༄༅། །དཔའ་རིས་རྫོང་ནས་དཔའ་རིས་དམངས་གླུ་གདོད་མའི་དགྱེས་དབྱངས་ཞེས་པའི་གདན་ཞུའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-20 08:30:05 ཀློག་གྲངས།:
       ཟླ9པའི་ཚེས12ཉིན། དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྫོང་མཁར་རབ་རྒྱས་ནས་དཔའ་རིས་དབྱངས་སྙན་གྲགས། འགྲིག་མཐུན་དཔལ་གཡང་འཁྱིལ་ཞེས་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུའི་གདན་ཞུའི་འགྲན་སྡུར་གཟབ་རྒྱས་ངང་སྤེལ། འགྲན་སྡུར་དུ་དཔའ་རིས་ཡུལ་ལུང་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ30ལྷག་ཞུགས།
       འགྲན་སྡུར་གྱི་སྔུན་ལ་དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་འགན་འཁུར་བ་འཇའ་མོ་གནས་བརྟན་ཚེ་རིང་གིས་འགྲན་སྡུར་སྤེལ་བའི་དགོས་པ་དང་དོན་སྙིང་གང་འདྲ་ཡོད་པ་ལྷུག་པོར་བརྗོད་ཅིང་། འགྲན་སྡུར་གྱི་སྐབས་སུ་མདོ་འཛིན་པས་གླུ་བ་རྣམས་ལ་མཉམ་འཇོག་བྱ་དགོས་པའི་དོན་ཚན་གང་འདྲ་ཡོད་པ་རེ་རེ་བཞིན་གསལ་བོར་འགྲེལ་བཤད་བྱས། དེ་མིན་དཔྱད་འདེམས་དགེ་རྒན་རྣམ་པས་འགྲན་སྡུར་གྱི་སྐབས་སུ་དཔྱད་པ་གཏོང་བའི་གཞི་གང་འདྲ་ཡིན་པ་དང་སྐར་མ་ཇི་ལྟར་སྤྲད་པ་སོགས་ཀྱི་ཆ་ནས་རྒྱས་པར་སྤྲོས།
       འགྲན་སྡུར་ཁྲོད་གླུ་ཡི་ནང་དོན་དང་དབྱངས་ཀྱི་འགུགས་ལུགས་སོགས་སྲོལ་རྒྱུན་གནའ་མིའི་དབྱངས་རྟ་རྒྱུན་སྐྱོང་བ་དང་། ནང་དོན་གྱི་ཆ་ནས་མི་རིགས་འགྲིག་མཐུན་དང་ཡ་རབས་སྤྱོད་བཟང་སྐྱོང་བའི་བརྗོད་བྱ་ཕུན་སུམ་ཚོགས་པ་འཛོམས་པ། གོན་པའི་ཆ་ནས་དཔའ་རིས་སྲོལ་རྒྱུན་གྱི་རྒྱན་གོས་གོན་ཡོད་པ་སོགས་ལ་དམིགས་བསལ་གྱི་ཐོབ་སྐར་ཡོད་པའི་བླང་བྱ་བསྟན་ནོ། །
       ཐེངས་འདིའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུའི་གདན་ཞུའི་འགྲན་སྡུར་ནི་ངེད་ལས་ཁུངས་ཀྱི་ལོ་གཅིག་གི་རིང་ལ་དམངས་གླུའི་རྒྱུན་འཛིན་པ་བསྐྱེད་བསྲིང་བྱེད་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་ལ། ཡང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ལག་བསྟར་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན། དེ་ལས་གཞན་ས་གནས་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཟབ་སྤེལ་བྱས་ཏེ་རྫོང་བྱིངས་མི་དམངས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དྲོན་མོར་བཀྲ་ཤིས་དཔལ་གཡང་རབ་ཏུ་བརྩོན་པ་ལགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།