ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > རྐང་རྩེད་སྤོ་ལོའི་རྒྱུན་སྤྱོད་ཐ་སྙད་འགའི་སྒྱུར་ཐབས་སྐོར།
རྐང་རྩེད་སྤོ་ལོའི་རྒྱུན་སྤྱོད་ཐ་སྙད་འགའི་སྒྱུར་ཐབས་སྐོར།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ།
དུས་ཚོད།:2022-06-03 20:53:46
ཀློག་གྲངས།:
དེང་རབས་ཀྱི་རྐང་རྩེད་སྤོ་ལོ་ནི་དབྱིན་ཇི་ནས་དར་བ་རེད། དུས་རབས་བར་མའི་གོང་གྷི་རི་སི་བས་རོ་མ་བ་དང་རྐང་རྩེད་སྤོ་ལོ་དང་འདྲ་བའི་སྤོ་ལོ་ཞིག་རྩེད། དུས་རབས་བཅུ་དགུ་པའི་དུས་འགོར། རྐང་རྩེད་སྤོ་ལོ་ཡོ་རོབ་དང་དེ་བཞིན་ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གཅིག་དང་ལྷག་དོན་དུ་དབྱིན་ཇིར་དར་སོ་ཧ་ཅང་ཆེན་པོ་བྱུང་ཡོད། 1863ལོའི་ཟླ10ཚེས26ཉིན་དབྱིན་ཇི་བས་ལོན་ཏོན་གྱི་གོང་མའི་ཁྲོམ་གཞུང་ཧྥོ་ལི་མ་སེན་མགྲོན་ཁང་དུ་འཛམ་གླིང་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་པོ་སྟེ། དབྱིན་ཀེ་ལན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་བཙུགས། མཐུན་ཚོགས་འཛུགས་པའི་འདུ་ཚོགས་ཐོག་དབྱིན་ཀེ་ལན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་སྦྲགས། འཛམ་གླིང་ཐོག་གི་ཅུང་ཟད་གཅིག་གྱུར་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་སྒྲིག་སྲོལ་ཐོག་མ་བཟོས་ཏེ་ཡི་གེའི་ལམ་དུ་བཀོད། དེང་གི་རྐང་རྩེད་སྤོ་ལོ་ཡང་དུས་དེ་ནས་བཟུང་དར་འགོ་ཚུགས།
ད་ཆ་རྐང་རྩེད་སྤོ་ལོ་ནི་འཛམ་གླིང་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་རེད་ལ། དེར་དགའ་པོ་བྱེད་མཁན་དང་ཞུགས་མཁན་ཧ་ཅང་མང་། རང་རེའི་བོད་ལ་ཆ་བཞག་ནའང་ལོ་རབས་ལྔ་བཅུ་དྲུག་ཅུའི་དུས་ནས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་མང་ལ་རྐང་རྩེད་སྤོ་ལོའི་རུ་ཁག་ཀྱང་མི་ཉུང་བ་ཞིག་ཡོད་པ་ལས། མིང་གྲགས་ཆེ་བའི་རྐང་རྩེད་སྤོ་ལོའི་རུ་ཁག་གྲས་སུ། ཏར་ཁང་རུ་ཁག་དང་། པོ་ཏ་ལའི་རུ་ཁག བོད་ལྗོངས་རུ་ཁག ཝ་པ་གླིང་ཧུད་རིགས་རུ་ཁག་ལ་སོགས་ཡོད།
2010ལོའི་ལྷོ་ཨ་ཧྥེ་རི་ཁའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ནས་བོད་རིགས་གཟིགས་མོ་བ་ཚོའི་ཐུགས་འདོད་ལྟར། འགྲན་བསྡུར་ཁག་གཅིག་བོད་སྐད་དུ་བསྒྱུར་ནས་བསྟན་པ་དང་། དེ་ནས2018ལོའི་ཨུ་རུ་སུའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མང་པོ་ཐད་ཀར་བོད་སྐད་ནས་ཐད་གཏོང་བྱས་པར། རྒྱ་ཆེའི་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེན་པོ་འདི་འདྲ་བ་ཐད་ཀར་བོད་སྐད་ལམ་ནས་རྒྱལ་སྤྱི་དང་དུས་མཉམ་དུ་བསྟན་ཐུབ་པ་དེ་ནི་ཧ་ལས་དགོས་པ་ཞིག་རེད། སྔོན་ཆད་ང་ཚོས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐད་གཏོང་ལྟ་ཅི། རྐང་རྩེད་སྤོ་ལོ་ངོ་དྲགས་པ་ཞིག་ཀྱང་མཐོང་རྒྱུ་མེད།
འོན་ཏེ་བྱ་བ་ཐམས་ཅད་འགོ་འཛུགས་དཀའ་ཞེས་པ་ལྟར། ཐད་གཏོང་སྐབས་སུའང་འགོག་རྐྱེན་མང་པོ་ཞིག་འཕྲད། དེའང་ཡོངས་ཁྱབ་ཏུ་སྤྱོད་པའི་ཐ་སྙད་མེད་པ་དེ་ནི་དཀའ་གནད་ཆེ་ཤོས་སུ་གྱུར། དེས་ན་ཕྱིན་ཆད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྤུས་ཚད་ལེགས་པོ་དེ་བས་མང་བ་སྟོན་དགོས་ན། ཐོག་མར་ང་ཚོས་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་མིང་ཚིག་ཁག་གཅིག་ངེས་པར་དུ་གཅིག་གྱུར་ཡོང་བར་འབད་དགོས། མ་གཞི་ང་ཚོའི་བོད་སྐད་དུ་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་མིང་ཚིག་རེ་ཟུང་ཡོད་རུང་། རྒྱུན་དུ་ཡོངས་ཁྱབ་ཏུ་སྤྱོད་མཁན་ཉུང་ཉུང་རེད། ད་རེས་ཁོ་བོས་རང་གི་ནུས་པས་ལྕོགས་ཚོད་ཀྱིས་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་མིང་ཚིག་ཁག་གཅིག་གི་སྒྱུར་ཐབས་་སྐོར་ཕྲན་ཙམ་གླེང་བར་འདོད། ལོག་པར་སྒྱུར་བ་དང་དོན་ལ་མ་གནས་པའི་ཆ་ཡོད་ཚེ་མཁྱེན་སྤྱོད་ཡངས་པའི་ཀློག་པ་པོ་རྣམ་པས་དགོངས་འཆར་ལྷུག་རྩོལ་ཡོད་པ་ཞུ།
1. རྐང་རྩེད་སྤོ་ལོའི་དཔེ་མཚོན་གྱི་ཐ་སྙད་རེ་ཟུང་གི་འབྱུང་སྟངས་སྐོར།
གསེར་ལུགས(金球制)ཞེས་པ་ནི་འགྲན་ཡ་ཕྱོགས་གཉིས་སྐར་མ90ཡི་འགྲན་བསྡུར་ནང་རྒྱལ་ཕམ་ཐག་མ་ཆོད་པར་བསྡུར་གྲངས་གཅིག་མཚུངས་ཡིན་ན། དུས་བསྣར་ཡང་འགྲན་ནང་ཕྱོགས་གང་རུང་ཞིག་གིས་སྤོ་ལོ་སྔོན་ལ་བླུགས་ན་དེར་ཐོབ་པར་བརྩིས་ནས་སྤོ་ལོ་མཇུག་འགྲིལ་བར་ཟེར། དངུལ་ལུགས(银球制)ཞེས་པ་ནི་ཕྱོགས་གཉིས་སྐར་མ90ཡི་འགྲན་བསྡུར་ནང་རྒྱལ་ཕམ་ཐག་མ་ཆོད་པར་བསྡུར་གྲངས་གཅིག་མཚུངས་ཡིན་ན། དུས་བསྣར་ཡང་འགྲན་གྱི་འགྲན་སྟོད་ནང་ཕྱོགས་གང་རུང་ཞིག་གིས་སྤོ་ལོ་སྔོན་ལ་བླུགས་ན་དེར་ཐོབ་པར་བརྩིས་ནས་འགྲན་སྨད་རྒྱག་མི་དགོས་པར་ཟེར། རྒོད་མིག་ལག་རྩལ(鹰眼技术)ཞེས་པ་ནི་འགྲན་བསྡུར་བྱེད་རིང་ཤན་འབྱེད་པའི་མིག་གིས་གསལ་པོ་མ་མཐོང་བའི་སྐབས་གློག་མིག་ལས་བླངས་པའི་བརྙན་ཕབ་འཕྲལ་མར་ལྟ་ཆོག་པའི་མ་ལག་ཅིག་རེད། དེས་ཤན་འབྱེད་པས་འགྲན་བསྡུར་ཤན་འབྱེད་པར་རམ་འདེགས་ཧ་ཅང་ཡག་པོ་ཐུབ།
2. རྐང་རྩེད་སྤོ་ལོ་རྒྱག་སྐབས་རྐང་རྩལ་དང་འབྲེལ་བའི་ཐ་སྙད་རེ་ཟུང་གི་འབྱུང་སྟངས་སྐོར།
རྐང་རྩེད་སྤོ་ལོ་རྒྱག་སྐབས་རུ་མི་སོ་སོའི་རྐང་རྩལ་ལ་བརྟེན་ནས་དེ་འབྲེལ་གྱི་ཐ་སྙད་ཀྱང་ཧ་ཅང་མང་པོ་ཡོད། ཁར་ཐུག་སྒོ་འཕྲད(单刀赴会)ནི་སྤོ་ལོ་ཕར་རྒོལ་བྱེད་མཁན་ཞིག་དང་ཐད་ཀར་སྒོ་རག་ཐུག་པར་ཟེར་བ་དང་། བཀྲ་ཤིས་ཉིས་འཛོམས(梅开二度)རུ་མི་ཞིག་གིས་འགྲན་བསྡུར་གཅིག་ལ་བསྟུད་མར་སྤོ་ལོ་ཐེངས་གཉིས་བླུགས་པར་ཟེར། གསུམ་བླུགས་ཞྭ་རྩེད(帽子戏法)ཟེར་བའི་ཚིག་འདི་ཐོག་མར་ལི་དབྱི་སི·ཁ་ལོ་སིའི་བྱིས་སྒྲུང«ཨའེ་ལི་སིའི་ལྗོངས་རྒྱུའི་ཟིན་ཐོ»ལས་ཐོན་པ་དང་དེབ་དེའི་ནང་གི་ཞྭ་མོ་འཚེམ་མཁན་ཞིག་གིས་ཞྭ་རྩེད་མིག་འཁྲུལ་བ་ལྟར་བརྩེ་ཡི་ཡོད། དེ་ནས་དབྱིན་ཇིའི་པན་ཆི་མཐུན་ཚོགས་ཀྱིས་པན་ཆིའུ་སྤོ་ལོའི་ནང་སྤྱད་པ་དང་། ཕྱིས་སུ་གཞི་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་རིམ་བཞིན་སྤྱད་ཡོད” སྡིག་རྭའི་གཞུག་རྩལ(蝎子摆尾)ནི་སྤོ་ལོ་རྒྱག་རིང་རྒྱབ་ནས་སྤོ་ལོ་བཙིར་ཉར་བྱེད་པར་ཟེར་བ་དང་། དེ་ནི་རྐང་རྩེད་སྤོ་ལོའི་རྩལ་ངོམ་སྟངས་ཤིག་རེད”མྱུར་ལྷུང་སྤོ་ལོ(落叶球)སྤོ་ལོ་མཐོ་པོར་སླེབས་རྗེས་གློ་བུར་དུ་མྱུར་ཚད་མགྱོགས་པོའི་སྒོ་ནས་ལྷུང་བར་ཟེར་རོ། མི་སྤོ་དབྱེ་ནས་རྒྱབ་སྲུང་སྒྲོལ་བ(人球分过)ནི་མྱུར་ཚད་ལ་བརྟེན་ནས་སྤོ་ལོ་རྒྱབ་སྲུང་བའི་གཡས་དང་གཡོན་གང་རུང་ནས་གཞུས་ཏེ། དེ་ལས་ཐར་ཐབས་བྱེད་པར་ཟེར། གཉིས་སྦྲེལ་གཅིག་སྒྲོལ(二过一)ནི་མདུན་རུ་གཉིས་ཀྱིས་རྒྱབ་སྲུང་བས་སྤོ་ལོ་འཕྲོག་རྩིས་བྱེད་སྐབས་སྤ་སེ་སྤྲོད་རེས་བྱས་ནས་དེ་ལས་གཡོལ་ཐབས་བྱེད་པར་ཟེར་རོ། གནམ་མཆོང་མགོ་རྡུང(狮子甩头)སྐེད་པའི་ཤུགས་ཡོད་ཚད་བཏོན་ནས་སེང་གེ་གནམ་ལ་མཆོངས་པ་ལྟར་སྤོ་ལོ་མགོ་བོས་བརྡུངས་པར་ཟེར། ཉ་མཆོང་མགོ་རྡུང(鱼跃冲顶)ནི་མཐའ་རུ་ནས་སྤ་སེ་སྤྲོད་་སྐབས། ཉ་མོ་ཆུ་ནང་དུ་འཁྱུག་པ་ལྟར་མགོ་བོ་བརྡུང་བར་ཟེར། རྐང་འཁོར་སྤོ་རྩལ(踩单车)ནི་དུས་རྒྱུན་སྤོ་ལོ་ཁྲིད་ནས་འགྲོ་སྐབས། རྐང་པ་གཡས་གཡོན་རེས་མོས་ཀྱིས་རྐང་འཁོར་སྐོར་བ་ལྟར་བསྟུད་མར་ལན་འགའ་རྩེད་ནས་འགོག་སྲུང་ལས་ཐར་ཐབས་བྱེད་པའི་སྤོ་རྩལ་ལ་ཟེར། སོར་འཛུགས་ཐད་གཞུ(直接任意球)ནི་ཤན་འབྱེད་པས་གནས་ས་གཏན་འཁེལ་བྱས་ནས་ཐད་ཀར་སྤོ་ལོར་གཞུ་ཆོག་པར་ཟེར་བ་དང་སོར་འཛུགས་བརྒྱུད་གཞུ“间接任意球”ནི་ཤན་འབྱེད་པས་གནས་ས་གཏན་འཁེལ་བྱས་རྗེས་ཐད་ཀར་སྤོ་ལོ་གཞུ་མི་ཆོག་པར། ངེས་པར་དུ་སྔོན་ལ་སྤ་སེ་སྤྲོད་དགོས་པར་ཟེར། རང་སྒོ་རང་བླུགས(乌龙球)ནི་རང་གི་སྤོ་སྒོར་རང་གིས་གཟབ་གཟབ་མ་བྱས་པའི་དབང་གིས་འཛུལ་བའི་སྤོ་ལོར་ཟེར་ཞིང་། རྒྱག་ཉེས་ཕོག་ཉེས་ཀྱང་ཟེར།
3. སྤོ་ལོ་རྩེད་ས་ནས་འདེམས་ཤོག་འཕངས་ཏེ་བསྡུ་རུབ་བྱས་པའི་དཔེ་མཚོན་ཐ་སྙད་ཁག་གཅིག
2020ལོའི་ཟླ1ཚེས16ཉིན་ཁོ་བོས་རྐང་རྩེད་སྤོ་ལོའི་ཐ་སྙད་གཅིག་གྱུར་ལ་ཚང་མས་དོ་ཁུར་ཡོང་བའི་ཆེད་དུ། ངེད་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་རྟགས་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐད་ཀྱི་ཐ་སྙད་ཁག་གཅིག་གི་སྒྱུར་ཐབས་ལ་འདེམས་ཤོག་འཕེན་པའི་རྣམ་པར་བརྟེན་ནས་ཀློག་པ་པོ་ཚོ་དང་སྤེལ་རེས་བྱས་པ་ཡིན། འདེམས་ཤོག་འཕེན་རྒྱུའི་རྩོམ་ཡིག་ལྟ་ཀློག་བྱེད་མཁན3984ཟིན་པ་དང་། དངོས་སུ་འདེམས་ཤོག་འཕེན་མཁན་ལྔ་བརྒྱ་ཙམ་ཟིན་འདུག འདིར་དཔེ་མཚོན་ཙམ་བཀོད་ན།
རུ་མི་ཞིག་གིས་འགྲན་བསྡུར་གཅིག་ལ་སྤོ་ལོ་ཐེངས་དང་པོ་བླུགས་པར། རྒྱ་སྐད་དུ“首开纪录”ཟེར་ཞིང་། འགོ་ཚུགས་ཁ་བྲོ་དང་བཀྲ་ཤིས་ཁ་བྲོ། སྤོ་ལོ་ཐོག་མར་བླུགས་པ་ཞེས་སྒྱུར་ཐབས་གསུམ་ལས་བདམས་མང་ཤོས་ནི་འགོ་ཚུགས་ཁ་བྲོ་ཞེས་པ་རེད་འདུག རུ་མི་ཞིག་གིས་འགྲན་བསྡུར་གཅིག་ལ་བསྟུད་མར་སྤོ་ལོ་ལན་གཉིས་བླུགས་པར་རྒྱ་སྐད་དུ“梅开二度、独中两元”ཟེར་ཞིང་། བཀྲ་ཤིས་ཉིས་འཛོམས་དང་བཀྲ་ཤིས་ཉིས་བརྩེགས། ལན་གཉིས་བླུགས་པ་ཞེས་སྒྱུར་ཐབས་གསུམ་ལས་བདམས་མང་ཤོས་ནི་བཀྲ་ཤིས་ཉིས་བརྩེགས་རེད་འདུག རུ་མི་ཞིག་གིས་འགྲན་བསྡུར་གཅིག་ལ་བསྟུད་མར་སྤོ་ལོ་ལན་གསུམ་བླུགས་པར་རྒྱ་སྐད་དུ“帽子戏法”ཟེར་ཞིང་། གསུམ་བླུགས་ཞྭ་རྩེད་དང་ཞྭ་རྩེད་རྩེ་བ། ཞྭ་འཕྲུལ་རྩེ་བ་ཞེས་སྒྱུར་ཐབས་གསུམ་ལས་བདམས་མང་ཤོས་ནི་གསུམ་བླུགས་ཞྭ་རྩེད་རེད་འདུག རུ་མི་ཞིག་གིས་འགྲན་བསྡུར་གཅིག་ལ་བསྟུད་མར་སྤོ་ལོ་ལན་བཞི་བླུགས་པར་རྒྱ་སྐད་དུ“大四喜、独中四元”ཟེར་ཞིང་། བཞི་བླུགས་དགའ་སྤྲོ་ཚད་མེད་དང་བསྟུད་མར་བཞི་བླུགས། བཀྲ་ཤིས་བཞི་འཛོམས་ཞེས་པའི་སྒྱུར་ཐབས་གསུམ་ལས་བདམས་མང་ཤོས་ནི་བཀྲ་ཤིས་བཞི་འཛོམས་རེད་འདུག

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།