2026ལོའི་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནེ་པ་ལར་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2026-06-10 09:11:49 ཀློག་གྲངས།:
       2026ལོའི་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟླ6པའི་ཚེས7ཉིན་ནེ་པ་ལའི་ཀ་ཏ་མན་རྡུ་རུ་འཚོགས་ཤིང་། ཀྲུང་གོ་དང་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་བོད་ཀྱི་གསོ་རིག་གི་ཆེད་མཁས་པ་དང་མཁས་དབང520ལྷག་ཚོགས་འདུར་ཞུགས་ཡོད།
       ནེ་པ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཀྲང་མའོ་མིན་དང་ནེ་པ་ལའི་འཕྲོད་བསྟེན་དང་ཟས་རིགས་བདེ་འཇགས་པུའུ་ཡི་དྲུང་ཡིག་ཁེ་ལིས་ཞིས་ནཱ·ཧྲི་ལེ་སི་ཐ། ཀྲུང་ནེའི་རིག་གནས་སློབ་གསོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧཱ་ལིས་ཧྲི། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་གི་ཀྲུང་གོའི་གསོ་རིག་ལོ་རྒྱུས་ཡིག་ཚགས་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཀྲིན་ཡན་སོགས་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
       ཀྲང་མའོ་མིན་གྱིས་བོད་ཀྱི་གསོ་རིག་འདི་ཉིད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དང་འཛམ་གླིང་སྲོལ་རྒྱུན་གསོ་རིག་གི་ཤུལ་བཞག་རིག་གནས་རྩ་ཆེན་ཡིན་པའི་ཆ་ནས། དཔལ་ཡོན་སྤེལ་རེས་ལ་སྐུལ་འདེད་དང་ཕན་ཚུན་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན་ཡོད། ནེ་པ་ལ་ནི་ཀྲུང་གོའི་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཡིན་ལ། ལོ་མང་རིང་ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་དང་འཇོན་མི་སྐྱེད་སྲིང་། རིག་གཞུང་བརྗེ་རེས། སྨན་བཅོས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་སྤེལ་ཡོད་ཅེས་བསྟན།
       ཁེ་ལིས་ཞིས་ནཱ·ཧྲི་ལེ་སི་ཐ་ཡིས་ནེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་བོད་ཀྱི་གསོ་རིག་དང་རང་བྱུང་སྨན་རྫས། སྨན་རིགས་རྩི་ཤིང་ཐོན་ཁུངས་སྲུང་སྐྱོང་། ཚན་རིག་ཞིབ་འཇུག་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་བསྣན་ཏེ། མཉམ་དུ་རིག་གཞུང་སྤེལ་རེས་དང་མཉམ་འབྲེལ་ཞིབ་འཇུག འཇོན་མི་སྐྱེད་སྲིང་སོགས་སྤེལ་དགོས་ཞེས་བསྟན།
       ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་ནེའི་རིག་གནས་སློབ་གསོ་མཐུན་ཚོགས་དང་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡ་སྐོར་བའི”བོད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་སྒོས་གཉེར་བ་དང་། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་གི་ཀྲུང་གོའི་གསོ་རིག་ལོ་རྒྱུས་ཡིག་ཚགས་ཞིབ་འཇུག་སའོ་ཡིས་རྒྱབ་སྐྱོར་བྱས།
       བགྲོ་གླེང་ཚོགས་འདུའི་ཐོག“བོད་ཀྱི་གསོ་རིག་གི་ལོ་རྒྱུས་དང་ཚན་རིག་ཞིབ་འཇུག”དང“བོད་ཀྱི་གསོ་རིག་གི་ནད་ཐོག་ལག་ལེན་དང་ཐོན་ལས་འཕེལ་རྒྱས”བཅས་གྲོས་གཞི་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཡོད། ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་གིས་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ལོ་རྒྱུས་དང་ཁྱད་ལྡན་ནད་ཐོག་བཀོལ་སྤྱོད། རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ཐབས་ལམ། གནའ་གཞུང་ཡིག་ཚགས་ལེགས་སྒྲིག་སྔོག་འདོན། བོད་ཀྱི་གསོ་རིག་གི་བརྡ་ཆད་ཚད་ལྡན་ཅན་གྱིས་དབྱིན་ཡིག་ཏུ་སྒྱུར་བ་སོགས་གཙོ་གནད་ཁྱབ་ཁོངས་མང་བོར་དམིགས་ནས་རིག་གཞུང་བགྲོ་གླེང་སྤེལ་བ་རེད། །ཀླུ་མོ་མཚོ་ཡིས་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།