༄༅ །། དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ངོ་སྤྲོད།
རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱི་མིང་རྙིང་བར་"ཞོ་འོང་དཔྱི་དགེ་འདུན་ཆོས་འཕེལ་སློབ་གསོ་ཐེབས་རྩ་ཚོགས་པ"་ཟེར་ཞིང་དེ་ནི་སྤྱི་ལོ་༡༩༩༨ལོར་ད་ཡོད་ཀྱི་ཚོགས་གཙོ་བསོད་ནམས་རྡོ་རྗེ་སོགས་ཞོ་འོང་དཔྱི་སྡེ་བའི་རྒན་གྲས་འགའི་མཁས་དབང་དགེ་ཆོས་ཁོང་ཉིད་གླེང་བའི་གྲོས་ཚོགས་ཤིག་གི་སྟེང་ནས་དགེ་འདུན་ཆོས་འཕེལ་གྱི་མིང་སྟེང་ནས་ཐེབས་རྩ་ཚོགས་པ་ཞིག་འཛུགས་པར་གྲོས་འཐུན་བྱུང་ཞིང་དམིགས་ཡུལ་སློབ་གསོར་བཟུང་སྟེ་ཞོ་འོང་དཔྱི་སློབ་ཆུང་ལ་རོགས་སྐྱོབ་བྱེད་པའི་ཚོགས་པ་ཞིག་བཙུགས་པ་དེ་ཡིན། ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འབད་བརྩོན་དང་ཧུར་ཐག་བརྒྱུད་དེ་ལོ་དེར་རེབ་གོང་རྫོང་དམངས་སྲིད་ཅུའུ་ཡིས་ཆོག་མཆན་གྱི་དཔང་ཡིག་ཐོབ། ༢༠༠༣ལོར་ཡོད་ཚད་མང་ཚོགས་དང་དབུལ་སྐྱོབ་ལ་དམིགས་པས་འཆར་གཞིའི་སྟེང་ནས་ཚོགས་པ་རྒྱ་ཇེ་ཆེར་བཏང་སྟེ་ཚོགས་མིང་"རེབ་གོང་དགེ་འདུན་ཆོས་འཕེལ་ཐེབས་རྩ་ཚོགས་པ"རུ་བསྒྱུར། ལོ་འདི་ཀའི་རིང་ལ་ཚོགས་པ་འདིས་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་ཟམ་པ་ཐེབས་རྩ་ཚོགས་པའི་གཞོག་འདེགས་ཀྱི་འོག་ཏུ་ཡོད་ཚད་མང་ཚོགས་ལ་འབུལ་བའི་གཞི་རྩའི་དམིགས་འབེན་གཞིར་བཟུང་སྟེ་"མང་ཚོགས་ལ་དངོས་ཐོག་བདེན་འཚོལ་གྱི་བྱ་བ་བསྒྲུབས་པ། མང་ཚོགས་ལ་དོན་བཟང་ཤ་སྟག་བསྒྲུབས་པ་དང་སྒྲིག་སྲོལ་ལ་རྒྱུན་སྲུང་དང་སྲིད་གཞུང་ལ་འབྲེལ་བ་དམ་ཟབ་སྒོས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དབུལ་སྐྱོབ་ཕྱུག་བསྒྱུར་གྱི་ལམ་ཕྱོགས་གསར་སྐྲུན་དང༌། སྤྱི་ཚོགས་ཀྱི་ནུས་ཤུགས་དབུལ་ཐར་ཕྱུག་འགྱུར་ཅན་དུ་སྙེགས་པ་དམིགས་སར་བཟུང་སྟེ་སྣ་མང་རང་བཞིན་གྱི་སྤྱི་ཚོགས་དབུལ་སྐྱོབ་ཀྱི་ལས་རིགས་གང་མང་བསྒྲུབ་བཞིན་ཡོད། ས་གནས་རང་གི་འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞིགས་ཏེ་མ་དངུལ་བསྡུ་གསོག་བྱས་ནས་འབད་བརྩོན་གྱིས་སློབ་གསོ་དང་འཕྲོད་སྟེན། ཁོར་ཡུག་སྲུང་སྐྱོབ། རིག་གནས་སྲུང་སྐྱོང་བྱེད་པ་སོགས་ཀྱི་བྱ་བའི་རྣམ་གྲངས་ལ་འབྲས་བུ་འབུར་ཐོན་བླངས། ལོ་འདི་འགའི་རིང་གི་བྱ་བའི་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་མང་པོ་ཐོག་པར་གཞིགས་ནས་རེབ་གོང་དགེ་འདུན་ཆོས་འཕེལ་ཐེབས་རྩ་ཚོགས་པ་ཞེས་པ་དེ་༢༠༠༧ལོ་ནས་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་སུ་བསྒྱུར་ཡོད་དོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com