༄༅ །། ཨ་མའི་རེ་བ་ཐེབས་རྩ་ཚོགས་པ།

རྩོམ་པ་པོ།:མིང་མེད། ཡོང་ཁུངས།:མི་གསལ། དུས་ཚོད།:2008-06-13 09:02:35 ཀློག་གྲངས།:

    དེང་སང་འཛམ་གླིང་ཡོངས་ན་ཁེ་ལས་དཔལ་འབྱོར་རྒྱ་མཚོ་བཞིན་འཕེལ་རིམ་ཁྲོད།འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་འདུ་ཤེས།སློབ་སྦྱོང་གི་གོ་སྐབས་རེག་པ་ཡང་གཙོ་ཆེ་ཤེས་དཔལ་འབྱོར་དང་འབྲལ་ཐབས་མེད་པ་ལྟ་བུར་ཆགས་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན།དེ་བས་ང་ཚོ་གངས་ཅན་པར་དཔལ་འབྱོར་གྱི་རྗེས་ལུས་ཐེབས་ཏེ།ཡར་རྒྱས་འཕར་རྩ་ལྷོད་པ་ཡང༌།བསམ་བློ་དང་ཤེས་རིག་གི་གྱོང་གུད་ཕོག་པ་ལ་བརྟེན་ནས་ཡོང་གིན་ཡོད།ད་ལྟ་ཡང་བོད་ཁམས་ཀྱི་ལུང་བ་སོ་སོ་ནས་དྭ་ཕྲུག་དང༌།ཞིང་འབྲོག་གི་བྱིས་པ་མང་པོ་སློབ་ཡོན་ཀྱི་བཀག་རྒྱར་འཕྲད་དེ།སློབ་གྲྭ་ཆེན་མོ་ཕར་ཞོགསློབ་འབྲིང་ཙམ་ཡང་འགྲིམས་མི་ཐུབ་པ་ནི་མིག་སྔར་གྱི་གནས་ཚུལ་ཡིན་པ་མ་ཟད།ཁྱད་པར་དུ་ཕོ་མཆོག་མོ་དམན་གྱི་སྲོལ་རྙིང་མཁྲེགས་བཟུང་བྱས་ཏེབུད་མེད་ཚོར་སློབ་སྦྱོང་བྱེད་པའི་སྐལ་བ་མ་མཆིས་པ་ནི་འཛམ་གླིང་མཐོང་བའི་བློ་རྒྱ་ཅན་ཚོའི་མིག་ལམ་ན།ཆེས་ཐབས་སྡུག་པོ་དང་སྙིང་རྗེ་བ།རྙིང་ཞེན་གྱི་ཚི་དྲེག་འཐུལ་བ་ཞིག་ལས་མ་འདས།ང་ཚོས་གོང་གསལ་གྱི་གཡོན་ལྷུང་གི་ལྟ་བ་དེ་གཞོམ་བ་ལ་སྤྱི་ལོ་ཉིས་སྟོང་གཉིས་ལོ་ནས་བཟུང་མ་དངུལ་འབོར་ཆེན་བཏང་སྟེ་ན་གཞོན་བུ་མོ་སྐོར་ཞིག་ལ་སློབ་ཡོན་ཆ་ཚང་སྤྲད་དང་སྤྲོད་བཞིན་ཡོད་པ་ཡིན།གཞན་ཡང་སློབ་ཡོན་ལ་དཀའ་ངལ་འཕྲད་པའི་སློབ་མ་ཚོས་ང་ཚོའི་རེབ་གོང་ཤེས་རིག་གླིང་ལ་འབྲེལ་གཏུགས་བྱས་ན།ང་ཚོས་གདམས་གསེས་བརྒྱུད་ལྕོགས་ཚོད་ཀྱིས་མཐུན་རྐྱེན་སྒྲུབ་ངེས་ཡིན།ཡིན་ནའང༌།མ་དངུལ་འདི་ལས་སླ་མོ་དང་ཚེགས་མེད་དུ་རྙེད་ཐུབ་པ་ཞིག་མ་ཡིན་ཏེ།འདིའི་རྒྱུའི་ཀུན་སློང་ལ་གངས་ལྗོངས་ཀྱི་ཨ་མ་རྒན་མོ་ཞིག་གི་ངལ་རྩོལ་དང་དཀའ་སྡུག་ལས་ཐོན་པའི་ལྷག་བསམ་གྱི་རྣམ་ཤེས་ཞུགས་ཡོད་ལ།དུས་ཀྱི་ཀུན་སློང་ལ་ཨ་མ་རྒན་མོ་དེའི་རེ་བའི་ལྷག་འཕྲོ་སྐོང་བའི་བུ་དང་བུ་མོ་སྐོར་ཞིག་གི་བློ་སྤོབས་དང་ཁྲེལ་གཞུང་སིམ་ཡོད་པས།སློབ་ཡོན་སྤྲོད་དང་སྤྲོད་འགྱུར་གྱི་སློབ་མ་རྣམས་ཀྱིས་རེ་བ་འབྲས་མེད་དུ་མི་གཏོང་བར་སློབ་ལ་འགྲུས་པ་གནད་ཀྱི་དོན་པོ་ཡིན།

  ཨ་མའི་རེ་བ་ཞེས་པའི་དགེ་རྩ་འདི་ནི།བུད་མེད་ལ་སློབ་ཡོན་རོགས་རམ་བྱེད་པའི་ལས་འཆར་ཞིག་ཡིན་པ་དང༌།དེ་ཡང་རང་རེའི་བོད་ནང་དུ་སློབ་སྦྱོང་དང་མི་གཤིས།བྱ་ལས་གང་ལ་འཇོན་པོ་ཡིན་ནའང༌།ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པས་སློབ་ཞུགས་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་པའི་བུད་མེད་སྐོར་ཞིག་ལ་སློབ་གྲྭ་ཆེན་མོ་དང༌།མཐོ་འབྲིང་སློབ་གྲྭའི་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ནས་དཀའ་ཁག་སེལ་རོགས་དང༌།བུད་མེད་རྣམས་ཀྱི་གནས་སྟངས་དང༌།ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་རྒྱུར་དམིགས་པ་ཡིན།

སློབ་ཡོན་རོགས་རམ་སྤྲོད་སའི་སློབ་ཕྲུག་གི་ཆ་རྐྱེན་ནི།

  ༡བུད་མེད་ཡིན་པ།

  ༢ཕ་མ་གཉིས་ཞིང་བ་དང་ཡང་ན་འབྲོག་ལས་ཀྱིས་འཚོ་བ་སྐྱེལ་མཁན་ཡིན་པ་མ་ཟད།ཁྱིམ་ཚང་གི་མཐུན་རྐྱེན་ཆེས་སྐྱོ་བོ་ཡོད་པ།

  ༣སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཤིང༌།གཤིས་སྤྱོད་ཡག་པོ་ཡིན་པ།འབྱུང་འགྱུར་སྤྱི་ཚོགས་སྟེང་བྱ་ལས་གང་ཐད་འཇོན་ཞིང་སྒྲུབ་ཕོད་པ།

  སློབ་ཡོན་སྤྲད་སའི་སློབ་ཕྲུག་འདེམས་སྒྲིག་ནི།རེབ་གོང་ཤེས་རིག་གླིང་གི་འགན་འཛིན་པ་རྒྱ་མཚོ་དང༌།དགེ་འདུན་བཀྲ་ཤིས།ཤེས་རབ།ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་ལྷ་འབུམ་མཁར་དང༌།མཁར་རྩེ་བཅས་ཀྱིས་གོང་གསལ་གྱི་ཆ་རྐྱེན་གཞི་བཞག་སྟེང་ཞིབ་འཇུག་ནན་མོ་བྱས་ནས་སློབ་ཡོན་རོགས་རམ་སྤྲོད་སའི་སློབ་མ་འདེམས་རྒྱུ།སློབ་གྲྭར་བསྐྱོད་ཡུལ་ནི།སློབ་གྲྭ་ཆེན་མོའི་ནང་སློབ་ཚན་གང་རུང་ཞིག་བོད་ཡིག་ཐོག་སློབ་སྦྱོང་བྱེད་ཐུབ་དགོས།མཐོ་འབྲིང་སློབ་གྲྭ་ནི་མི་རིགས་སློབ་གྲྭ་ཡིན་དགོས།

  རོགས་དངུལ་བསྡུ་བཀོལ།

  རེབ་གོང་ཤེས་རིག་གླིང་གིས་འགན་འཁུར་ནས་སློབ་སྦྱོང་མཐུན་རྐྱེན་ལ་དགོས་ངེས་མ་དངུལ་འཚོལ་སྒུབ་བྱེད་རྒྱུ།རོགས་དངུལ་ཁས་ལེན་བྱས་པའི་སློབ་མ་རྣམས་སློབ་མཐར་ཕྱིན་རག་བར་དུ་རོགས་སྐྱོར་བྱེད་རྒྱུ་དང༌།མཐོ་འབྲིང་ལ་རོགས་དངུལ་བཏང་བའི་སློབ་མ་རྣམས་འབྲིང་རིམ་ནས་མཐར་ཕྱིན་རྗེས་སློབ་འབྲས་དང༌།ཁྱིམ་ཚང་གི་དཀའ་ངལ།མི་རྒྱུས་དང་དུས་རྒྱུན་གྱི་སྤྱོད་ལམ་སོགས་ལ་བལྟ་རྟོག་བྱས་ནས་སློབ་གྲྭ་ཆེན་མོར་འགྲོ་རྒྱུར་རོགས་རམ་བྱེད་མིན་སྐབས་བསྟུན་ཐག་གཅོད་བྱེད་རྒྱུ།རོགས་དངུལ་ཐོབ་པའི་སློབ་མ་རྣམས་སྤྱོད་ངན་ལས་ལ་ཞུགས་པའམ་སློབ་སྦྱོང་མ་བྱས་པར་འཛིན་གྲྭ་ཕར་མ་ཐུབ་ཚེ།རོགས་དངུལ་མཚམས་འཇོག་རྒྱུ།

  སློབ་ཡོན་ཐོབ་པའི་སློབ་མའི་ལས་འགན།

  སློབ་ཡོན་ཐོབ་པའི་སློབ་མ་ཚོས་སློབ་སྐབས་རེ་རེའི་གུང་གསེང་སྐབས་སློབ་གྲྭའི་གནས་ཚུལ་དང་རང་ཉིད་ཀྱི་སློབ་སྦྱོང་གི་གནས་སྟངས།སློབ་གྲྭའི་འཚོ་བ་སོགས་ཀྱི་སྙན་ཞུ་རྩོམ་ཡིག་ཤོག་ལྷེ་གསུམ་བྲིས་ནས་རང་ཉི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།