ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་མཚོ་སྔོན་ཟི་ལིང་དུ་འཚོགས།
རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་མཚོ་སྔོན་ཟི་ལིང་དུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2026-09-22 08:30:28
ཀློག་གྲངས།:
ཟླ9ཚེས19ནས་ཚེས20ཉིན་བར། རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་མཚོ་སྔོན་ཟི་ལིང་དུ་འཚོགས།
བོད་ཡིག་གི་གནའ་དཔེ་ལ་རིགས་ཧ་ཅང་མང་པོ་ཡོད་པ་དང་། གྲངས་འབོར་ཐད་རྒྱ་ཡིག་གི་གནའ་དཔེ་ལས་ཉུང་ཙམ་ཡིན་ཞིང་། དེའི་ནང་ཆོས་ལུགས་ཀྱི་བསྟན་བཅོས་དང་། ལོ་རྒྱུས་ཡིག་ཆ། རྡོ་བརྐོས། དམངས་ཁྲོད་ཀྱི་བྲིས་དེབ། སྒྱུ་རྩལ་སྐོར་གྱི་དཔྱད་གཞི་སོགས་ཚུད་ཡོད་པས་ཀྲུང་གོའི་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱས་པའི་ཐོན་རྫས་རེད།

སྐབས་འདིའི་གླེང་སྟེགས་ཐོག་བོད་ཡིག་གནའ་དཔེ་དེ“ཤོག་བུའི་ཐོག”ནས“གྲངས་ཀའི”བར་ལ་ཕྱོགས་སྒྱུར་བྱ་རྒྱུར་དམིགས་ནས། གྲངས་ཀ་ཅན་དང་མཉམ་སྤྱོད་ཅན་གྱི་ཐོག་ནས་ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོས་ཏེ་པེ་ཅིང་དང་། བོད་ལྗོངས། མཚོ་སྔོན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་8ཀྱི་མཐོ་སློབ་དང་། ཚན་ཞིབ་ཁང་། རིག་གནས་དང་རྟེན་རྫས་བཤམས་མཛོད་ཁང་གི་ཡིག་ཚགས་སྒྲིག་གཞི། དཔེ་སྐྲུན་སྡེ་ཚན་བཅས33གཅིག་སྡུད་བྱས་ནས་མུ་ཕྲེང་ཆ་ཚང་དང་རིམ་པ་མང་བའི་བོད་ཡིག་གནའ་དཔེ་ཞིབ་འཇུག་མ་ལག་བཙུགས་པ་རེད།
བགྲོ་གླེང་ཚོགས་འདུ་འཚོག་རིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མི་རིགས་ཁག་གིས་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་ཞིབ་འཇུག་དང་། བོད་དང་འབྲེལ་བ་ཡོད་པའི་ཡིག་ཚགས་ཚད་ལྡན་ཡིག་ཆ། ཏུན་ཧོང་གི་བོད་ཡིག་ཚད་ལྡན་ཡིག་ཆ། «གེ་སར» བོད་འབྲེལ་ལྕགས་བརྐོས་རྡོ་བརྐོས། ཐང་གའི་སྒྱུ་རྩལ་སོགས་ཀྱི་གྲོས་གཞིར་དམིགས་ནས་བགྲོ་གླེང་བྱས་པ་དང་། བོད་ཡིག་གི་བསྟན་བཅོས་པར་གཞི་ཁུངས་སྐྱེལ་དང་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་གསར་ཤོས་དང་གསར་རྙེད་ལ་དམིགས་ཏེ་ཁྱོན་རིག་གཞུང་སྙན་ཞུ46ཕུལ་བ་རེད།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བཀྲ་ལོ་ཡིས་ངོ་སྤྲོད་བྱས་དོན། དེང་རབས་ཀྲུང་གོའི་བོད་ཡིག་གནའ་དཔེ་སྲུང་སྐྱོབ་ཐད“མྱུར་སྐྱོབ་ཡོངས་བཤེར་དང་། ལེགས་སྒྲིག་ཞུ་བཤེར། རིག་གཞུང་ཞིབ་འཇུག གྲངས་ཀས་ནུས་སྩོལ། གསོན་རྣམ་ཁྱབ་སྤེལ”བཅས་ཀྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད་པ་དང་། འབྱུང་འགྱུར་རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེའི་ཐོན་ཁུངས་བསྡུ་སྒྲིལ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་སྒོ་འབྱེད་ཅན་གྱི་གྲངས་ཀ་ཅན་གྱི་མཉམ་སྤྱོད་ལས་སྟེགས་བསྐྲུན་པ། རྒྱུན་རྣམ་ཅན་གྱི་རིག་གཞུང་སྤེལ་རེས་བྱེད་པ་བཅས་དང་འབྲེལ་དཔྱད་རྩོམ་ཕྱོགས་བསྒྲིགས་དང་གྲུབ་འབྲས་དཔེ་སྐྲུན་སོགས་ཀྱི་བྱེད་ཐབས་བརྒྱུད་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བ་དང་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བརྗོད།
ད་ཐེངས་ཀྱི་བགྲོ་གླེང་གཉེར་ཡུལ་མཚོ་སྔོན་ནི་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལྟེ་བའི་ས་ཁོངས་ཤིག་ཡིན་པའི་ངོས་ནས། ས་ཁོངས་ནང་སྐུ་འབུམ་བྱམས་པ་གླིང་དང་རོང་བོ་དགོན་པ་སོགས་དགོན་པ་གྲགས་ཅན་དུ་བོད་ཡིག་གི་བསྟན་བཅོས་རྩ་ཆེན་མང་དུ་ཉར་ཡོད་ལ། དམངས་ཁྲོད་དུ་མི་རབས་ནས་མི་རབས་བརྒྱུད་པའི་བྲིས་དེབ་དང་། ས་ཁོངས་ནས་ཐོན་པའི་རྡོ་བརྐོས་ཡིག་ཆ་སོགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་ལ་ཐུན་མོང་མ་ཡིན་པའི་རིན་ཐང་ཆེན་པོ་ལྡན།

མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཧྲི་ཧོ་ཡིས་བོད་ཡིག་གནའ་དཔེ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོབ་ལེགས་སྒྲིག་དང་། གྲངས་ཀ་ཅན་གྱི་རྒྱུན་འཛིན་བཅས་བྱས་པ་དེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་མཐུད་བྱས་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཞིབ་ཅིང་ཕྲ་བའི་ཐོག་ནས་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་དང་མཉམ་འདྲེས་མཉམ་གནས་ཀྱི་ལྟེ་བའི་ཁྱད་ཆོས་ར་སྤྲོད་བྱས་ཡོད་པ་བརྗོད་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号