱོང་ཡོད་པའི་ཆེད་ལས་མཁས་པ་ཡིན། དོན་དངོས་ཀྱི་དམིགས་ཡུལ་ནི། ཕྱི་རྒྱལ་དུ་སློབ་སྦྱོང་ལ་ཕེབས་པ་བརྒྱུད་ནས་བྱ་དགའ་འཐོབ་མཁན་རང་ཉིད་རིག་གནས་སྲུང་སྐྱོབ་ཀྱི་མངའ་ཁོངས་སུ་ཚད་མཐོ་བའི་ཆེད་ལས་རིག་གཞུང་དང་ལག་རྩལ་མི་སྣའི་སྣེ་འཁྲིད་བྱེད་མཁན་ཞིག་ཏུ་འགྱུར་བར་བྱེད་རྒྱུ་དེ་ཡིན། ཁྱད་པར་དུ་་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་ལ་སྒུལ་ཤུགས་ཀྱིས་ནུས་པ་འདོན་ཐུབ་པ་ཞིག་ཡིན་དགོས།

སློབ་སྦྱོང་གི་ནང་དོན་དང་རྣམ་པ།

    འཆད་ཉན་ཟབ་སྦྱོང་བྱེད་པའི་ནང་དོན་གཙོ་བོ་ནི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་རྩལ་ལ་འབྲེལ་བ་ཡོད་པའི་ཆེད་ལས། བཟོ་རྩལ་དང་དམངས་ཁྲོད་སྒྱུ་རྩལ། ལག་ཤེས་སྒྱུ་རྩལ་ལ་སོགས་པ་ཕྱོགས་བསྡུ་དང་ལེགས་སྒྲིག སྲུང་སྐྱོབ། ཉམས་གསོ། ཉམས་པ་སོར་ཆུད་བཅས་བྱེད་པར་བཀག་འགོག་ཅི་ཡང་མེད།

    ཐེངས་འདིས་ཡིད་མཐུན་རོགས་སྐྱོར་བྱས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱིས་ཡོན་ཚད་ཀྱི་ཐོབ་ཐང་ལ་བརྩོན་ལེན་བྱས་ཆོག་ལ། ཡོན་ཚད་ཀྱི་ཐོབ་ཐང་མ་ཡིན་པའི་ཟབ་སྦྱོང་བྱས་ནའང་ཆོག

སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་གྲངས་དང་དུས་ཡུན། སྒོར་གྲངས།

    སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་འདི༢༠༠༨ལོར་སྔོན་དཔག་བྱས་ན་མི༡ནས༢ལ་ཐོབ་ཐུབ།

    སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དུས་ཡུན་ནི་སྤྱིར་བཏང་དུ་ལོ་གཅིག་ནས་གཉིས་ཡིན། བྱ་དགའི་དངུལ་གྲངས་སྤྱིར་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་རྒྱུ་ཡིན། ཡིན་ཡང་རྩ་དོན་སྟེང་དུ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འབྲེལ་ཡོད་འགྲོ་སོང་ཡོད་ཚད་འདུས་པ་ཡིན། རྒྱལ་ནང་གི་འགྲོ་སོང་ཁག་ནི་(དཔེར་ན་ལམ་གླ་དང་ཁང་གླ སློབ་སྦྱོང་སྐབས་ཀྱི་ཟླ་ཕོགས་སོགས)མི་སྒེར་རང་ཉིད་དང་རང་ཉིད་ཀྱི་ལས་ཁུངས། ཡང་ན་ས་གནས་ཀྱི་འབྲེལ་ཡོད་སྲིད་གཞུང་ངམ་སློབ་གསོ་སྡེ་ཁག་བཅས་མཉམ་འབྲེལ་གྱིས་ཐག་གཅོད་བྱ་རྒྱུ།

རེ་ཞུ་ཆ་རྐྱེན་དང་ཞིབ་དཔྱད་ཚད་གཞི།

    རེ་ཞུ་མི་སྣར་ངེས་པར་དུ་གཤམ་གྱི་ཆ་རྐྱེན་འདི་དག་ཚང་དགོས།

    རེ་ཞུ་མི་སྣ་ངེས་པར་དུ་ལས་ཐོག་ཆེད་ལས་མི་སྣ་ཡིན་དགོས། རང་ཉིད་ཀྱི་ཆེད་ལས་མངའ་ཁོངས་སུ་ལག་རྗེས་ཆེན་པོ་བཞག་མྱོང་ཡོད་པ། སྤྱི་མཐུན་གྱིས་ཁས་ལེན་འཐོབ་པའི་གྲུབ་འབྲས་བླངས་ཡོད་པ་ཞིག་ཡིན༌། དཔེར་ན་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས། ཆེད་ལས་མཁས་པའི་མཚན་སྙན། ཆེད་ལས་ཐོབ་ཐང་སོགས་ཀྱི་ཡིག་ཆ

    དོན་དངོས་སྟེང་ལོ་ངོ་གསུམ་ཡན་ཆད་ཀྱི་འབྲེལ་ཡོད་ལས་དོན་གྱི་ཉམས་མྱོང་ལྡན་པ།མཉམ་འཇོག སྤྱིར་བཏངཁྱེད་ཀྱི་ བྱ་བའི་ལོ་ཚོད ལས་དབྱེ་བ་འབྱེད་དགོས

    བོད་ཡིག་བོད་སྐད་ལ་བྱང་ཆ་ལྡན་པ། བོད་སྐད་ཡིག་གི་ཐོག་ནས་རང་ཉིད་ཀྱི་ཆེད་ལས་དང་འབྲེལ་ཡོད་ཀྱི་རིག་གཞུང་གསར་རྩོམ་དང་བརྗེ་རེས་བྱེད་ཐུབ་པ། དཔེར་ན་དཔྱད་རྩོམ་འབྲི་བ། སློབ་ཁྲིད་བྱེད་པ་སོགས

   

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།