དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་བཞུགས་སོ། །(བར་ཆ།)

རྩོམ་པ་པོ།:རྗེ་ཤེས་རབ་རྒྱ་མཚོ། ཡོང་ཁུངས།:འོད་འཛིན་འཕྲིན་སྟེགས། དུས་ཚོད།:2022-06-01 09:22:09 ཀློག་གྲངས།:
        ༈ དྲུག་པ་འདུལ་བའི་སྐོར་ལ། པཎ་ཆེན་བསོད་གྲགས་པའི་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་ཀྱི་འདུལ་བ་རྒྱས་བསྡུས་ཁ་ཤས། བྱ་འདུལ་འཛིན་བརྩོན་འགྲུས་འབར་གྱི་འདུལ་ཊིཀ་དང་འདུལ་བའི་སྤྱི་དོན། སྦལ་ཏི་ཇོ་སྲས་ཀྱི་འདུལ་བ། སྦལ་ཏི་འདུལ་འཛིན་གྱི་མདོ་རྩའི་ཊིཀྐ། སོ་ཐར་གྱི་མདོའི་ཊིཀྐ། སུམ་བརྒྱ་བའི་འགྲེལ་བ། རྒྱ་འདུལ་གྱི་སློབ་མ་སྐྱི་བོ་ཚུལ་འཕགས་ཀྱི་མདོ་རྩའི་ཊིཀྐ་པོཏི་གསུམ། སྦལ་ཏི་འདུལ་འཛིན་གྱི་དབོན་པོ་བརྩོན་འགྲུས་འབྱུང་གནས་ཀྱི་མདོ་རྩའི་ཊིཀྐ། དབོན་པོ་དབང་ཕྱུག་ཤེས་རབ་ཀྱི་འདུལ་ཊིཀ། དབོན་པོ་ཆོས་རྒྱལ་དཔལ་བཟང་གི་འདུལ་བའི་སྤྱི་དོན། ཆོས་ཀྱི་དབང་ཕྱུག་གི་སོ་ཐར་འགྲེལ་བ། ཤངས་པ་ཇོ་སྟན་གྱི་མེ་ཏོག་ཕྲེང་རྒྱུད་ཀྱི་ཊིཀྐ། སེངྒེ་ཟིལ་གནོན་གྱི་མེ་ཏོག་ཕྲེང་རྒྱུད་ཀྱི་ཊིཀྐ། ཇོ་སྟན་བསོད་ནམས་བཟང་པོའི་འདུལ་བ་བདུད་རྩིའི་ཉིང་ཁུ། ཉང་པཎྜི་ཏ་ནམ་མཁའ་གཞོན་ནུའི་འདུལ་ཊིཀ། རེད་མདའ་པའི་མདོ་རྩའི་ཊིཀྐ་དང་། ལས་ཆོག། ཀུན་མཁྱེན་ནམ་མཁའ་བསོད་ནམས་ཀྱི་འདུལ་བ་ངོ་མཚར་སྣང་བ། དམར་སྟོན་རྒྱ་མཚོ་རིན་ཆེན་གྱི་མདོ་རྩའི་དཀའ་འགྲེལ་དམར་ཊིཀ་ཏུ་གྲགས་པ། དེའི་སློབ་མ་སངས་རྒྱས་འཕེལ་གྱི་འདུལ་བའི་སྤྱི་དོན་མདོར་བསྡུས།
        སྣར་ཐང་པ་ནམ་མཁའ་ཤེས་རབ་ཀྱི་འདུལ་བའི་བསྟན་བཅོས་ནོར་བུའི་ཕྲེང་བ་དགེ་སློང་གི་རྒྱན། ལྕང་སྐྱ་རོལ་བའི་རྡོ་རྗེས་འདུལ་གཞུང་ཆ་ཚང་ལ་འདུམ་བདེ་བ་ཞིག་གལ་ཆེ་ཞེས་འདི་ཉིད་ཀྱི་གླེགས་བམ་འབྲལ་སྤང་མཛད། འདུལ་བའི་སྤྱི་དོན་དཔལ་འབྱོར་རྒྱ་མཚོ་དབང་པོའི་སྡེས་མཛད་པ། འདུལ་བའི་སྤྱི་དོན་སངས་རྒྱས་ལྷུན་གྲུབ་ཀྱིས་མཛད་པ། ས་བཟང་མ་ཏི་པཎ་ཆེན་གྱི་འདུལ་བ་དང་། ལས་ཆོག། བུ་སྟོན་གྱི་འདུལ་བ་སྤྱིའི་རྣམ་བཞག་རིན་པོ་ཆེའི་མཛེས་རྒྱན། འདུལ་བ་མདོའི་རྣམ་འབྱེད་འདུལ་བ་རྒྱ་མཚོའི་སྙིང་པོ་རབ་ཏུ་གསལ་བྱེད། ལས་བརྒྱ་རྩ་གཅིག་གི་རྣམ་བཤད་ཆོ་གའི་གསལ་བྱེད། ལས་ཆོག་དྲི་མེད་ཕྲེང་བ་ཞར་བྱུང་དང་བཅས་པ། མའི་རྣམ་འབྱེད་ཀྱི་ཊིཀྐ་སྙིང་པོ་དོན་གསལ། སངས་རྒྱས་ཀྱི་རྣམ་ཐར་དད་ཅིང་དགའ་བྱེད། ཕ་མའི་གླེང་འབུམ་གཉིས་ཏེ་འདུལ་བ་ལ་གཅེས་པའི་གཞུང་བརྒྱད་ཅེས་ཁོང་རང་གི་གླེང་འབུམ་ལས་འབྱུང་ངོ་། །
        རོང་སྟོན་གྱི་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་བཤད། གོ་རམས་པའི་སྡོམ་གསུམ་རབ་དབྱེའི་ཊིཀྐ་གསུང་རབ་དགོངས་གསལ། དེའི་སྤྱི་དོན། མདོ་རྩའི་ས་བཅད། བསླབ་བྱ་འདུལ་བ་རྒྱ་མཚོའི་སྙིང་པོ། ཟི་ལུང་ཤཱཀ་མཆོག་གི་སྡོམ་གསུམ་རབ་དབྱེའི་འགྲེལ་པ་ལེགས་བཤད་གསེར་ཐུར། དེ་ལ་བྱ་པ་ཆོས་རྗེ་སྐལ་བཟང་གི་དོགས་གཅོད་སྤྲིངས་ཡིག་ལེགས་བཤད་སྒོ་དབྱེ། ཤཱཀ་མཆོག་པས་དེའི་ལན་ངེས་དོན་གསལ་བ། གོ་རམས་པའི་སློབ་མ་དྲུང་ནས་རྭ་དཔོན་པས་གསེར་ཐུར་དགག་པ་སྡོམ་གསུམ་རབ་དབྱེ་སྒྲུབ་པའི་བསྟན་བཅོས་ལེགས་བཤད་མེ་འོད། མུས་རམས་པ་བྱམས་པ་ཐུགས་རྗེའི་འདུལ་བའི་སྤྱི་དོན་མདོ་དོན་གསལ་པའི་ཉི་འོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་སྡོམ་གསུམ་རབ་དབྱེའི་དཀའ་འགྲེལ་གནད་ཀྱི་སྙིང་པོ་གསལ་བྱེད། འདུལ་བའི་དཀའ་གནས་ལ་དཔྱད་པ་ནོར་བུའི་ཐེམ་སྐས། བསྙེན་གནས་ཆོ་ག་སྙིང་བོ་རབ་གསལ། འདུལ་བའི་དཀའ་གནད་ལ་དོགས་པ་དཔྱད་པའི་ལེགས་བཤད་མཁས་པའི་གཏམ་བྱ་གསང་བ་སྒོ་འབྱེད།
        སྐྱེད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་འདུལ་པ་ལུང་རིགས་གཏེར་མཛོད། ཡངས་ཅན་མཁན་པོ་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད། སྡོམ་གསུམ་རབ་དབྱེའི་འགྲེལ་པ་ལེགས་བཤད་ཟླ་འོད་གཞོན་ནུ། སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ། སྡོམ་གསུམ་ཁ་སྐོང་གི་འགྲེལ་བ། ཀརྨ་མི་བསྐྱོད་རྡོ་རྗེའི་འདུལ་བ་ཉི་མའི་འོད་ཟེར། སྟག་ལོའི་འདུལ་ཊིཀ་འདུལ་བའི་སྙིང་པོར་རབ་གསལ། སྡོམ་གསུམ་རབ་དབྱེའི་འགྲེལ་པ་ཐུབ་བསྟན་ཀུན་གསལ། སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱི་སྡོམ་གསུམ་རབ་དབྱེའི་འགྲེལ་བ། སྐྱོར་མོ་ལུང་བ་དཀའ་བཅུ་བསམ་གཏན་འཕེལ་གྱི་འདུལ་བ། ཞྭ་ལུ་སྐྱོ་སྟོན་རིག་འཛིན་རྒྱལ་པོའི་འདུལ་བའི་སྤྱི་དོན། གཞུང་བརྒྱ་བ་དངོས་གྲུབ་དཔལ་འབར་གྱི་འདུལ་བའི་ལས་ཆོག། ཐར་རྩེ་ནམ་མཁའ་དཔལ་བཟང་གི་ལས་ཆོག། འབྲུག་པ་པད་དཀར་གྱི་སྡོམ་གསུམ་རྒྱན་རྩ་འགྲེལ་དང་། འདུལ་བའི་ལས་ཆོག། རྒྱ་མ་པ་ཡོན་ཏན་འོད་ཀྱི་བསྙེན་རྫོགས་ཀྱི་གསོལ་བཞིའི་ཆོ་གའི་དགེ་འདུན་མང་ཤོས་དང་ཉུང་ཤོས་གང་འཐད་ཀྱི་རྩོད་ལན་བུས་མཛད་པ། སྨན་ཐང་བ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཞྭ་དམར་དྲུག་པ་དཀོན་མཆོག་ཡན་ལག་ལ་ཐག་རྒྱ་མ་རུང་མིན་དྲིས་པའི་ལན།
        རིགས་ལྡན་ངག་དབང་རྣམ་རྒྱལ་གྱིས་ཞྭ་ལུ་ལོ་ཙཱ་བར་མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་དྲིས་པའི་ལན། རྗེའི་སློབ་མ་སྨར་ཁམས་པ་གྲགས་པ་བཟང་པོའི་འདུལ་བ་ངོ་མཚར་སྣང་བ། གུང་རུ་རྒྱན་བཟང་བའི་འདུལ་བ། བཀྲས་ལྷུན་ཐོས་བསམ་གླིང་སློབ་དཔོན་བློ་བཟང་བཤེས་གཉེན་གྱི་འདུལ་བ་ཕན་བདེའི་ལམ་གསལ། ཐོས་གླིང་བྱང་སྟོན་བློ་གྲོས་རྒྱ་མཚོའི་འདུལ་བའི་སྤྱི་དོན་ཐར་འདོད་འཇུག་ངོགས། དཀྱིལ་ཁང་སངས་རྒྱས་རྒྱ་མཚོའི་འདུལ་བ་འདུལ་གཞུང་ལྟ་བའི་སྒྲོན་མེ། འདུལ་བ་ལུང་རིགས་ཉི་མའི་འོད་ཟེར། བློ་གྲོས་སྦས་པའི་ཀ་རི་ཀ་ལྔ་བཅུ་བའི་འགྲེལ་པ་ལེགས་བཤད་ཆུ་རྒྱུན། ཤར་རྩེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་འདུལ་བའི་གཞི་སྟོད་མཁས་པའི་མགུལ་རྒྱན། གཞི་སྨད་གསལ་བའི་སྒྲོན་མེ། ཤར་རྩེ་བློ་གྲོས་ལེགས་བཟང་གི་འདུལ་བ་རིན་ཆེན་ཕྲེང་བའི་དགོངས་གསལ་ལ་སྤྱི་དོན། གཞུང་འགྲེལ། དུས་ཚིག་གསུམ། དྭགས་པོ་ཨོར་བ་བློ་གསལ་བཤེས་གཉེན་གྱི་འདུལ་བ་ལེགས་བཤད་ཉི་མའི་འོད་ཟེར། སེར་བྱེས་བདེ་ལེགས་ཉི་མའི་འདུལ་བ་ལེགས་བཤད་སྐལ་བཟང་ནོར་ཕྲེང་། སེ་ར་རྗེ་བཙུན་པའི་འདུལ་བ་མཁས་པའི་མགུལ་རྒྱན། བསོད་གྲགས་པའི་འདུལ་བ་ལུང་རིགས་ཉི་མ། དུས་ཚིག་བརྒལ་ལན་རིང་མོ། སྡོམ་གསུམ་ནོར་བུའི་བྱི་དོར། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་འདུལ་བའི་གླེང་འབུམ་བླང་དོར་གསལ་བྱེད། གནས་བརྟན་འཇམ་དཀར་བས་དགེ་སློང་གི་བསླབ་བྱ་གསུང་བ་བཟང་སྐྱོང་བས་ཟིན་བྲིས་མཛད་པ། བློ་གྲོས་བརྟན་པའི་འདུལ་བའི་ལས་ཆོག་རིན་པོ་ཆེའི་ཕྲེང་བ། དྲུང་ཆེན་ལེགས་པ་བཟང་པོའི་འདུལ་བ། ཉི་མ་ཐང་བ་ཤེས་རབ་སྦྱིན་པའི་དུས་ཚིག། དམ་ཆོས་དཔལ་འབར་གྱི་འདུལ་བའི་མཐའ་དཔྱོད་ཨུཏྤལ་ཕྲེང་མཛེས། ཆོས་ཀྱི་བློ་གྲོས་ཀྱི་འདུལ་བ་ཉིན་བྱེད་དབང་པོ།
        པཎ་ཆེན་ན་བཟའ་བའི་འདུལ་བའི་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་། རིན་ཆེན་རྒྱལ་མཚན་གྱི་སོ་ཐར་མདོའི་ལེགས་བཤད་འདུལ་བའི་སྡེ་སྣོད་མཛེས་རྒྱན། གུང་རུ། ཇོ་གདན་མཁན་པོ་དཔལ་ལྡན་གྲགས་པ། ཁྲིམས་དགེ་བཤེས་བསོད་ནམས་བཀྲ་ཤིས། སེར་བྱེས་བྱ་བྲལ་དགེ་བཤེས་སྐལ་བཟང་རྣམ་རྒྱལ་ཀྱི་འདུལ་བའི་སྡོམ་ཚིག།

        ༈ བདུན་པ་རྣམ་འགྲེལ་གྱི་སྐོར་ལ། གྲོ་ལུང་བའི་རྣམ་ངེས་ཊིཀྐ། ཕྱ་བ་ཆོས་སེང་གི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ། ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་རང་འགྲེལ་དང་བཅས་པ། ཚད་བསྡུས་ཡིད་ཀྱི་མུན་སེལ་རྐྱང་བ་གཅིག། ཤེས་བྱ་གཞི་ལྔའི་བཤད་པ། གཙང་ནག་པའི་རྣམ་ངེས་ཊིཀ་ཆེན། ཞང་ཡེ་བ་སྨོན་ལམ་ཚུལ་ཁྲིམས་ཀྱི་རྣམ་ངེས་ཊིཀྐ། སྟོད་ལུང་རྒྱ་དམར་བ་བྱང་ཆུབ་གྲགས་ཀྱི་རྣམ་ངེས་འགྲེལ་བ། ཚད་མའི་བསྡུས་པ་ཁ་ཤས། དམ་འབག་སྨྲ་སེང་གི་ཚད་མའི་བསྡུས་པ། འཇམ་གསར་གྱི་རྣམ་ངེས་ཊིཀྐ། གཉོས་རྒྱལ་བ་ལྷ་ནང་བ་སངས་རྒྱས་རས་ཆེན་གྱི་རྣམ་ངེས་ཟིན་བྲིས། འུ་ཡུག་པ་རིགས་པའི་སེང་གེའི་རྣམ་འགྲེལ་རིགས་མཛོད་ཆེན་མོ། གཡག་རོང་པ་དར་མ་རིན་ཆེན་གྱི་རྣམ་འགྲེལ་ཊིཀྐ། རོང་པ་རྒ་ལོ་རྣམ་རྒྱལ་རྡོ་རྗེའི་ཚད་མའི་བསྡུས་པ་ཆེན་མོ། མཆིམས་འཇམ་དབྱངས་པའི་རྣམ་འགྲེལ་ཊིཀ་ཆུང་། ཚད་མའི་བསྡུས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་འགྲེལ་ཊིཀྐ་རྒྱས་འབྲིང་བསྡུས་གསུམ།
        རེད་མདའ་བའི་རྣམ་འགྲེལ་སྤྱི་དོན། རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ། རྣམ་འགྲེལ་ཊིཀྐ་རིག་པའི་འདོད་འཇོ། རོང་སྟོན་གྱི་ཚད་མ་མདོའི་འགྲེལ་བ། ཚད་མའི་འགྲེལ་བ། ཚད་མའི་སྤྱི་དོན་ཆེ་བ་སྡེ་བདུན་གྱི་རྒྱན། སྤྱི་དོན་ཆུང་བ་སྡེ་བདུན་གནད་ཀྱི་ཟླ་ཟེར། ཚད་མ་རིགས་གཏེར་གྱི་འགྲེལ་བ། རོང་སྟོན་གྱི་སློབ་མ་ཆོས་ལུང་དཀའ་བཅུའི་རིགས་གཏེར་ཊིཀྐ་རིགས་པའི་མགུལ་རྒྱན། གོ་རམས་པའི་རིགས་གཏེར་འགྲེལ་བ་སྡེ་བདུན་རབ་གསལ། གསེར་མདོག་ཅན་པ་མངའ་རིས་ཤཱཀ་མཆོག་གི་རིགས་གཏེར་འགྲེལ་བ། རྣམ་འགྲེལ་ཊིཀྐ་ཀུན་བཟང་ཆོས་ཀྱི་རོལ་མཚོ། གཡག་མི་ཕམ་ཆོས་ཀྱི་བླ་མའི་རིགས་གཏེར་ཊིཀྐ། མུས་པ་རབ་འབྱམས་པ་བྱམས་པ་ཐུགས་རྗེའི་རིགས་གཏེར་རྣམ་བཤད། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་བོའི་རིགས་གཏེར་འགྲེལ་བཤད་ཆེན་མོ་རིགས་པ་མ་ལུས་པ་ལ་འཇུག་པའི་སྒོ།
        སྐྱེད་ཚུལ་མཁན་པོའི་བསྡུས་གྲ་བློ་གསལ་རྣམས་ཀྱི་སྨྲ་བའི་རྒྱན། ངག་དབང་ཆོས་གྲགས་ཀྱི་ཚད་མ་རིགས་གཏེར་གྱི་དགོངས་དོན་གསལ་བར་བྱེད་བའི་ལེགས་བཤད་ངག་གི་དཔལ་སྟེར། དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་འགྲེལ་ཊིཀྐ་རིགས་ལམ་གསལ་བྱེད། བློ་རིག་དང་རྟགས་རིགས། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་རྣམ་འགྲེལ་ཊིཀ་ཆེན། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་རྣམ་འགྲེལ་ཊིཀ་ཆེན། དེ་གཉིས་ཀྱི་དབོན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཚད་མའི་དཀའ་འགྲེལ་ཆེན་མོ། ཚད་མའི་དཀའ་གནད་བྱེ་བྲག་ཏུ་བཤད་པ་རིགས་པའི་སྙིང་པོ། ཚད་མ་རིགས་གཏེར་གྱི་ཊིཀྐ། ཚད་མའི་བསྡུས་པ། རྣམ་འགྲེལ་གྱི་ཊིཀྐ། ཞྭ་ལུ་རིན་ཆེན་བསོད་ནམས་འཕེལ་གྱི་རྣམ་ངེས་སྦྱོར་ཊིཀ་གཞན་ཕན་ནོར་ཕྲེང་ལེའུ་གཉིས་པ་ཡན། གཞན་དོན་ལེའུའི་རྣམ་གཞག། ཚད་མའི་ཐལ་ཕྲེང་མདོར་བསྡུས། སྣར་ཐང་བ་དོན་གྲུབ་བཟང་པོའི་ཚད་མའི་ཊིཀྐ། ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་གྱི་དཔོན་པོ་ཀུན་དགའ་དཔལ་བའི་རྣམ་འགྲེལ་གྱི་ཊིཀྐ་ཡིད་ཀྱི་མུན་སེལ། རྒྱལ་བ་དགེ་བདུན་གྲུབ་ཀྱིས་སྣར་ཐང་དུ་འདིའི་སྟེང་ནས་གྲ་སྐོར་མཛད། བེ་སེར་ལས་གཉག་དབོན་ཟེར།
        བྱང་སེམས་གཞོན་ནུ་རྒྱལ་མཆོག་གི་ཚད་མའི་དཀའ་འགྲེལ་གྱི་སྤྱི་དོན་ཆེན་མོ་འདི་ངམ་རིང་དུ་དར། རྒྱལ་ཚབ་རྗེའི་རིགས་གཏེར་དར་ཊིཀ་ལེགས་བཤད་སྙིང་པོ་གྲུབ་མཐའ་ཆེན་མོར་ལུང་དྲངས། རྒྱལ་ཚབ་རྗེའི་རྣམ་འགྲེལ་ཊིཀ་ཆུང་དང་། རྣམ་ངེས་ཊིཀ་ཆུང་ཡོད་པར་ལས་ཆེན་ཀུན་རྒྱལ་བ་གསུངས། གནས་རྙིང་མཁན་པོས་ཞུས་པའི་རིགས་ཐིག་དར་ཊིཀ་རྒྱས་པ་དང་། བདེན་གཉིས་དར་ཊིཀ། ཕར་ཕྱིན་རིན་ཆེན་སྤུངས་པ་སྔ་རྩོམ་ཞིག་ཡོད། མཁས་གྲུབ་རྗེའི་རྣམ་འགྲེལ་ཊིཀ་ཆུང་རིགས་པའི་སྙེ་མའམ་རིགས་པའི་སྙིང་བོ་ཞེས་པ་ཡོད་ཅེས་བདེ་ལེགས་ཉི་མས་མཛད་པའི་རྣམ་ཐར་ལས་འབྱུང་། སྨར་ཁམས་པ་གྲགས་པ་བཟང་པོའི་རྣམ་འགྲེལ་སྤྱི་དོན་ལུང་རིགས་སྒྲོན་མེ། ལྕེ་སྟོན་ཀུན་དགའ་བཟང་པོའི་སྔ་རྩོམ་རྣམ་འགྲེལ་གྱི་སྦྱོར་ཊིཀ་དང་། ཕྱིས་རྗེ་ཙོང་ཁ་བའི་བཤད་སྲོལ་ལ་བརྟེན་པའི་རྣམ་འགྲེལ་གྱི་དཀའ་འགྲེལ་ཆེན་མོ། གཙང་སྟོན་ཀུན་དགའ་རྒྱལ་མཚན་གྱི་ཚད་མ་མདོའི་ཊིཀྐ། ཞང་ཞུང་ཆོས་དབང་གྲགས་པའི་རྣམ་ངེས་འཐད་ལྡན་གྱི་འགྲེལ་བཤད། མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེའི་ཚད་མའི་སྟོང་ཐུན་མཁས་པའི་ཡིད་འཕྲོག། གུང་རུ་རྒྱན་བཟང་བའི་ཚད་མའི་བསྟན་བཅོས་མཁས་པ་དགའ་བྱེད། དྭགས་པོ་བློ་གྲོས་བརྟན་པའི་རྣམ་འགྲེལ་ལམ་བསྒྲིགས།
        ཐོས་གླིང་ཆོས་འབྱོར་དཔལ་བཟང་གི་རྣམ་འགྲེལ་སྦྱོར་ཊིཀ་མཁས་པའི་མགུལ་རྒྱན། མཐའ་དཔྱོད། སྤྱི་དོན་རིགས་རྒྱན་གྱི་དགོངས་འགྲེལ་རིགས་རྒྱན་མུན་སེལ། ཐོས་གླིང་བསོད་ནམས་རྒྱལ་མཚན་གྱི་རྣམ་འགྲེལ་ལེའུ་བཞིའི་སྤྱི་དོན་དང་མཐའ་དཔྱོད། ཐོས་གླིང་སངས་རྒྱས་དཔལ་རིན་གྱི་རྣམ་འགྲེལ་སྤྱི་དོན་རིན་ཆེན་གཏེར་མཛོད། ཐོས་གླིང་བྱང་སྟོན་བློ་གྲོས་རྒྱ་མཚོའི་རྣམ་འགྲེལ་རྣམ་བཤད་ཊིཀ་ཆེན་ལྟ་བའི་མེ་ལོང་། རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་ལེགས་བཤད་ཀྱི་ཕྲེང་བ། ལེའུ་གཉིས་པའི་མཐའ་དཔྱོད། ཐོས་གླིང་དྲི་མེད་བཤེས་གཉེན་གྱི་རྣམ་འགྲེལ་ཡིད་བཞིན་ནོར་བུ། ཐོས་གླིང་བློ་བཟང་བཤེས་གཉེན་གྱི་སྤྱི་དོན་རིགས་རྒྱན། ཐོས་གླིང་དགེ་འདུན་བསམ་གྲུབ་ཀྱི་རྣམ་འགྲེལ་སྤྱི་དོན་བློ་གྲོས་ཀྱི་ཁ་འབྱེད། ཐོས་གླིང་རྟ་ནག་པ་དགེ་འདུན་བློ་བཟང་གི་རྣམ་འགྲེལ་ལེའུ་བཞིའི་མཐའ་དཔྱོད།
        དཀྱིལ་ཁང་ཤནྟི་པ་བློ་གྲོས་རྒྱལ་མཚན་གྱི་རྣམ་འགྲེལ་ལེའུ་བཞིའི་མཐའ་དཔྱོད། རྣམ་འགྲེལ་སྨོན་ཊིཀ། བསྟན་པ་དར་བཟང་གི་རྣམ་འགྲེལ་ལུང་རིགས་གཏེར་མཛོད། འདུལ་འཛིན་བློ་གྲོས་སྦས་པའི་རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་བཀླགས་པས་དོན་གྲུབ་རིན་པོ་ཆེའི་ཕྲེང་བ། ལེའུ་གཉིས་པའི་མཐའ་དཔྱོད་རིགས་ལམ་ནོར་བུའི་ཕྲེང་བ། རྣམ་འགྲེལ་ལེའུ་བཞི་ཀའི་སྤྱི་དོན། ཤར་རྩེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་རྣམ་འགྲེལ་ཊིཀྐ་བློ་གསལ་མགུལ་རྒྱན་དང་། མཐའ་དཔྱོད། ར་བསྟོད་དྲུང་ཆེན་ལེགས་པ་བཟང་པོའི་གསུང་རྒྱུན་ལེའུ་བཞིའི་མཐའ་དཔྱོད། དྲུང་ཆེན་ལེགས་བཟང་པའི་བློ་རིག། ཤངས་པ་ཀུན་མཁྱེན་མཆོག་ལྷ་འོད་ཟེར་གྱི་གསུང་རྒྱུན་ལེའུ་དང་པོའི་སྦྱོར་ཊིཀ་སོགས་དང་། རྗེ་ཤེས་རབ་སེང་གེའི་གསུང་བཞིན་ཟིན་བྲིས་བྱས་པའི་རྣམ་འགྲེལ་ལེའུ་བཞིའི་རྣམ་བཤད་ཐར་ལམ་གསལ་བྱེད་ཉི་མའི་འོད་ཟེར། ཁྲི་དཀོན་མཆོག་ཆོས་འཕེལ་གྱི་རྣམ་འགྲེལ་ལེའུ་སོ་སོའི་ཟུར་བཀོལ་ངོ་མཚར་གཅེས་བསྡུས། གྲ་ཆུང་པ་ཡོན་ཏན་རྒྱ་མཚོའི་རྣམ་འགྲེལ་ལེའུ་བཞིའི་རྣམ་བཤད་ཉི་མའི་འོད་ཟེར། གླིང་སྨད་ངག་དབང་དཔལ་འབྱོར་གྱི་རྟགས་རིགས་གསལ་བའི་མེ་ལོང་། འཇམ་དབྱངས་དགའ་བློའི་རྣམ་འགྲེལ་རྣམ་བཤད་རིགས་པའི་རྒྱ་མཚོའི་དོན་གསལ་བར་བྱེད་པ་བཀླག་པ་ཙམ་གྱིས་འགྲུབ་པའི་རིགས་སྔགས་ཆེན་མོ་དང་བསྡུས་གྲྭ།
        བསོད་གྲགས་པའི་རྣམ་འགྲེལ་ལེའུ་བཞིའི་མཐའ་དཔྱོད་དང་བློ་རྟགས། སེ་ར་རྗེ་བཙུན་པའི་རྣམ་འགྲེལ་ལེའུ་བཞིའི་ཐལ་ཕྲེང་དང་སྤྱི་དོན། བྱམས་པ་ཆོས་མཆོག་གི་རྣམ་འགྲེལ་མཐའ་དཔྱོད་ནོར་བུའི་ཕྲེང་བ། གུང་རུ་རིན་ཆེན་བྱང་ཆུབ་པའི་རྣམ་འགྲེལ། གངས་ཅན་པ་སྟོབས་ལྡན་འོད་ཟེར་གྱི་རྟགས་རིགས་འཐད་པའི་འོད་འབར། གངས་ཅན་བ་ཆོས་སྐུ་དཔལ་འབྱོར་གྱི་རྣམ་འགྲེལ་མཐའ་དཔྱོད་ལུང་རིགས་གཏེར་མཛོད། ཉན་པོ་ཤཱཀྱ་རྒྱལ་མཚན་གྱི་རྒྱུད་གཞན་སྒྲུབ་པའི་ཊིཀྐ་དང་ཚད་འབྲས་ཀྱི་རྣམ་བཞག། ཤེས་རབ་དར་གྱི་ཚད་མའི་སྤྱི་དོན། རྣམ་རྒྱལ་ཚུལ་ཁྲིམས་ཀྱི་རྣམ་འགྲེལ་མཐའ་དཔྱོད་ལུང་རིགས་རྒྱ་མཚོ། འོལ་ཁ་བློ་བཟང་འཕྲིན་ལས་ཀྱི་རྣམ་འགྲེལ་ལེའུ་གཉིས་པའི་བཀའ་གནད་ཟིན་བྲིས། བྱ་བྲལ་བློ་བཟང་དགེ་ལེགས་ཀྱི་རྟགས་ཡང་དག་གི་རྣམ་གཞག། ཐོར་གོད་དགེ་བཤེས་བློ་བཟང་སྙན་གྲགས་ཀྱི་རྟགས་རིགས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་ཚིགས་བཅད་མར། རང་ཊིཀ་གསར་བའི་སྟེང་ནས་དཀའ་བཅུ་བྱས་གསུངས་པ་ལྟར་གྱི་ཊིཀྐ་བཙལ་བར་བྱའོ། །

        ༈ བརྒྱད་པ་གྲུབ་མཐའི་སྐོར་ལ། ཕྱ་པ་ཆོས་སེང་གེ་ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་བསྡུས་པ། བྱ་མཆད་ཁ་བའི་གྲུབ་མཐའ་མདོར་བསྡུས། བཅོམ་ལྡན་རིགས་རལ་གྱི་གྲུབ་མཐའ་རྒྱན་གྱི་མེ་ཏོག། དེའི་སློབ་མ་མཆིམས་འཇམ་པའི་དབྱངས་ཀྱི་གྲུབ་མཐའ། དེའི་སློབ་མ་དབུས་པ་བློ་གསལ་གྱི་གྲུབ་མཐའ། ཤེས་རབ་རྡོ་རྗེའི་གྲུབ་མཐའ། ཉ་དབོན་ཀུན་དགའ་དཔལ་བའི་གྲུབ་མཐའི་རྣམ་གཞག། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ནང་པའི་གྲུབ་མཐའ་སྨྲ་བ་དང་པོ་གསུམ་གྱི་རྣམ་གཞག། ལྷ་ལུང་གི་དབང་ཕྱུག་བྱང་ཆུབ་རིན་ཆེན་གྱི་མཆད་ཁ་བའི་གྲུབ་མཐའ་གཅེས་བསྡུས་ཀྱི་ཊིཀ་ཆེན། ར་བསྟོད་པ་མཆོག་ལྷ་འོད་ཟེར་གྱི་གྲུབ་མཐའ། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་གྲུབ་མཐའ་ཤན་འབྱེད་རྒྱས་འབྲིང་བསྡུས་གསུམ། བཀྲ་ཤིས་འོད་ཟེར་གྱི་གྲུབ་མཐའ་མདོར་བསྡུས། དཀའ་བཅུ་པདྨ་བཟང་པོའི་གྲུབ་མཐའ། སྟག་ལོའི་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་རྣམས་སོ། །

        ༈ དགུ་པ་གསང་འདུས་སྐོར་ལ། བུ་སྟོན་གྱི་གསང་འདུས་ཆོས་འབྱུང་། རྔོག་ཆོས་སྐུ་རྡོ་རྗེའི་གསང་འདུལ་རྒྱུད་ཊིཀ། མར་པ་ལ་ཁ་གཡར་བའི་རྒྱུད་ཀྱི་སྤྱི་དོན་དང་ཁྲིད་ཡིག། ངོར་རྗེ་ཀུན་དགའ་འོད་ཀྱི་འདུས་པའི་རྒྱུད་ཕྲན་དང་བཅས་པའི་བཤད་པ་འགའ་ཞིག། རྡོག་ཉི་མ་སེང་གེའི་འདུས་པའི་རྒྱུད་ཊིཀ། རྔོག་ཨཱརྱ་དེ་བའི་གསང་འདུས་རྣམ་བཤད། གླན་རྩད་ཚ་ཉི་མ་ལྕམ་གྱི་འདུས་པའི་རྒྱུད་ཊིཀ་ཆེན་མོ། ཆག་ལོ་ཆོས་རྗེ་དཔལ་བའི་སྒྲོན་གསལ་གྱི་བསྡུས་དོན་དང་འགྲེལ་བཤད། ཁམས་པ་རོ་མཉམ་རྡོ་རྗེའི་འདུས་པའི་རྒྱུད་རྐྱང་གི་ཊིཀྐ་དང་དབང་ཆོག། ཙ་རིའི་གནས་སྒོ་འབྱེད་མཁན་སྨྱོས་མགར་ཆོས་གསུམ་གྱི་ནང་ཚན་སྨྱོས་རྒྱལ་བ་ལྷ་ནང་པའམ། རྡོག་རྡོ་རྗེ་གཟི་བརྗིད་དམ། སངས་རྒྱས་རས་ཆེན་གྱི་འདུས་པའི་རྒྱུད་ཊིཀ་དང་བསྡུས་དོན། བསླབ་པ་གསུམ་གྱི་ཐེམ་སྐས་རིན་ཆེན་བང་མཛོད། ཡེ་ཤེས་སྣང་བ་སོགས་དང་། འགོས་ཁུག་པ་ལྷས་བཙས་དབང་ཕྱུག་རྒྱ་མཚོའི་གསང་འདུས་སྟོང་ཐུན་དང་། རྒྱུད་སྡེའི་རྣམ་གཞག། གསེར་སྡིངས་པའི་རིམ་ལྔ་གདན་རྫོགས། རིམ་ལྔ་འཁོར་ལོ་ཅན། འཁོར་ལོ་མེད་པ། དོན་བཞི་མ། དོན་ལྔ་མ་སོགས་གསང་འདུས་ནག་ཁྲིད་ཀྱི་སྐོར་ཡིག་སྣ་ཉེར་བདུན་ཙམ་ཡོད་པ། མར་པའི་སྙན་གྱི་ཤོག་དྲིལ་བཞི་རྩ་འགྲེལ།
        རེད་མདའ་བའི་གསང་འདུས་སྟོང་ཐུན། རིམ་ལྔའི་བསྡུས་དོན། མངོན་རྟོགས། བདག་འཇུག། མཆོད་ཕྲེང་། རོང་ཊིཀ་པའི་སྒྲོན་གསལ་གྱི་ཊིཀྐ། བཀྲ་ཤིས་རྣམ་རྒྱལ་གྱི་གསང་འདུས་རྣམ་བཤད། ལྷུན་རྩེ་བ་འཕགས་འོད་ཡོད་ཏན་རྒྱ་མཚོའི་སྒྲོན་གསལ་རྣམ་ངེས། ཤེར་སེང་གི་གསུང་རྒྱུན་རྒྱུད་སྟོད་སྨད་ཀྱི་རྒྱུད་ཊིཀ་གཉིས། ཊིཀ་ཆུང་། སྦྱིན་པ་དཔལ་བའི་རྒྱུད་ཊིཀ། སྲད་རྒྱུད་བརྩོན་འགྲུས་འཕགས་ཀྱི་རྒྱུད་ཊིཀ། ཡིད་བཟང་རྩེ་བའི་འདུས་པའི་རྒྱུད་ཊིཀ། བུའི་སྒྲོན་གསལ་བཤད་སྦྱར་མཐའ་དྲུག་རབ་གསལ། མདོར་བྱས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གསལ་བྱེད། འདུས་པའི་བསྡུས་རྒྱུད་ཀྱི་དོན་ཉུང་གསལ། འདུས་པའི་མངོན་རྟོགས་དངོས་གྲུབ་ཆར་འབེབས། དཀྱིལ་ཆོག་ཡེ་ཤེས་ཆར་འབེབས། གཏོར་ཆོག་འདོད་དོན་ཆར་འབེབས། སྦྱིན་སྲེག་འཕྲིན་ལས་ཆར་འབེབས། དཀྱིལ་ཆོག་ཟུར་འདེབས་བགེགས་འཇོམས་རྡོ་རྗེ་འཆང་གི་རྣམ་རོལ། རིམ་ལྔའི་ཁྲིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག། ཤར་ཆེན་ཡེ་ཤེས་རྒྱ་མཚོའི་འདུས་པའི་ཆོ་གའི་ལྷན་ཐབས། རྒྱུད་སྡེ་འཛིན་པ་ཆོས་རིག་རྒྱལ་མཚན་གྱི་གསང་འདུས་སྒྲུབ་དཀྱིལ། བུའི་གསང་འདུས་འཇམ་རྡོར་སྒྲུབ་ཐབས་འཇམ་དབྱངས་ཡིད་འཕྲོག། དེའི་དཀྱིལ་ཆོག་འཇམ་དབྱངས་བྱིན་རླབས་རྣམ་འཕྲུལ། ཤེར་འབྱུང་བློ་གྲོས་ཀྱི་འཇམ་རྡོར་དཀྱིལ་ཆོག། སྒོ་རུམ་པ་ཀུན་དགའ་ལེགས་པའི་འཇམ་རྡོར་མངོན་དཀྱིལ།
        འཇམ་དབྱངས་མཁྱེན་བརྩེའི་འཇམ་རྡོར་དབང་ཆོག་ནག་པོ་འགྲོ་ཤེས། མཁས་པ་ཙནྡྲ་ཤྲཱིའི་གསང་འདུས་མི་བསྐྱོད་པའི་ཟིན་བྲིས། གསང་འདུས་འཇམ་རྡོར་གྱི་བསྟོད་ཆེན་ཤིན་ཏུ་ལེགས་པ། བྱང་གླིང་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གྱི་གསང་འདུས་འཇིག་རྟེན་དབང་ཕྱུག་གི་ལྷན་ཐབས་ཐུགས་རྗེའི་འོད་ཟེར། སྣར་ཐང་པ་དཔལ་ལྡན་སྨྲ་བའི་སེང་གེའི་འདུས་པའི་གཞལ་ཡས་ཁང་གི་རྣམ་གཞག་གསལ་བར་བྱེད་པ་ལེགས་བཤད་རིན་པོ་ཆེའི་མེ་ལོང་། སྣར་ཐང་སྨྲ་བའི་སེང་གེ་དབང་དོན་དེ་ཉིད་རབ་གསལ་གྱི་རྣམ་བཤད་དཔག་བསམ་ལྗོན་པ། རྟ་ཞལ་པ་བྱམས་པ་བཟང་པོ་དཔལ་གྱི་གསང་འདུས་བསྐྱེད་རིམ་དངོས་གྲུབ་བསམ་འཕེལ་དང་། རྫོགས་རིམ་གྱི་མཐའ་དཔྱོད། སྐུ་གསུམ་ངོ་སྤྲོད། སྔགས་ཆེན་དགེ་ལེགས་རབ་རྒྱས་ཀྱི་འདུས་པའི་དབང་བཤད། རིམ་ལྔ་གསལ་སྒྲོན་གྱི་བཤད་པ་རྡོ་ལག་བརྒྱུད་མ་རྩེ་བ་ཤེས་རབ་བཟང་པོས་མཛད་པར་གྲགས་པ། སྨད་རྒྱུད་པའི་འདུས་པའི་རྫོགས་རིམ་རྡོ་ལག་བརྒྱུད་མ་ཁྲི་དགེ་འདུན་རྒྱལ་མཚན་གྱིས་ཡེ་གེར་བཀོད་པ། རྒྱུད་སྟོད་པའི་རིམ་ལྔའི་ཁྲོད་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་མཛད་པ། སྲད་རྒྱུད་པའི་རིམ་ལྔའི་ཁྲིད་ཡིག་མདོར་བསྡུས་རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱིས་མཛད་པ། འདུལ་ནག་པའི་རྡོ་རྗེའི་ལམ་བསྒྲིགས་རིན་པོ་ཆེའི་གཏེར་མཛོད། རྒྱུད་ཕྱི་མའི་འགྲེལ་བཤད་སྐལ་བཟང་མིག་འབྱེད།
        འདུལ་འཛིན་བློ་གྲོས་སྦས་པའི་གསང་འདུས་རིམ་ལྔའི་ངོ་སྤྲོད་ཞིབ་ཆ་དང་བཅས་པའི་ཁྲིད་ཡིག་ཁྱད་འཕགས། རྒྱུད་ཆེན་བརྩོན་འགྲུས་འཕགས་ཀྱི་བསྐྱེད་རྫོགས། སྲད་རྒྱུད་སློབ་དཔོན་རབ་འབྱམས་པ་ཆོས་དབྱིངས་ཀྱི་གསང་འདུས་བསྐྱེད་རྫོགས་ཤིན་ཏུ་ལེགས་པ་སོགས་ཡིག་ཆ་མང་། ཞང་ཞུང་ཆོས་དབང་གྲགས་པའི་གསང་བའི་འཁོར་ལོ་མའི་ཊིཀྐ། ཤེར་དར་བའི་གསང་འདུས་རིམ་གཉིས་རྣམ་བཤད་སྐལ་བཟང་ཡིད་ཀྱི་དགའ་སྟོན། དགེ་སློང་རྒྱལ་བ་མཆོག་གྲུབ་ཀྱི་རིམ་ལྔའི་བཤད་པ། རིན་ཆེན་རྒྱ་མཚོའི་གསང་འདུས་བསྐྱེད་རིམ། རྒྱ་ར་ཆོས་སྐྱོང་རྒྱ་མཚོའི་གསང་འདུས་བསྐྱེད་རིམ་དང་། རྫོགས་རིམ་རྒྱས་བསྡུས་གཉིས། ནམ་མཁའ་རྒྱལ་མཚན་གྱི་གསང་འདུས་རྫོགས་རིམ། ཤཱི་ལ་ངྷྭ་ཛའི་གསང་འདུས་རྫོགས་རིམ། བུ་སྟོན་གྱི་སློབ་མ་མཁན་ཆེན་ཆོས་དཔལ་བཟང་པོའི་གསང་འདུས་ཀྱི་མན་ངག་གི་ཟིན་བྲིས། ཞྭ་ལུ་བ་རིན་ཆེན་འཇམ་དཔལ་བསྟན་པའི་རྒྱལ་མཚན་གྱི་གསང་འདུས་རིམ་ལྔའི་རྒྱུན་གྱི་ཉམས་ལེན། འཇམ་དབྱངས་མཁྱེན་བརྩེའི་རིམ་ལྔའི་ཁྲིད་ཡིག་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ཁ་འབྱེད་པའི་ལྡེ་མིག་མ་བུ། བསོད་གྲགས་པའི་གསང་འདུས་དོན་འགྲེལ་དང་། བསྐྱེད་རྫོགས་མཁས་པའི་ཡིད་འཕྲོག། ནོར་བཟང་པའི་གསང་འདུས་བསྐྱེད་རིམ་དོན་གསལ་སྒྲོན་མེ་དང་། རིམ་ལྔ་ཡང་གསལ་སྒྲོན་མེ། འཕགས་འོད་པའི་རིམ་ལྔ། ཆོས་ལྡན་རབ་འབྱོར་གྱི་གསང་འདུས་བསྐྱེད་རིམ་མཁས་གྲུབ་རྗེའི་གསུང་ཆོས་ལྡན་རབ་འབྱོར་གྱིས་ཟིན་བྲིས་མཛད་པའི་གསང་འདུས་རྫོགས་རིམ་ལམ་གྱི་དམིགས་ཕྱེད་ཅིང་གོ་བདེ་བར་བཀོད་པ། སྒྲུབ་ཐབས་རྣམ་བཤད་ཤཱཀྱ་བཤེས་གཉེན་གྱིས་མཛད་པ།
        དཔོན་སློབ་རིགས་གྲོལ་གྱི་གསང་འདུས་བསྐྱེད་རིམ། གཡེར་ཤོང་སྔགས་རམས་པས་གསང་འདུས་དཀྱིལ་ཆོག་རྣམ་བཤད་ལེགས་བཤད་བང་མཛོད། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་གསང་འདུས་བསྐྱེད་རིམ། འཇམ་དབྱངས་དགའ་བློའི་འདུས་པའི་བསྐྱེད་རྫོགས། སྣར་ཐང་སྨྲ་བའི་སེང་གེ་འདུས་པའི་བསྐྱེད་རྫོགས། རིན་ཆེན་དཔལ་བཟང་། དགའ་ལྡན་ཁྲི་པ་ཚ་རྡོར་བ་བློ་བཟང་དཔལ་འབར། རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན། སྟག་ཕུ་འོད་ཟེར་རྒྱ་མཚོ། རྗེ་དྲུང་དཀོན་མཆོག་ཉི་མ། བྲག་སྒོ་རབ་འབྱམས་པ། རྡོ་རྗེའི་འཛིན་པ་ཤཱཀྱ་རིན་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དངོས་སློབ་དབྱིག་ཀྱ་འཇམ་དབྱངས་དཔལ་ལྡན་རྣམས་ཀྱི་གསང་འདུས་མདུན་བསྐྱེད་ཊིཀྐ། ཁྲི་དཀོན་མཆོག་ཆོས་འཕེལ་བའི་འདུས་པའི་དབང་ཊིཀ། འབྲོང་རྩེ་ལྷ་བཙུན། ཨེ་པ་ཤེས་རབ་རྒྱལ་པོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། འཇམ་དབྱངས་དགའ་བློ། དྭགས་པོ་ངག་དབང་གྲགས་པ། ཁྲི་ཤེར་དར་ལེགས་པའི་བློ་གྲོས། རྒྱུད་ཆེན་བརྩོན་འགྲུས་འཕགས། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་རྣམས་ཀྱི་གསང་འདུས་སྨོན་ལམ་གྱི་ཊིཀྐ།

        ༈ བཅུ་པ་གཤིན་རྗེ་གཤེད་ཀྱི་སྐོར་ལ། རྭ་པོད། དཔལ་བོད། ཨོ་རྒྱན་གྱི་མཁན་པོ་པྲཛྙཱ་ཤཱནྟི་སྟེ་ཤེས་རབ་ཞི་བ་དང་། ལོ་ཙཱ་བ་པྲ་ཛྙཱ་ཀ་ར་སྟེ་ལོ་པཎ་གྱི་སློབ་མ་དྲུག། ཡང་སློབ་གསུམ་སོགས་ལས་ཉན་ཏེ་གདའི་བནྡེ་འཇམ་པའི་རྡོ་རྗེས་བསྒྲིགས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་པོ་ཏི་གཅིག་དཔེ་རིས་དང་བཅས་པ། ༣༡༢ སྐྱོ་ལུགས་ཀྱི་རྟོག་བདུན་གྱི་ཊིཀྐ་དང་རྟོག་གསུམ་གྱི་ཊིཀྐ། སྒྲུབ་དཀྱིལ། སྦྱིན་སྲེག། རབ་གནས་རྣམས་དང་། ཆོག་བསྒྲིགས་ཉམས་ཀྱི་ཞལ་གདམས་སོགས་མན་ངག་གི་ཡིག་སྣ་ཕྲ་མོ་ལྔ་བཅུ་ལྷག་ཡོད། ཞང་ལུགས་རྟོག་བདུན་གྱི་མཆན་དང་། དགྲ་ནག་གི་རྒྱུད་ཀྱི་མཆན་མི་འདྲ་བ་གཉིས། བསྡུས་དོན་དང་། གཅུང་རྡོ་རྗེ་རྩེ་མོའི་གཤིན་རྗེ་གཤེད་འབྱུང་བའི་ཊིཀྐ་དང་འཁོར་ལོའི་མན་ངག། གཙང་ཐང་འོད་པོའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག། ཞང་རིན་ཆེན་རྒྱལ་མཚན་གྱི་འཇིགས་བྱེད་ཀྱི་སྤྱི་དོན་ཞིང་ཁམས་སྣང་བ་སོགས་ཡིག་སྣ་མང་དུ་འདུག།
        གདོང་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་འཇིགས་མེད་གྲགས་པས་མཛད་པ། ས་ཆེན་ཀུན་སྙིང་གི་རྟོག་བདུན་ཊིཀྐ། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་འཇིགས་བྱེད་ཆོས་འབྱུང་། རྟོག་བདུན་རྣམ་བཤད་རྡོ་རྗེའི་ཚིག་གི་མདུད་འགྲོལ། རྟོག་གསུམ་ཊིཀྐ་དྲི་མེད་སྣང་བ། འཇིགས་བྱེད་བཅུ་གསུམ་མའི་མངོན་རྟོགས། དབང་ཆོག། ལྷ་དགུའི་སྒྲུབ་ཐབས། ཞལ་གསུམ་ཕྱག་དྲུག་པའི་མངོན་རྟོགས། འཇིགས་བྱེད་ཞི་བ་ལྷ་ཞེ་དགུ་དང་། དྲག་པོ་ལྷ་ཞེ་དགུའི་མངོན་རྟོགས། འཇིགས་བྱེད་ཀྱི་སྦྱིན་སྲེག། དྲུག་ཅུ་པའི་གཏོར་མའི་ཆོ་ག། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས། བསད་པའི་མན་ངག། ཆོས་རྒྱལ་ཁྲག་མདོག་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ། ཤོག་དྲིལ་གསུམ་གྱི་གདམས་པ་སོགས་དང་། ལྡོང་སྟོན་ཤེས་རབ་དཔལ་གྱི་འཇིགས་བྱེད་ལས་ཚོགས། འཁྲུལ་འཁོར་ཡིག་ཆུང་དུས་འཁོར་གྱི་དགྲ་གྲོགས་ཀྱི་མན་ངག་ཅན་སོགས་དང་། འཇིགས་བྱེད་ཀྱི་ལས་སྒྲུབ་པ་སོག་ཚ་ཆོས་དཔལ་གྱིས་མཛད་པ། བུ་སྟོན་གྱི་འཇིགས་བྱེད་ཀྱི་དཀྱིལ་ཆོག་སྙིང་པོར་བསྡུས་པ། ཞྭ་ལུ་བ་སྐྱོ་སྟོན་རིག་འཛིན་རྒྱལ་པོའི་རྟོག་བདུན་གྱི་ཊིཀྐ། འཇིགས་བྱེད་བསྐྱེད་རྫོགས་ཀྱི་བཤད་པ། རྫོགས་རིམ་གྱི་དམིགས་ཁྲིད། འབྲོག་སྒང་པ་དོན་གྲུབ་རྒྱལ་མཚན་གྱི་འཇིགས་བྱེད་ཀྱི་ཡིག་ཆ་སོགས་ཐོར་བུ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཟུར་དགུ་པའི་དྲུག་ཅུ་པའི་ཆོ་ག་བདུད་སྡེ་འཇོམས་པ། དྲུག་ཅུ་པའི་ཞལ་ཤེས་བསོད་ནམས་རྒྱལ་མཚན་གྱི་གསུང་རྒྱུན། ཡེ་ཤེས་རྒྱ་མཚོའི་དབྱུ་གུའི་རྣམ་གཞག།
        ཡུམ་རོ་ལངས་མས་ལཱ་ལི་ཏ་ལ་དངོས་སུ་གནང་བའི་རྭ་ཁྲིད་མཁའ་འགྲོ་སྙན་རྒྱུད་ཀྱི་རྩ་བ། དེའི་གསལ་བྱེད་ཡིག་རྙིང་། འཇམ་དབྱངས་མཁྱེན་བརྩེའི་རྭ་ཁྲིད་འཇམ་དཔལ་ཁྲོས་པའི་ཞལ་ལུང་སྙིང་གི་ཟུངས་ཁྲག་མཁའ་འགྲོའི་ཞལ་རླངས་ཅན། རྭ་ལོའི་ལྷ་བཅུ་གསུམ་མའི་མངོན་རྟོགས་ཡིད་བཞིན་གཏེར་མཛོད་ཀྱི་ལྷན་ཐབས་ཉི་གཞོན་གསར་པའི་དགའ་སྟོན་ཚར་ཆེན་གྱིས་མཛད་པ། འཇམ་དབྱངས་མཁྱེན་བརྩེའི་ངག་འདོན་བྲེང་ཆགས་ནག་པོ་འགྲོ་ཤེས་དང་། འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་རྗེས་ཆོག། རྟ་ར་པ་བསོད་ནམས་ཆོས་འཕེལ་གྱི་དབང་ཆོག་མཐོང་བ་དོན་ལྡན། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་འཇིགས་བྱེད་བསྐྱེད་རིམ་བདུད་རྩིའི་བུམ་བཟང་། འཇིགས་བྱེད་དབང་གི་ཆོ་གའི་དཀའ་གནད་ལས་བརྩམས་ཏེ་དྲི་བའི་རང་ལན་སྙིང་པོ་མཛུབ་ཚུགས། ༡༦ རྭ་ལུགས་ཀྱི་དབང་ཆོག་ལས་བརྩམས་པའི་དྲི་བ་རྟོག་དཔྱོད་སྤྲིན་གྱི་རྔ་གསང་། དེའི་རང་ལན་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན་ལེགས་བཤད་ཁུ་བྱུག་གི་སྒྲ་དབྱངས་གསར་བ།
        ཉན་པོ་ཤཱཀྱ་རྒྱལ་མཚན་གྱི་དམར་ནག་འཇིགས་གསུམ་གྱི་བསྐྱེད་རྫོགས་ལེགས་བཤད་མི་ཟད་པའི་གཏེར་མཛོད། འབྲོང་རྩེའི་འཇིགས་བྱེད་བསྐྱེད་རྫོགས། ཆོས་ལྡན་རབ་འབྱོར་གྱི་འཇིགས་བྱེད་བསྐྱེད་རིམ་དང་། རྫོགས་རིམ་རྣལ་འབྱོར་བཞིའི་ཟིན་བྲིས། རྗེའི་དངོས་སློབ་ཡེ་ཤེས་གྲགས་པའི་གསུང་རྒྱུན་བྱང་སྟོན་དགེ་འདུན་མགོན་པོའི་འཇིགས་བྱེད་བསྐྱེད་རིམ། གནས་བརྟན་ཆོས་སྐྱོང་དཔལ་གྱི་འཇིགས་བྱེད་བསྐྱེད་རིམ། འཇིགས་བྱེད་རྫོགས་རིམ་མན་ངག་ཀུན་བཟང་པས་མཛད་པ། བློ་གྲོས་ཆོས་སྐྱོང་གི་འཇིགས་བྱེད་རྫོགས་རིམ། རྟ་ཞལ་བ་བྱམས་པ་དཔལ་བཟང་གི་འཇིགས་བྱེད་བསྐྱེད་རིམ་བགེགས་དཔུང་ཚར་གཅོད། འཇིགས་བྱེད་བསྐྱེད་རིམ་ལྷ་བཙུན་མ་ཎི་པའི་ཟིན་བྲིས། རྫོགས་རིམ་ལག་རྗེས་མཁས་བཙུན་ཡོན་ཏན་རྒྱ་མཚོས་མཛད་པ། རིམ་པ་དང་པོའི་ཉེར་མཁོའི་ཟིན་བྲིས་སུ་དྷཱི་མཉྫུ་ཤྲཱིས་མཛད་པ། འདར་སྟོན་བློ་བཟང་གྲགས་པའི་འཇིགས་བྱེད་བསྐྱེད་རིམ། བྱང་རྩེ་ཁྲི་བྱམས་པ་རྒྱ་མཚོའི་འཇིགས་བྱེད་སྨོན་ལམ་གྱི་ཊིཀྐ་དང་སྦྱར་བའི་བསྐྱེད་རྫོགས། ཁྲི་བློ་བཟང་དར་རྒྱས་ཀྱི་འཇིགས་བྱེད་བསྐྱེད་རྫོགས། འཇིགས་བྱེད་ཀྱི་རིམ་པ་དང་པོའི་ལམ་ལ་སློབ་ཚུལ་ཁྲི་ངག་དབང་བློ་གྲོས་རྒྱ་མཚོའི་གསུང་རྒྱུན། འཇིགས་བྱེད་བསྐྱེད་རིམ་ཁྲི་སྟག་ལུང་བྲག་པའི་གསུང་དྭགས་པོ་བསོད་ནམས་ཉི་མས་ཟིན་བྲིས་བྱས་པ། སྟག་ལུང་བྲག་པའི་འཇིགས་བྱེད་བསྙེན་ཡིག།
        སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་གཏམ་རྒྱུད་ཀྱི་རྟོག་པའི་ཊིཀྐ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་ལེགས་བཤད་ནོར་བུའི་ཕྲེང་བ། བཅུ་ཆའི་སྦྱིན་སྲེག། བ་སོ་ཆོས་རྒྱན་གྱི་འཇིགས་བྱེད་རྫོགས་རིམ། ཆོས་གཉེར་གྲགས་པའི་འཇིགས་བྱེད་རྫོགས་རིམ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་དངོས་སློབ་ཉག་རི་སྤྲུལ་སྐུ་བློ་བཟང་བསྟན་པའི་འཇིགས་བྱེད་བསྐྱེད་རིམ། འཇམ་དབྱངས་བཞད་པའི་གསུང་དྲུང་ཡིག་པ་ཀུན་ལེགས་ཀྱིས་ཟིན་བྲིས་འཇིགས་བྱེད་བསྐྱེད་རིམ། ཡོངས་འཛིན་བློ་བཟང་བཟོད་པའི་འཇིགས་བྱེད་བསྐྱེད་རིམ། སྔགས་ཆེན་དམ་ཆོས་དཔལ་འབྱོར་གྱི་འཇིགས་བྱེད་བསྐྱེད་རིམ། དཔོན་སློབ་བློབ་བཟང་རིགས་གྲོལ་གྱི་འཇིགས་བྱེད་བསྐྱེད་རྫོགས། ཆུ་བཟང་རྣམ་རྒྱལ་དཔལ་བཟང་གི་འཇིགས་བྱེད་རྫོགས་རིམ། རིམ་པ་དང་པོའི་དམར་ཁྲིད་ཐོས་བསམ་གླིང་སློབ་དཔོན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་རྒྱུན། ཅུན་གར་བློ་བཟང་ཕུན་ཚོགས་ཀྱི་འཇིགས་བྱེད་བསྐྱེད་རིམ། ༨༡ འཇིགས་བྱེད་རྫོགས་རིམ་ངག་བཟང་གིས་མཛད་པ། ༡༡༠ རྫོགས་རིམ་བརྩོན་འགྲུས་རྒྱལ་མཚན་སོགས་ཀྱི་ཟིན་བྲིས། འཇིགས་བྱེད་བསྐྱེད་རིམ་གྱི་བཤད་པ་དགོངས་པ་ཀུན་གསལ་དགེ་སློང་བསྟན་པ་རྒྱལ་མཚན་གྱིས་མཛད་པ།
        གཡེར་གཤོང་སྔགས་རམས་པའི་འཇིགས་བྱེད་བསྐྱེད་རྫོགས། བཀའ་འགྱུར་བ་བློ་བཟང་ཉི་མའི་འཇིགས་བྱེད་བསྐྱེད་རིམ། ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་གསུང་པར་དུ་མ་འཁོད་པ་འཇམ་དབྱངས་དཀར་པོའི་ཞི་ཁྲོ་སྦྲགས་སྒྲུབ། བདུད་རྩི་རིལ་བུ་སྒྲུབ་ཆོག། ལྕགས་མཁར་ཟིན་བྲིས། ཤེར་འབྱུང་བློ་གྲོས་ཀྱི་ཆོས་རྒྱལ་བསྙེན་སྒྲུབ། དེ་མོ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་ཆོས་རྒྱལ་བསྙེན་ཡིག་ལེ་ཚན། ལས་བཞིའི་འཁྲུལ་འཁོར་དང་། ལྕགས་མཁར་གྱི་འདོན་འགྲིག། འཇམ་དབྱངས་གྲགས་པའི་འཇིགས་བྱེད་བསྙེན་ཡིག་དང་། ཟུར་དགུ་པའི་འདོན་འགྲིག། ཁྲི་ཡང་སྟེང་པའི་འཇིགས་བྱེད་དྲག་པོའི་སྦྱིན་སྲེག། སྲིད་གསུམ་རྣམ་རྒྱལ་གྱི་ཟུར་འདེབས། མགོན་ཆོས་ཀྱི་གློ་བུར་ལས་བཅོལ། དེ་མོ་འཇམ་དཔལ་བདེ་ལེགས་རྒྱ་མཚོའི་སྲིད་གསུམ་རྣམ་རྒྱལ་གྱི་ཟུར་འདེབས། ཁྲི་ངག་དབང་མཆོག་ལྡན་གྱི་འཇིགས་བྱེད་དྲག་པོའི་སྦྱིན་སྲེག་འཇིགས་རུང་མེའི་སྤུ་གྲི། ཐོ་ཡོན་དར་རྒྱས་ཀྱི་ཞྭ་ལུའི་རྩ་ཚིག་གི་འགྲེལ་བ་བརྗེད་བྱང་རྡོ་རྗེའི་རི་མོ་ལེ་ཚན། འཁྲུལ་སྤོང་ལས་བཞིའི་འཁྲུལ་འཁོར་གྱི་ཆོ་ག་དང་བཅས་པ། མར་མེའི་ཡིག་ཆུང་། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་མཆན་རྒྱས་པ། ཁྲོ་བཅུའི་ཆོ་ག་ཆེན་མོ་དང་སྦྱིན་སྲེག། མཁས་གྲུབ་རྡོ་རྗེ་བཟང་པོ་དང་། བསམ་སྒང་བའི་འཇིགས་བྱེད་དཔའ་གཅིག་གི་ཆོ་ག། དགའ་ལྡན་དཔོན་སློབ་ཡེ་ཤེས་སྐལ་བཟང་གི་འཁྲུལ་འཁོར་ཟུར་འདེབས། པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་དྲུག་ཅུ་བའི་ཕྱག་ལེན། བྲག་དཀར་སྔགས་རམས་པའི་འཁྲུལ་འཁོར་ཟུར་འདེབས། ཆོས་རྒྱལ་ཕྱི་ནང་སྦྲགས་སྒྲུབ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པ།
        ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནའི་རྣལ་འབྱོར་བཞིའི་ཁྲིད་ཡིག་ལཱ་ལྀ་ཏའི་ཁྲོད་དོན་གསལ་བྱེད། བུ་སྟོན་གྱི་གཤེད་དམར་ལྷ་ལྔའི་མངོན་རྟོགས་གཤིན་རྗེ་ཀུན་འཇོམས། དེའི་དཀྱིལ་ཆོག་སྙིང་པོ་བདེ་འཇུག། འོད་གསལ་འཆར་བའི་བྱིན་རླབས། གཤེད་དམར་གྱི་སྦྱིན་སྲེག། གཤིན་རྗེ་གཤེད་ཀྱི་གཏོར་མ་དྲུག་བཅུ་རྩ་བཞི་པའི་ཆོ་ག། གཤེད་དམར་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། གཤེད་དམར་བཅུ་གསུམ་མའི་དཀྱིལ་ཆོག་དེ་ཉིད་གསལ་བ། གཤེད་དམར་རྫོགས་རིམ་རྣལ་འབྱོར་བཞིའི་གསལ་བྱེད། མཆོད་ཕྲེང་མཆོད་སྤྲིན་མཐའ་ཡས། ཆོས་རྒྱལ་འཕགས་པའི་དགྲ་ནག་དང་གཤེད་དམར་གྱི་སྒྲུབ་ཐབས་རྒྱས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གཤེད་དམར་ལྷ་ལྔའི་ཆོ་ག། ཚར་བའི་གསུང་ལ་འཇམ་དབྱངས་མཁྱེན་བརྩེས་ཟིན་བྲིས་མཛད་པའི་གཤེད་དམར་ལྷ་ལྔའི་བསྐྱེད་རིམ་གྱི་རྣམ་བཤད་ཟབ་ལམ་ཐུན་གཅིག་གི་དབྱིངས་སུ་སྦྱོང་བ་བླ་མའི་ཐུགས་བཅུད། གཤེད་དམར་སྤྲོས་མེད་ཀྱི་ཁྲིད་ཡིག། ཚར་ཆེན་གྱི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ཡེ་ཤེས་གསལ་བའི་སྒྲོན་མེ། གཤེད་དམར་ལྷ་ལྔའི་ཆོས་ཚན། ལྔ་པ་ཆེན་པོའི་གཤེད་དམར་ལྷ་ལྔའི་ཆོ་ག་དང་དཀྱིལ་ཆོག། ཆོས་རྗེ་དཔོན་རྒྱལ་བའི་ལྷན་ཐབས། སྒྲ་ཚད་པའི་དགྲ་ནག་མངོན་རྟོགས། བུའི་དཀྱིལ་ཆོག། བྱང་གླིང་རྗེའི་ལྷན་ཐབས། ཏཱ་ར་ནཱ་ཐ་སོགས་ཀྱི་དམར་ནག་འཇིགས་གསུམ་གྱི་སྐོར་མང་ཡང་མ་བྲིས་སོ། །

        ༈ བཅུ་གཅིག་པ་བདེ་མཆོག་གི་སྐོར་ལ། མར་དོ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གི་བདེ་མཆོག་རྩ་རྒྱུད་ཀྱི་བསྡུས་དོན་དང་ཊིཀྐ་རྒྱས་པ། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་བསྡུས་དོན་དང་ཊིཀ་ཆེན། གཉན་ཕུལ་བྱུང་གི་བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ། ཅོག་རོ་ཆོས་ཀྱི་རྒྱལ་མཚན་གྱི་བདེ་མཆོག་རྒྱུད་ཊིཀ། ས་ཆེན་ཀུན་སྙིང་གིས་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་གནང་བ་ཕྲུ་ལུང་བསོད་ནམས་རྡོ་རྗེས་ཟིན་བྲིས་བྱས་པ་རས་ཆེན་གྱི་ཊིཀྐར་གྲགས་པ། སྒམ་པོ་པའི་སློབ་མ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཀྱི་བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ། ཀུན་སྤྱོད་ཀྱི་ཊིཀྐ། བདེ་མཆོག་བསྐྱེད་རིམ། དྲིལ་བུ་རིམ་ལྔའི་འགྲེལ་བ། བུ་སྟོན་གྱི་བདེ་མཆོག་ཆོས་འབྱུང་། བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་དང་བསྡུས་དོན། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་ཊིཀྐ། སམ་བུ་ཊའི་ཊིཀྐ་དང་བསྡུས་དོན། ལཱུ་ཨི་བའི་སྒྲུབ་ཐབས་རྣལ་འབྱོར་བཞི་ལྡན། དཀྱིལ་ཆོག་དེ་ཁོ་ན་ཉིད་གསལ་བར་འཇུག་པ། སྦྱིན་སྲེག་འཕྲིན་ལས་ཀུན་འགྲུབ། དྲིལ་བུ་ལུས་དཀྱིལ་གྱི་སྒྲུབ་དཀྱིལ། ནག་པོ་པའི་མངོན་རྟོགས་འཁྲུལ་བའི་དྲི་བྲལ། ནག་པོ་པོའི་སྒྲུབ་ཐབས་ཀྱི་ཊིཀྐ་འཁྲུལ་སྤོང་། མཆོད་ཕྲེང་། ས་ཆེན་གྱི་ནག་པོ་པའི་དཀྱིལ་ཆོག་གི་ཐོ་ཡིག། ནག་པོ་དཀྱིལ་ཆོག་གི་ས་བཅད། ནག་པོ་པའི་དཀྱིལ་ཆོག། སྟག་ཚལ་བ་རིན་ཆེན་དབང་ཕྱུག་གི་བདེ་མཆོག་ནག་པོ་པའི་དཀྱིལ་ཆོག།
        གོ་རམས་པ་དང་། ཞྭ་ལུ་པ་སངས་རྒྱས་དཔལ་བཟང་གི་བདེ་མཆོག་ནག་པོ་པའི་མངོན་རྟོགས། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་དཀྱིལ་ཆོག་གི་གསལ་བྱེད། སྔགས་འཆང་ཀུན་དགའ་བསོད་ནམས་ཀྱི་བདེ་མཆོག་ནག་པོའི་མངོན་རྟོགས་དང་བདག་འཇུག། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་དེའི་མཚམས་སྦྱོར། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བདེ་མཆོག་ནག་པོ་པའི་སྒྲུབ་དཀྱིལ། ཤར་ཆེན་ཡེ་ཤེས་རྒྱ་མཚོའི་བདེ་མཆོག་ལཱུ་ཨི་པའི་ལྷན་ཐབས་དང་། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་ཡིད་བཞིན་ནོར་བུའི་དགོངས་པ་གསལ་བྱེད། དེའི་དཀྱིལ་ཆོག། ཞྭ་ལུ་ལོ་ཙཱ་བའི་བདེ་མཆོག་ལུས་དཀྱིལ་གྱི་ཆོ་ག། དཔའ་བོ་གཙུག་ལག་ཕྲེང་བའི་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་རྣམ་བཤད་པོ་ཏི་གཅིག། མཁྱེན་རབ་ཆོས་རྗེའི་བདེ་མཆོག་ལཱུ་ཨི་པ་དང་། ལུས་དཀྱིལ་གྱི་ལྷན་ཐབས། ངོར་བའི་གསོལ་དཔོན་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་བདེ་མཆོག་བོང་ཞལ་ཅན་ལྷ་སོ་བདུན་གྱི་མངོན་རྟོགས་འཕྲིན་ལས་མཐའ་ཡས་དང་། དཀྱིལ་ཆོག་བདུད་རྩི་གངྒཱའི་ཆུ་རྒྱུན། ཁམས་སྟོན་ཀུན་དགའ་ཆོས་འཕེལ་གྱི་དེའི་མཚམས་སྦྱོར། ཆིངས་སུ་ཅུག་ཐུ་ནོ་མོ་ཧན་བློ་བཟང་ནོར་བུ་ཤེས་རབ་དང་། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི་བོང་ཞལ་ཅན་གྱི་སྒྲུབ་དཀྱིལ།
        བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བདེ་མཆོག་རིམ་ལྔའི་ཁྲིད་ཡིག་ཆེན་མོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བདེ་མཆོག་ལཱུ་དྲིལ་གཉིས་ཀྱི་མངོན་རྟོགས། ངོར་བ་ཀུན་བཟང་གི་བདེ་མཆོག་དཀར་པོའི་སྒྲུབ་ཐབས་དང་། བྱིན་རླབས་ཀྱི་ཡི་གེ། དབང་ཕྱུག་རབ་བརྟན་གྱི་དེའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་བྱང་ཆུབ་སྒྲུབ་པའི་ཉེ་ལམ་གྲུབ་པའི་ཞལ་ལུང་། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་བདེ་མཆོག་བསྐྱེད་རྫོགས། རྒྱ་ར་ཆོས་སྐྱོང་རྒྱ་མཚོའི་བདེ་མཆོག་བསྐྱེད་རིམ་འདོད་འཇོའི་ཡང་སྙིང་། ལཱུ་ཨི་པའི་རྫོགས་རིམ་བྱང་ཆུབ་བློ་ལྡན་གྱིས་ཟིན་བྲིས་བྱས་པ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོའི་བདེ་མཆོག་གི་ཟབ་དོན་རྣམ་བཤད་དགའ་སྐྲག་བསྐྱེད་པ་རྒྱས་བསྡུས་གཉིས། ཆོས་ལྡན་རབ་འབྱོར་གྱི་བདེ་མཆོག་བསྐྱེད་རིམ། བདེ་མཆོག་རྫོགས་རིམ་མགོན་པོའི་མིང་ཅན་གྱི་ཟིན་བྲིས་མ། འཇམ་དབྱངས་བདེ་བའི་རྡོ་རྗེའི་བདེ་མཆོག་ལཱུ་ཨི་པའི་བསྐྱེད་རིམ་མཁའ་འགྲོའི་གསང་མཛོད་དང་། རྫོགས་རིམ་ཟིན་བྲིས་ཉུང་ངུ་། སྲད་རྒྱུད་སངས་རྒྱས་རྒྱ་མཚོའི་བདེ་མཆོག་བསྐྱེད་རྫོགས་གཉིས། རྗེ་རིན་པོ་ཆེས་འོན་གྱི་བཀྲ་ཤིས་གདོད་ཁར་ནཱ་རོ་ཆོས་དྲུག་གི་ཁྲིད་གནང་བ་ཡིད་བཟང་རྩེ་བས་ཟིན་བྲིས་མཛད་པ། རྒྱ་ར་ཆོས་སྐྱོང་རྒྱ་མཚོའི་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག།
        འཇམ་དབྱངས་དགའ་བློ། དམ་ཆོས་ཡར་འཕེལ། ཤེར་དར་ལེགས་པའི་བློ་གྲོས། ར་རོང་ངག་དབང་ཆོས་གྲགས་རྣམས་ཀྱི་བདེ་མཆོག་སྨོན་ལམ་གྱི་ཊིཀྐ། བདེ་མཆོག་བསྐྱེད་རིམ་བརྩོན་འགྲུས་འཕགས་ཀྱི་ཟིན་བྲིས། ལྷ་རི་བ་ཡོན་ཏན་རྒྱ་མཚོའི་གསུང་ཟིན་བྲིས་བདེ་མཆོག་དབང་བཤད། ཡེར་བ་ཕུན་ཚོགས་རྒྱ་མཚོའི་དྲིལ་བུ་ལུགས་ཀྱི་བསྐྱེད་རྫོགས། དྭགས་པོ་དོན་གྲུབ་དབང་རྒྱལ་གྱི་བདེ་མཆོག་རྫོགས་རིམ་ཟིན་བྲིས། འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་གདན་རབས་གཉིས་པ་འཕྱོང་རྒྱས་དཀའ་བཅུ་ཆོས་འཕེལ་རྒྱལ་མཚན་གྱི་བདེ་མཆོག་བསྐྱེད་རྫོགས། བྱང་ཆུབ་བློ་ལྡན་གྱི་ནི་གུ་ཆོས་དྲུག་གི་ཟིན་བྲིས། འཕགས་འོད་ཡོན་ཏན་རྒྱ་མཚོའི་བདེ་མཆོག་ནག་པོ་པའི་སྒྲུབ་དཀྱིལ། ཐང་སྟོན་རྡོ་རྗེ་བཟང་པོའི་བདེ་མཆོག་ནག་པོ་པའི་ཆོ་ག་བདེ་ཆེན་སྒྲོན་མེ། ལྕེ་སྟོན་ཀུན་དགའ་བཟང་པོའི་དྲིལ་བུ་ལུས་དཀྱིལ་གྱི་དཀྱིལ་ཆོག་དང་། དྲིལ་བུ་རིམ་ལྔའི་ཁྲིད་ཡིག། གྲགས་བཟང་པའི་བདེ་མཆོག་བསྐྱེད་རིམ། ཤེར་བཟང་བའི་དྲིལ་བུ་ལུགས་ཀྱི་བསྐྱེད་རིམ། བདེ་མཆོག་བསྐྱེད་རིམ་ཐོན་པ་ཡོན་ཏན་རྒྱ་མཚོའི་གསུང་ལ་དགེ་བསྙེན་དཔལ་འབྱོར་རྒྱལ་པོས་ཟིན་བྲིས་མཛད་པ།
        རྫོགས་རིམ་གྱི་རྐང་གྲངས་པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་མཛད་པ་རྣམས་སོ། །ཞར་བྱུང་ཙམ་དུ་མཁན་ཆེན་ངག་དབང་གྲགས་ཀྱི་བདེ་མཆོག་དྲིས་ལན། སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་ཆོས་དྲུག་ཆེན་མོ་འོད་ཟེར་སྟོང་འབར། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་ནཱ་རོ་ཆོས་དྲུག་གསང་ཆེན་གྱི་དེ་ཉིད་གསལ་བ། འབྲི་གུང་ཆོས་གྲགས་ཀྱི་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་ནཱ་རོའི་ཞལ་ལུང་། རྒྱལ་མཚན་འབུམ་པའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ནི་གུ་ཆོས་དྲུག་གི་ཉམས་ལེན་སྙིང་བོ་དྲིལ་བ། འགྲོ་མགོན་སངས་རྒྱས་སྟོན་པའི་སྲས་ཀྱི་ཐུ་བོ་མཁས་གྲུབ་གཞོན་ནུ་གྲུབ་ཀྱི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག། མཁས་བཙུན་རྒྱལ་མཚན་འབུམ་གྱི་ཤངས་སྟོན་ཚུལ་ཁྲིམས་མགོན་པོའི་གསུང་བཞིན་བསྡེབས་པ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག། གསེར་གླིང་པ་བཀྲ་ཤིས་དཔལ་གྱི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག། འཇག་ཆེན་བྱམས་པ་དཔལ་བཟང་གི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག། བསམ་སྡིངས་པའི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག། ཁྱུང་པོས་ཟུར་དུ་བཀོལ་བའི་སྒྱུ་ལུས་སྟན་ཐོག་གཅིག་མའི་ཁྲིད་ཡིག་རྒྱལ་མཚན་འབུམ་གྱི་མཛད་པ། རྨོག་ལྕོག་པའི་རིན་ཆེན་འོད་ཕྲེང་། སངས་རྒྱས་སྟོན་པའི་ལམ་དྲི་མེད་འོད་ཕྲེང་དང་། ཉམས་མྱོང་ཡོན་ཏན་རྒྱ་མཚོ་རྣམས་ལ་བསྲེ་པའི་ཟབ་ཁྲིད་རྣམ་བཞི་ཟེར་རོ། །བདེ་མཆོག་སྙན་བརྒྱུད་ཀྱི་ཆོས་སྐོར་དང་། ཤངས་པའི་ཆོས་དྲུག་གི་ཡིག་སྣའི་སྐོར་མང་བས་མ་བྲིས་སོ། །

        ༈ བཅུ་གཉིས་པ་དུས་འཁོར་སྐོར་ལ། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱི་དུས་འཁོར་ཆོས་འབྱུང་དཔག་བསམ་སྙེ་མ་དང་། ཤམ་བྷ་ལའི་ཞིང་བཀོད། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་རིགས་ལྡན་ཞིང་ཁམས་རྒྱ་མཚོའི་དཀར་ཆག། སྲས་དྷརྨེ་ཤྭ་རའི་རོ་བཅུད་སྟོང་ཐུན་དང་། འགྲོ་བའི་བླ་མ་གོང་མའི་གསུང་སྒྲོས་བསྒྲིགས་པ་འོད་ཟེར་ཕྲེང་བ། དོལ་པོ་ཤེར་རྒྱམ་གྱི་དྲི་མེད་འོད་ཀྱི་བསྡུས་དོན་དང་མཆན་འགྲེལ། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་སྒྲུབ་ཐབས་རྒྱས་པ་དཔག་བསམ་ལྗོན་ཤིང་། ཐུགས་དཀྱིལ་བསྡུས་པ། དུས་འཁོར་དབང་ཆོག་ཡེ་ཤེས་རྒྱ་མཚོ། བསྟོད་པ། མངའ་རིས་པ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་འགྲེལ་ཆེན་མཆན་དང་། སྦྱོར་དྲུག་གི་ཁྲིད་ཡིག། དུས་འཁོར་རྩ་འཁོར་གྱི་དཔེ་རིས། དེའི་སློབ་མ་བསོད་ནམས་ཀྱི་དུས་འཁོར་སྒྲུབ་དཀྱིལ། དེའི་སློབ་མ་དཀའ་བཅུ་པདྨ་བཟང་པོའི་དུས་འཁོར་ཊིཀ་ཆེན། དོལ་པོའི་སློབ་མ་འཇམ་དབྱངས་ཆོས་ཀྱི་མགོན་པོའི་དུས་འཁོར་འགྲེལ་ཆེན་གྱི་མཆན། འབྲི་གུང་ཆོས་མགོན་གྱི་དྲི་མེད་འོད་ཀྱི་བསྡུས་དོན། དེའི་སློབ་མ་རྒྱལ་མཚན་བཟང་པོའི་དུས་འཁོར་མངོན་རྟོགས་ཚིགས་བཅད་མ།
        བུ་སྟོན་གྱི་བསྡུས་རྒྱུད་དང་དྲི་མེད་འོད་ཀྱི་མཆན། དུས་འཁོར་ཆོས་འབྱུང་རྒྱུད་ཀྱི་སྔོན་འགྲོ་གསལ་བྱེད། རྒྱུད་འགྲེལ་གྱི་ས་བཅད། མདོར་བསྡུས་དང་པོའི་ཊིཀྐ་སྣང་བའི་འོད་ཟེར། བཤད་ཐབས་ཀྱི་ཡན་ལག་ངེས་པ་དོན་གྱི་སྙེ་མ། རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད། རྒྱུད་ལས་བཏུས་པའི་ལྔ་བསྡུས་སྒྲ་གཅན་དང་བཅས་པ། གཟའ་ལྔའི་རྩིས་གཞི། གཟའ་ལྔའི་ཐབས། སྒྲ་རིགས་མཁས་པའི་རྒྱན། དཀྱིལ་འཁོར་དང་སྦྱིན་སྲེག་གི་ཐབ་བཅུའི་ཐིག་རྩ། ཉེ་བརྒྱུད་ཀྱི་བླ་མའི་གསོལ་འདེབས། འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས། དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྟོད་པ་འདོད་པའི་དོན་གྲུབ། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དངོས་གྲུབ་འདོད་འཇོ། དཀྱིལ་ཆོག་ཡོན་ཏན་ཀུན་འབྱུང་། དབང་གོང་ཆེན་གྱི་ཆོ་ག་དབང་དོན་རབ་གསལ། ཐུགས་དཀྱིལ་སོགས་ཀྱི་སྒྲུབ་ཐབས་དཔག་བསམ་སྙེ་མ། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རིན་ཆེན་སྙིང་པོ། དཀྱིལ་འཁོར་གྱི་ཁོར་ཡུག་གི་ལྷ་འགོད་ཚུལ། དུས་འཁོར་གྱི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་འཕྲིན་ལས་ཀུན་འབྱུང་། ཞི་པའི་སྦྱིན་སྲེག་སྡུག་བསྔལ་ཞི་བྱེད། མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ། ལྷ་མོ་བཅུ་གཉིས་ཀྱི་མཆོད་གར། དུས་ཐ་མའི་ཆོ་ག་ངན་འགྲོ་རྣམ་འཇོམས། དུས་འཁོར་རབ་གནས་ཀྱི་ཆོ་ག་བཀྲ་ཤིས་དཔལ་འབར། རྐང་པ་བཅུ་དྲུག་པ་དང་། བདུན་ཅུ་རྩ་གཉིས་པ་གར་ཐབས་སུ་སྦྱར་བ། རྐང་སྟབས་ཀྱི་ཟིན་བྲིས། དུས་འཁོར་གྱི་རྫོགས་རིམ་སྟོན་པ་དབང་མདོར་བསྟན་གྱི་ཊིཀྐ། དེའི་ས་བཅད་ཁྲིད་ཀྱི་སྔོན་འགྲོ། དུས་འཁོར་གྱི་རྫོགས་རིམ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཁྲིད་ཡིག། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གསལ་བ། ངོ་སྤྲོད་རྒྱུད་གསུམ་གྱི་དབང་གཏན་ལ་དབབ་པ་གཅེར་མཐོང་ངོ་ཤེས་རྣམས་སོ། །
        བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དུས་འཁོར་འགྲེལ་བཤད་ཆེན་མོ། དེའི་ས་བཅད། དུས་འཁོར་ཆོས་འབྱུང་། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྒྲུབ་དཀྱིལ་དང་། ཐུགས་དཀྱིལ། བསྲུང་འཁོར། སྦྱོར་དྲུག་གི་ཁྲིད་ཡིག། ངོ་སྤྲོད་ཆེན་མོ། བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་དུས་འཁོར་རྣམ་བཤད་ཆེན་མོ་པོ་ཏི་བདུན། ཁྲིམས་ཁང་ལོ་ཙཱ་བསོད་ནམས་རྒྱལ་མཚོའི་དུས་འཁོར་ལེའུ་དང་པོ་གཉིས་ཀྱི་འགྲེལ་བཤད། རྡོ་རྗེ་སྙིང་འགྲེལ་དང་ཕྱག་རྡོར་སྟོད་འགྲེལ་གྱི་དཀའ་འགྲེལ། སྦྱོར་དྲུག་གི་ཁྲིད་ཡིག། འགོས་ལོ་གཞོན་ནུ་དཔལ་གྱི་དུས་འཁོར་རྒྱུད་འགྲེལ། སྦྱོར་དྲུག་གི་ཁྲིད་ཡིག་སོགས་མན་ངག་གི་སྐོར། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་པའི་དུས་འཁོར་སྐོར། ཞྭ་ལུ་བ་རྩེ་ཆེན་དཔོན་པོ་རྒྱལ་མཚན་བཟང་པོའི་དུས་འཁོར་ཞི་རྒྱས་ཀྱི་སྦྱིན་སྲེག། དབང་གོང་མའི་ལྷན་ཐབས། ཤར་ཆེན་ཡེ་ཤེས་རྒྱ་མཚོའི་དུས་འཁོར་སྒྲུབ་དཀྱིལ་ལ་ཉེ་བར་མཁོ་བའི་ཟིན་བྲིས། ཇོ་གདན་མཁན་ཆེན་ཆོས་དཔལ་བཟང་བོའི་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་དང་། དེའི་མན་ངག། སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གི་དུས་འཁོར་སྐོར་འགའ།
        ཀུན་སྤང་པ་ཞང་ཐུགས་རྗེའི་བརྩོན་འགྲུས་ཀྱིས་སྦྱོར་དྲུག་གི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ནས་ཁྲིད་ཡིག་རྒྱས་པར་མཛད་པ་བོད་དུ་སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བརྩམས་པའི་ཐོག་མ་ཡིན་པར་བཤད། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྒྲུབ་ཐབས། ཐུགས་དཀྱིལ་གྱི་སྒྲུབ་ཐབས། དུས་འཁོར་ལྷན་སྐྱེས་དང་། སྡོམ་ཆེན་ཀྱི་སྒྲུབ་ཐབས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་དུས་འཁོར་སྤྱི་དོན་བསྟན་པའི་རྒྱ་མཚོ། སྦྱོར་དྲུག་གི་གེགས་སེལ་རྣམ་གྲོལ་རོལ་མོ་ཆེ། མགོན་པོ་བསོད་ནམས་མཆོག་ལྡན་གྱི་དུས་འཁོར་མངོན་དཀྱིལ་བཀླག་པས་དོན་གྲུབ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱི་རྡོ་རྗེ་ཤུགས་ཀྱི་སྒྲུབ་ཐབས་དང་། རྗེས་ཆོག། ཀརྨ་མི་བསྐྱོད་རྡོ་རྗེའི་དུས་འཁོར་སྒྲུབ་དཀྱིལ་ཕན་བདེ་ཀུན་སྩོལ།
        ཞང་ཞུང་ཆོས་གྲགས་པའི་དུས་འཁོར་བསྐྱེད་རྫོགས་དང་སྦྱིན་སྲེག། བ་སོ་ཆོས་རྒྱན་གྱི་དུས་འཁོར་བསྐྱེད་རྫོགས། རྟ་ནག་པ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན། དེའི་ཡན་ལག་གཡས་སྐོར་གསལ་སྒྲོན། ཉི་ལྡོག་གསལ་སྒྲོན ལོག་རྟོག་གསལ་སྒྲོན། མཁས་པ་ཆོས་གྲགས་པའི་དུས་འཁོར་དཀྱིལ་ཆོག་རྣམ་བཤད་དྲི་མ་མེད་པའི་འོད་སྣང་། ཆབ་མདོ་རྗེ་དྲུང་དགེ་འདུན་བཀྲ་ཤིས་ཀྱི་དུས་འཁོར་དབང་ཆོག། མཆོག་དབང་གོང་མའི་བསྐུར་ཆོག། རྒྱུད་ཆེན་སངས་རྒྱས་རྒྱ་མཚོའི་སྦྱོར་དྲུག་གི་ཁྲིད་ཡིག། རྒྱལ་བ་དགེ་འདུན་རྒྱ་མཚོའི་མཚན་བརྗོད་འགྲེལ་པའི་དོགས་ལན། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོའི་དུས་འཁོར་ཐིག་རྩ་ཤོ་ལོ་ཀ་གཅིག་ཏུ་བསྡུས་པ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་དུས་འཁོར་དབང་བཤད། བློ་གྲོས་ཆོས་སྐྱོང་གི་དུས་འཁོར་སྒྲུབ་དཀྱིལ་གྱི་ལྷན་ཐབས། གཙང་སྟོན་ཀུན་དགའ་རྒྱལ་མཚན་གྱི་དུས་འཁོར་དྲིས་ལན། རྗེ་ཤེར་སེང་གི་སྦྱོར་དྲུག་ཟིན་བྲིས་ལེ་ཚན་གཉིས། རྗེ་བཙུན་ཀུན་དགའ་སྙིང་པོའི་དུས་འཁོར་བསྐྱེད་རིམ་སོགས་མང་ཏེ་གསུང་འབུམ་ལས་ཤེས་སོ། །

        ༈ བཅུ་གསུམ་པ་ཕྱག་ན་རྡོར་འཁོར་ཆེན་སྐོར་ལ། དམར་ཆོས་ཀྱི་རྒྱལ་པོའི་ཛ་བ་རི་བའི་རྒྱུད་འགྲེལ་གྱི་རྣམ་བཤད། བཤད་རྒྱུད་གསང་བའི་རྒྱུད་ཀྱི་རྣམ་བཤད། འཁོར་ཆེན་བསྐྱེད་རྫོགས། ཛ་ཝ་རི་བའི་ཟབ་ཆོས་ཉི་ཤུར་གྲགས་པ་ཕལ་ཆེར་གྱི་གསལ་བྱེད་ཡིག་ཆུང་རེ། འཁོར་ཆེན་གྱི་སྒྲུབ་དཀྱིལ་དང་སྦྱིན་སྲེག། བཅོམ་ལྡན་རིགས་རལ་གྱི་བཤད་རྒྱུད་གསང་བའི་རྒྱུད་ཀྱི་རྣམ་བཤད། བུ་སྟོན་གྱི་བསྟོད་ཆེན། འཇམ་དབྱངས་ཆོས་རྗེའི་འཁོར་ཆེན་གྱི་རིམ་པ་དང་པོའི་ཆོ་ག་དང་ཟིན་བྲིས། རྫོགས་རིམ། བྱམས་ཆེན་ཆོས་རྗེས་རྗེའི་གསུང་ལྟར་བཀོད་པའི་སྒྲུབ་ཐབས། སྟོད་ལུང་ཆུ་བཟང་བ་འབྲོམ་བཙུན་ཤེར་འབྱུང་བློ་གྲོས་ཀྱི་བསྐྱེད་རྫོགས། པཎ་ཆེན་ཡེ་ཤེས་རྩེ་མོའི་འཁོར་ཆེན་བསྐྱེད་རྫོགས། རོང་སྟོན་བློ་བཟང་གྲགས་པའི་འཁོར་ཆེན་བསྐྱེད་རྫོགས་དང་། རྫོགས་རིམ་སྔོན་འགྲོའི་ཡིག་ཆུང་། རྒྱ་ར་ཆོས་སྐྱོང་རྒྱ་མཚོའི་འཁོར་ཆེན་བསྐྱེད་རྫོགས་དང་། ཕྱག་རྡོར་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག། འཁོར་ཆེན་ལྷན་སྐྱེས་ཀྱི་བསྙེན་སྒྲུབ་མན་ངག་ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པ། མི་བསྐྱོད་རྡོ་རྗེའི་འཁོར་ཆེན་བསྐྱེད་རིམ། ལུང་མང་པ་ཡེ་ཤེས་དོན་གྲུབ་ཀྱི་འཁོར་ཆེན་སྒྲུབ་དཀྱིལ། རྗེ་བཙུན་ཀུན་དགའ་སྙིང་པོའི་འཁོར་ཆེན་སྒྲུབ་དཀྱིལ། མཁྱེན་རབ་ཆོས་རྗེའི་འཁོར་ཆེན་གྱི་གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་ལམ་སྟོན། གཉག་སྙིང་པོ་རྒྱལ་མཚན་གྱི་འཁོར་ཆེན་སྦྱིན་སྲེག། བེ་རི་མཐུ་སྟོབས་རྒྱལ་མཚན་གྱི་འཁོར་ཆེན་གྱི་ཆོ་ག།

        ༈ བཅུ་བཞི་པ་ཀྱཻ་རྡོར་གྱི་སྐོར་ལ། རྔོག་པའི་བཤད་ཚོམ་ཆེན་མོ། དེའི་མན་ངག་གི་ཡི་གེ་བཅུ་གཅིག། རྔོག་སྟོན་ཐོགས་མེད་གྲགས་པའི་རྒྱུད་འགྲེལ། མེས་སྟོན་ཚོན་པོ་བསོད་ནམས་རྒྱལ་མཚན་གྱི་བརྟག་གཉིས་ཊིཀྐ། དེའི་སློབ་བརྒྱུད་རྒྱ་མཚོ་གྲགས་པའི་བརྟག་གཉིས་ཊིཀྐ། མཁས་པ་རྒྱ་ནམ་གྱི་ཀྱཻ་རྡོར་ཊིཀྐ། དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱི་ཀྱཻ་རྡོར་རྒྱུད་འགྲེལ། ཏྲེ་པོ་མགོན་པོའི་སློབ་མ་ཆོས་ལ་དགའ་བའི་རམ་ལུགས་ཀྱི་ཀྱཻ་རྡོར་རྒྱུད་འགྲེལ། རྡོག་སྟོན་རྩེའུ་བནྡེའི་ཀྱཻ་རྡོར་རྒྱུད་འགྲེལ། རྡོ་རྗེ་མགོན་པོའི་བརྟག་གཉིས་ཊིཀྐ། ཞེ་སྡང་མགོན་པོའི་བརྟག་གཉིས་རྒྱུད་ཊིཀ། མགར་གྱི་བརྟག་གཉིས་ཊིཀྐ། ཅོག་རོ་ཆོས་ཀྱི་རྒྱལ་མཚན་གྱི་དགྱེས་རྡོར་རྣམ་བཤད་རིན་ཆེན་ལྗོན་ཤིང་། རིན་ཆེན་བཀྲ་ཤིས་ཀྱི་བརྟག་གཉིས་རྣམ་བཤད། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་པའི་སྲས། གཙང་ཚ་རྡོ་རྗེ་བླ་མའི་མྱོས་ཀྱི་རྒྱུད་གསུམ་བདེ་དགྱེས་དང་བཅས་པའི་རྣམ་བཤད། དེའི་སྲས་དཔལ་ལེའི་བདེ་དགྱེས་དང་མཚན་བརྗོད་ཀྱི་དཀའ་འགྲེལ། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་བརྟག་གཉིས་ཊིཀྐ།
        ཀརྨ་རང་བྱུང་རྡོ་རྗེའི་བརྟག་གཉིས་རྣམ་བཤད། སྟག་ལུང་ངག་དབང་རྣམ་རྒྱལ་གྱི་བརྟག་གཉིས་ཊིཀྐ། ཀརྨ་འཕྲིན་ལས་པའི་ཀྱཻ་རྡོར་རྒྱུད་འགྲེལ། དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱི་ཀྱཻ་རྡོར་སྤྱི་དོན། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བརྟག་གཉིས་རྣམ་བཤད་ཆེན་མོ། ལྷ་ཁང་བླ་བྲང་པ་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་ཀྱཻ་རྡོར་རྩ་རྒྱུད་ཊིཀྐ་དག་ལྡན་སྙེ་མ། དེའི་དཀའ་འགྲེལ་སྙེ་མ། ཀྱཻ་རྡོར་མཚོ་སྐྱེས་ལུགས་ནས་གླིང་མ་ལྷ་དགུའི་མངོན་རྟོགས་ཟུང་འཇུག་རྣམ་རོལ་དང་། ཀྱཻ་རྡོར་རྒྱུད་ལུགས་སམ་ཌོམ་བྷི་ལུགས་ཀྱི་སྒྲུབ་ཐབས་ཡན་ལག་དྲུག་པ་ལས་དང་པོ་བ་འཇུག་བདེ་དང་། དཀྱིལ་ཆོག་ཀྱཻ་རྡོར་རྣམ་པར་རོལ་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བརྟག་གཉིས་འགྲེལ་པ་རྒྱས་བསྡུས་གཉིས། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ཀྱཻ་རྡོར་བསྐྱེད་རིམ་རྣམ་བཤད་ཉིན་མོར་བྱེད་པའི་སྣང་བ། ༣༥༠ ཀརྨ་ཀུན་དགའ་དོན་གྲུབ་ཀྱི་ཀྱཻ་རྡོར་བསྐྱེད་རིམ། ཚར་ཆེན་གྱི་ཀྱཻ་རྡོར་བསྐྱེད་རིམ་ཉི་མའི་འོད་ཟེར། ལུས་དཀྱིལ་རྣམ་བཤད་སྐལ་བཟང་སྙིང་གི་པདྨོ། དབང་གི་ལྷན་ཐབས་ནོར་བུའི་ཕྲེང་བ། ཀྱཻ་རྡོར་སྒྲུབ་ཐབས་གོ་རམས་པའི་རྡོར་མན་ངག་ལུགས་ཀྱི་བསྐྱེད་རིམ་གྱི་བཤད་པ་མན་ངག་གི་གསལ་བྱེད།
        ངོར་པ་ཀུན་བཟང་བའི་ཀྱཻ་རྡོར་སྒྲུབ་ཐབས་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར། བླ་མ་དམ་པའི་ཀྱཻ་རྡོར་གྱི་མངོན་རྟོགས་ཡན་ལག་དྲུག་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་རྡོ་རྗེ་གདན་པས་མཛད་པའི་སྟོད་ཆ་དང་གསུང་མཆན་ལ་བརྟེན་ནས་བསྒྲིགས་པ་ནག་པོ་དམ་ཚིག་རྡོ་རྗེ་གདན་པས་མཛད་པའི་སྟོད་ཆ་དང་གསུང་མཆན་ལ་བརྟེན་ནས་བསྒྲིགས་པ་ནག་པོ་དམ་ཚིག་རྡོ་རྗེའི་ལུགས་ཀྱི་སྐུ་གསུང་ཐུགས་སྙིང་པོ་ཀྱཻ་རྡོ་རྗེ་ལྷ་དགུའི་མངོན་རྟོགས་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་དང་དཀྱིལ་ཆོག། ཡུམ་ཆེན་སེམས་དཔའ་ཆེན་པོའི་ཀྱཻ་རྡོར་མངོན་རྟོགས་ཡན་ལག་དྲུག་པ་བྱ་བྲལ་མར་གྲགས་པ། རྒྱུ་དུས་ཀྱི་དབང་ཆུ་གསལ་བའི་མེ་ལོང་། མཁྱེན་བརྩེའི་ཀྱཻ་རྡོར་བསྙེན་ཆེན་གྱི་ཡི་གེ་དཔྱིད་ཀྱི་དགའ་སྟོན། བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་ཀྱཻ་རྡོར་ལམ་དུས་ཀྱི་དབང་ཆོག། གཞན་ཡང་རྡོག་དངས་ལུགས་ཀྱི་སྒྲུབ་སྐོར་མང་པོ་འདུག་ཀྱང་མ་བྲིས་སོ། །

        ༈ བཅོ་ལྔ་པ་ཐོར་བུ་སྣ་ཚོགས་ཀྱི་སྐོར་ལ། ཐེག་པ་སྤྱིའི་རྣམ་གཞག་རུ་ཐོག་ལྦ་བ་ཅན་གྱིས་མཛད་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱུད་སྡེ་སྤྱི་རྣམ། བྱང་པ་རིགས་ལྡན་གྱི་རྒྱུད་སྡེ་སྤྱིའི་རྣམ་བཤད་པོ་ཏི་གཅིག། བཅོམ་ལྡན་རིགས་རལ་གྱི་རྒྱུད་སྡེ་སྤྱི་རྣམ་བསྡུས་པ་དང་། རྒྱུད་སྡེ་རྒྱན་གྱི་མེ་ཏོག། པཎ་ཆེན་བསོད་གྲགས་པའི་རྒྱུད་སྡེ་སྤྱི་རྣམ། སྟོང་འཁོར་ཡོན་ཏན་རྒྱ་མཚོའི་རྒྱུད་སྡེ་སྤྱི་རྣམ། རོང་ཊིཀ་པའི་བསྐྱེད་རྫོགས་གཉིས་ཀྱི་རྣམ་གཞག་རིམ་གཉིས་གསལ་བྱེད། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་རྡོ་རྗེ་ཐེག་པའི་སྤྱི་དོན། ངོར་པའི་བྱ་རྒྱུད་སྤྱི་རྣམ་ལེགས་བཤད་རྒྱ་མཚོ། སྤྱོད་རྒྱུད་སྤྱི་རྣམ་ལེགས་བཤད་སྒྲོན་མེ། སྤྱོད་རྒྱུད་ཀྱི་རྣམ་གཞག་བསྟན་པའི་གསལ་བྱེད། སྤྲིངས་ཡིག་དབང་པོ་རྡོ་རྗེ། ལམ་འབྲས་བཤད་ཐབས་གསང་བའི་སྒོ་འབྱེད། ལམ་འབྲས་ཀྱི་ལྟ་བ་སེམས་ཙམ་ལུགས་སུ་འདོད་པ་འགོག་པ་རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ། ཀྱཻ་རྡོར་ལུས་དཀྱིལ་ལ་རྒྱ་གཞུང་མེད་ཅེས་འདོད་པ་འགོག་པ་ལུས་དཀྱིལ་རྩོད་སྤོང་སྨྲ་བ་ངན་འཇོམས་དང་ལྟ་བ་ངན་སེལ། བདེ་ཀྱཻ་གསང་གསུམ་གྱི་ལོག་རྟོག་སུན་འབྱིན་ལེགས་བཤད་ཟླ་ཟེར་སོགས་དང་། དེ་ཉིད་ཀྱི་གསུང་རྭ་ཁྲིད་ཟིན་བྲིས་ཤཱཀྱ་རྒྱལ་མཚན་གྱིས་མཛད་པ་བཅས་གསུང་འབུམ་པོ་ཏི་བཞི་མ་དང་། གཞན་ཡང་མང་།
        འགོས་ཀྱི་སློབ་མ་རྔོག་ལྦ་བ་ཅན་ནམ་ཉི་མ་སེང་གེའི་དགྱེས་རྡོར་དང་ལམ་འབྲས་འགོག་པའི་བསྟན་བཅོས་གཟེ་མ་ར་མགོ། རྔོག་ཐོགས་མེད་གྲགས་པའི་གདན་བཞིའི་ཊིཀྐ། བྱམས་པ་གླིང་པའི་གསང་སྔགས་ཀྱི་དམ་ཚིག་གི་རྣམ་བཤད་སྔགས་འདུལ་ཆེན་མོ་དང་། བྱ་རྒྱུད་རྣམ་བཤད། རྡོ་རྗེ་འཛིན་བ་ཀུན་དགའ་དོན་གྲུབ་ཀྱི་རྡོ་རྗེ་ཕྲེང་བའི་ཊིཀྐ་འོད་ཀྱི་སྙེ་མ། གླིང་རས་པདྨ་རྡོ་རྗེའི་རྒྱུད་ཀྱི་རྣམ་བཤད་སྒྲོན་མེ་རྣམ་དྲུག། སེམས་ཀྱི་རྡོ་རྗེའི་བསྟོད་པ། རྣལ་འབྱོར་ལ་འཇུག་པ། བླ་སྒྲུབ། བདེ་མཆོག་གི་དཀྱིལ་ཆོག། དོ་ཧའི་ཊིཀྐ་སོགས་དང་། མེ་ཏྲི་པས་ཨོ་རྒྱན་དུ་རྡོ་རྗེ་ཕག་མོ་ལ་གསན་པའི་བདེ་མཆོག་སྙན་བརྒྱུད་ཀྱི་མན་ངག་ཏུ་གྲགས་པ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། དེའི་རྩ་བ་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་མཁན་ཆེན་བསོད་ནམས་འོད་ཟེར་དང་། ཆོས་རྗེ་ཟླ་བ་སེང་གེས་མཛད་པ་གཉིས། ཨོ་རྒྱན་བསྙེན་སྒྲུབ་གྱི་ཁྲིད་ཡིག ། གེགས་སེལ། ངོ་སྤྲོད་འཕྲལ་གྱི་གསུང་ལ་ཟིན་བྲིས་བྱས་པ་ཕྲེང་སྐོར་དུ་གྲགས་པ་རྣམས་དང་། པར་ཕུ་བ་བློ་གྲོས་སེང་གེའི་དོ་ཧ་སྐོར་གསུམ་གྱི་བསྡུས་དོན། འགྲེལ་བ། འགྲེལ་འཇུག་སོགས་ཡིག་སྣ་བརྒྱད།
        སྐྱོ་སྟོན་རིག་འཛིན་རྒྱལ་པོའི་ཨོ་རྒྱན་འཁྱེར་གྱི་མན་ངག། མཎྜལ་ཚིགས་བཅད་མ། བླ་མའི་རྣལ་འབྱོར། ཡིད་བཟང་རྩེ་བའི་དོ་ཧ་སྐོར་གསུམ་གྱི་ཊིཀྐ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་འབྲི་གུང་དགོངས་གཅིག་གི་ཊིཀྐ། ཡང་དགོན་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག། སྤྱན་སྔ་རིན་ཆེན་ལྡན་གྱི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ཡང་དགོན་པའི་གསུང་ཟིན་བྲིས་མ། མཁས་གྲུབ་ཐམས་ཅད་མཁྱེན་པའི་སྐུའི་སྐྱེ་བ་གོང་མར་གྲགས་པ་མཁས་གྲུབ་ལྷ་དབང་བློས་མཛད་པའི་སྒོམ་གྱི་ལག་ལེན། ཞང་ལོ་ཙཱ་བ་གྲུབ་པ་དཔལ་བཟང་པོའི་མན་ངག་སྙེ་མའི་ཊིཀྐ་རིན་པོ་ཆེའི་གཏེར་མཛོད། བརྟག་གཉིས་ཀྱི་མཐའ་གཉིས་རྣམ་སེལ། རབ་གནས་དང་། བདུན་ཚིག་གཟེར་ལྔའི་མན་ངག། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་རྒྱུད་རྡོ་རྗེ་རྩེ་མོའི་ཊིཀྐ། ཁྲིམས་ཁང་ལོ་ཙཱ་བའི་མཁའ་འགྲོ་རྒྱ་མཚོ། མངོན་བརྗོད། རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ་མང་པོའི་ཟིན་བྲིས་དང་། རིམ་ལྔ་སོགས་ཀྱི་ཁྲིད་ཡིག། སློབ་དཔོན་རྒྱ་ཞྭ་ལུ་ཕུག་པའི་ཕྱག་རྡོར་རྒྱུད་ཀྱི་སྟོང་ཐུན་སོགས་རས་ཆུང་ལུགས་ཀྱི་ཆོས་སྐོར། བསོད་ནམས་བཟང་པོའི་འཆི་བ་ལམ་དུ་སློང་བའི་མན་ངག། དཔལ་ཁང་ལོ་ཙཱ་བའི་ཀརྨ་ཤིང་རྟ་དང་། རྡོ་རྗེ་ཉི་སྣང་། དབང་གི་རྣམ་བཤད་ཆེན་མོ། རྗེ་ཤེས་རབ་སེང་གེའི་དབང་གི་རྣམ་བཤད། དཔོན་སློབ་རིགས་གྲོལ་གྱི་བདག་འཇུག་གི་བཤད་པ།
        བྱམས་ཆེན་ཆོས་རྗེ་དང་དཔལ་ཆེན་བཟང་པོའི་གཞལ་ཡས་ཁང་གི་ཆག་ཚད། བུ་དང་། ཁྱུང་པོ་ལྷས་པའི་རྡོ་རྗེ་འབྱུང་བའི་རྣམ་བཤད། བུའི་མཆོད་དཔོན་ཡོ་ག་པ་རིན་ཆེན་ཚེ་དབང་གི་རྡོ་རྗེ་འབྱུང་བའི་ལག་ལེན་རིན་ཆེན་བསམ་འཕེལ་གྱི་དཀའ་འགྲེལ། བུའི་ཕྱག་བཞེས་ཟིན་བྲིས་མང་པོ་ཡོད། མཁས་པ་ཙཱནྡྲ་ཤྲཱིའི་རྒྱུད་སྡེ་སྤྱི་རྣམ། གདོང་དྲུག་གི་གནད་འགྲོལ། གཤེད་དམར་ལྷ་ལྔའི་ཕྱག་ལེན་གྱི་རིམ་པ། རྡོ་རྗེ་རྩེ་མོའི་རིག་པ་བཅུ་དྲུག་གི་འགྲེལ་པ། དཔལ་མཆོག་རིགས་བསྡུས་ཀྱི་དཀའ་གནད་གསལ་བྱེད། གཙུག་དགུའི་དཀའ་གནད་གསལ་བྱེད། མི་འཁྲུགས་པའི་དཀའ་གནད་གསལ་བྱེད། མཁས་གྲུབ་ནམ་མཁའ་མཚན་ཅན་གྱི་རྣམ་ཐར་གསོལ་འདེབས། ཡོ་ག་དང་རྣམ་སྲས་ཀྱི་དབྱངས་ཀྱི་ཐོ་ཡིག། བཤད་སྦྱར་མཁས་པ་དགའ་སྐྱེད། བུའི་སློབ་མ་མཁན་ཆེན་དྷརྨ་ཤྲཱིའི་ཡི་དམ་སྒྲུབ་སྐོར། སྐུ་འབུམ་མཐོང་གྲོལ་ཆེན་མོའི་དཀར་ཆག། ཤར་ཆེན་ཡེ་ཤེས་རྒྱ་མཚོའི་རྣལ་འབྱོར་རྒྱུད་ཀྱི་དེ་ཉིད་བཅུའི་གསལ་བྱེད་ལེགས་པར་བཤད་པའི་སྒྲོན་མེ། རྡོ་རྗེ་འབྱུང་བའི་ལག་ལེན་རིན་ཆེན་བསམ་འཕེལ་གྱི་བཤད་པའི་བསྡུས་དོན། ཕྱག་རྒྱ་བཞིའི་གོ་དོན་དང་གཞི་ལམ་འབྲས་བུའི་རྒྱས་བཏབ་བྱ་ཚུལ་ཡིད་ཀྱི་མུན་སེལ། གཤེད་དམར་ལྷ་ལྔའི་སྦྱིན་སྲེག། དྲུག་ཅུ་བའི་ཆོག་བསྒྲིགས།
        བྱང་གླིང་དཔོན་པོ་རིན་ཆེན་རྒྱལ་པོའི་ཀུན་རིག་གི་ཆོ་གའི་ཟིན་བྲིས། མི་འཁྲུགས་པའི་རོ་སྲེག་གི་ཆོ་ག་ཤིན་ཏུ་གསལ་བ། འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་ཕྱག་རྒྱ་འཆིང་ཚུལ། བླ་ཆེན་དགེ་འདུན་དཔལ་བཟང་དང་། བླ་མ་བསམ་གྲུབ་རྒྱལ་མཚན་གཉིས་ཀྱི་ཡོ་གའི་དབྱངས་ཡིག། ཞྭ་ལུ་པ་རིན་ཆེན་འཇམ་དཔལ་བསྟན་པའི་རྒྱལ་མཚན་གྱི་སེམས་ཉིད་ངལ་གསོའི་ཁྲིད་ཡིག། སེང་གེ་སྒྲའི་གདོན་གྲོལ། མ་ཧེ་སྐད་གཏོང་བས་ལྷ་འདྲེ་ལ་སྐད་གཏོང་ཚུལ། དམ་ཅན་ཆོས་རྒྱལ་ལ་བཞེས་སྒྲ་འབུལ་ཚུལ། ཞྭ་ལུ་རིན་ཆེན་བསོད་མཆོག་པའི་བླ་མའི་རྣལ་འབྱོར་རྒྱས་པ། དེའི་གསན་ཡིག་གི་ཐོག་མཐའི་ཚིགས་བཅད། ཀུན་རིག་འགྲེལ་པ་བསམ་གཏན་དཔལ་གྱིས་མཛད་པ། བསོད་ནམས་དབང་ཕྱུག་གི་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་སྒྲུབ། རྟ་ཞལ་པ་བྱམས་པ་བཟང་པོ་དཔལ་གྱི་ཀུན་རིག་གི་རྣམ་བཤད། སྐྱེ་ཤི་བར་དོའི་རྣམ་གཞག་རྒྱས་བསྡུས་གཉིས། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ཡིག། དགེ་རྩ་རྫོགས་བྱང་དུ་བསྔོ་ཚུལ། ཀུན་རིག་གི་ཊིཀྐ་འཇམ་དབྱངས་རལ་གྲིས་མཛད་པ། ཀུན་རིག་གཞན་ཕན་འོད་ཟེར་གྱི་གསལ་བྱེད་བྲག་ནག་པས་མཛད་པ། ཀུན་རིག་གི་ཆོ་གའི་དོན་འགྲེལ་འཇམ་དབྱངས་གྲགས་པས་མཛད་པ།
        སྨན་བླའི་ཊིཀྐ་འདུལ་འཛིན་དཔལ་ལྡན་བཟང་པོས་མཛད་པ། ༤༧ སྨན་བླའི་ལྷོ་སྒོའི་ཆོ་ག་ཤེས་རབ་བཟང་པོས་མཛད་པ། བར་དོའི་གདམས་པ་ཆོས་ལྡན་རབ་འབྱོར་གྱིས་མཛད་པ། བར་སྲིད་ཀྱི་བཤད་པ་སངས་རྒྱས་སྒོམ་པས་མཛད་པ། སྔགས་རིམ་གྱི་ལེགས་བཤད་སྙིང་པོ་བསྡུས་པ་རྣམ་གསལ་མཁས་གྲུབ་རིན་པོ་ཆེའི་གསུང་རྒྱུན་པྲ་ཛྙཱ་ས་མུ་དྲས་མཛད་པ། ཀུན་མཁྱེན་འཇིགས་མེད་དབང་པོའི་འགྲེལ་པ་བཞི་སྦྲགས་ཀྱི་ཟིན་བྲིས། ༢༣ རིམ་ལྔ་གསལ་སྒྲོན་གྱི་ཟིན་བྲིས་འཕྲོ་ཅན། ༤ ཁྲི་རྒན་ཚང་གི་འགྲེལ་བ་བཞི་སྦྲགས་ཀྱི་ཟིན་བྲིས། སློབ་དཔོན་རྟ་དབྱངས་ཀྱི་སྔགས་ཀྱི་མན་ངག་གི་དོན་གསལ་བྱེད་ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས་ཀྱིས་མཛད་པ། ཚེམ་བུ་བའི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོས་མཛད་པ། ཚེམ་བུ་དམར་ཁྲིད་ལྷ་དབང་དཔལ་འབྱོར་གྱིས་མཛད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཚེམ་བུ་དམར་ཁྲིད་ཤིན་ཏུ་རྒྱས་པ་ངེས་དོན་སྣང་བ། མཁས་གྲུབ་ཐམས་ཅད་མཁྱེན་པས་བུདྡྷ་ཤྲཱི་ལས་འདིའི་སྟེང་ནས་ཁྲིད་གསན་འདུག། དེས་མཛད་པའི་ལྔ་ལྡན་དང་། ལམ་འབྲས་ཀྱི་ཁྲིད་ཡིག། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་གསང་འདུས་དབང་བཤད། ཀུན་རིག་དབང་བཤད། གཟུངས་གཞུག་འབུལ་ཚུལ་གསེར་གྱི་ཡང་ཞུན། སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག། ལྕེ་སྟོན་ཀུན་དགའ་བཟང་པོའི་སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག། བ་སོ་ཆོས་རྒྱན་གྱི་སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག།
        མི་བསྐྱོད་རྡོ་རྗེ་དང་། གུང་རུ་ཤེར་བཟང་གི་ངན་སོང་སྦྱོང་རྒྱུད་ཀྱི་བཤད་པ། རྔོག་ཆོས་ཀྱི་ཉི་མའི་ཀུན་རིག་ཆོ་གའི་ཊིཀྐ། མེར་གན་ཆོས་རྗེ་བློ་བཟང་ཡར་འཕེལ་གྱི་ཀུན་རིག་ཊིཀྐ་དགོངས་དོན་རབ་གསལ་དང་། སྒྲ་མི་སྙན་གྱི་ཚེ་ཁྲིད་ཟིན་བྲིས། མཁྱེན་རབ་ཆོས་རྗེའི་ཚེམ་བུ་དམར་ཁྲིད་ལ་དབུ་མཛད་རིན་ཆེན་ཆོས་དབང་གི་མཆན་དང་བཅས་པ། ཀློག་པ་ནམ་མཁའ་རྒྱལ་མཚན་གྱི་གདུགས་དཀར་འགྲེལ་བ། དཔལ་བོ་གཙུག་ལག་ཕྲེང་བའི་གདུགས་དཀར་གཟུངས་འགྲེལ། ནམ་མཁའ་དཔལ་བཟང་གི་གདུགས་དཀར་གཟུངས་འགྲེལ། ཀུན་དགའ་བསོད་ནམས་ཀྱི་གདུགས་དཀར་གཟུངས་ཀྱི་རྣམ་བཤད། བྱ་བྲལ་བློ་བཟང་རིན་ཆེན་གྱི་གདུགས་དཀར་དང་འཁོར་ལོ་འབར་བའི་གཟུངས་འགྲེལ། འབྱམས་ཡིག། བར་དོ་འཕྲང་སྒྲོལ་གྱི་ཊིཀྐ། ཟླ་མེད་སྟོན་པ་མའི་ཊིཀ་ཆུང་། ལྷ་གཟིགས་གྲགས་པ་རྒྱ་མཚོའི་ཀུན་རིག་ཊིཀ་ཆུང་། སྨྱུང་གནས་ཀྱི་རྣམ་བཤད་གཞུང་དོན་གསལ་བའི་སྒྲོན་མེ། འཕྱོས་པ་དར་བརྩོན་གྱི་ཞི་བྱེད་སྒྲོན་མ་སྐོར་དགུའི་ཊིཀྐ། ཏེ་ནེ་དང་སྙེ་མདོ་བསོད་ནམས་དཔལ་གྱི་བཤད་འབུམ། རོག་རྒྱ་མོན་ནམ་ཤེས་རབ་འོད་ཀྱི་སྒྱུ་འཕྲུལ་ལམ་རིམ་གྱི་ཊིཀྐ་དང་གཞི་ལམ་གྱི་སྟོང་ཐུན། དེའི་གཅུང་རིན་ཆེན་ཤེས་རབ་ཀྱི་ལམ་རིམ་ཆེ་ཆུང་དང་བཤད་འབུམ་སོགས་མང་སྟེ། དེ་གཉིས་ལ་རོག་སྐུ་མཆེད་ཟེར།
        རྒོད་ཚང་པའི་རྣལ་འབྱོར་བཞི་བཤད། ཤཱཀ་མཆོག་པའི་སྔགས་ཀྱི་རྣམ་བཤད། སྤྱན་སྔའི་འོད་སྙེའི་མཆན། ཀརྨ་རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན་དང་། དམ་ཚིག་རྒྱ་མཚོ། ལྕེ་སྒོམ་གྱི་མགུར་འབུམ་དང་། གཏོར་འབུམ། མཚམས་ཁྲིད། ས་དཔྱད་རིན་པོ་ཆེའི་དྲ་མིག། འཕགས་པ་ལྷའི་བླ་མེད་ཀྱི་གནད་བསྡུས་པའི་བཀའ་ཐོ་ཆེན་མོ། འབྲོང་རྩེའི་གྲུབ་རྒྱལ་ཚེ་ཁྲིད། སྒྲ་མི་སྙན་གྱི་ཚེ་ཁྲིད་རྒྱས་བསྡུས། གསང་འདུས་དྲིས་ལན། ཚེམ་བུ་དམར་ཁྲིད། སེ་ར་པཎྜི་ཏ་བློ་བཟང་སྦྱིན་པའི་སྨྱུང་གནས་ཀྱི་ཆོ་ག་སྲིད་ཞིའི་ཕན་བདེའི་དཔལ་སྟེར། མཚན་སྒྲོགས་མཁན་པོ་ཡོན་ཏན་གྲགས་པའི་སྨྱུང་གནས་ཀྱི་ཆོ་ག འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་གྲུབ་རྒྱལ་ཚེ་ཁྲིད་རིན་ཆེན་གཏེར་མཛོད། ཚར་ཆེན་གྱི་གྲུབ་རྒྱལ་ཚེ་ཁྲིད། འཇམ་དབྱངས་མཁྱེན་བརྩེའི་ཚེ་ཁྲིད་བདུད་རྩིའི་ཟིལ་མངར། རྟ་ར་པའི་གསུང་ལ་ངག་དབང་ཆོས་གྲགས་དང་ཆོས་འཕེལ་རྒྱ་མཚོ་གཉིས་ཀྱིས་ཟིན་བྲིས་བྱས་པའི་གུར་བྲག་རྫོང་མའི་ཁྲིད་ཡིག་འདོད་དགུའི་དཔལ་སྟེར། གྲུབ་ཆེན་གླིང་རས་པའི་དོན་ཡོད་རྡོ་རྗེ་ཆེ་བའི་རྡོ་རྗེའི་ཚིག་འབྱེད་ཀྱི་ཊིཀྐ་རྒྱས་པ། མཁས་པ་འཇམ་གསར་གྱི་རྣམ་འཇོམས་གཟུངས་འགྲེལ།
        འབྲུག་པ་པད་དཀར་བའི་རྣམ་འཇོམས་གཟུངས་འགྲེལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་ཡི་དམ་སྤྱིའི་བསྙེན་ཡིག་གཅིག་ཤེས་ཀུན་གྲོལ། བྲག་ནག་པའི་ལྷོ་སྒོའི་རྣམ་བཤད། ས་སྐྱ་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱི་བཀའ་གདམས་ལྷ་བཞིའི་ཁྲིད་ཡིག་བཀའ་གདམས་སྒྲོན་མེ། ཚར་བའི་གསུང་ལ་མཁྱེན་བརྩེས་ཟིན་བྲིས་མཛད་པའི་སེམས་ཉིད་ངལ་གསོའི་ཁྲིད་ཡིག་སེམས་ཀྱི་གདུང་སེལ། པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་སྒྲུབ་ཐབས་དང་གདམས་པའི་སྐོར་རབ་ཏུ་བྱེད་པ་བརྒྱ་ལྷག་ཙམ། དུས་མཆོད་བླ་བྲང་བ་སྔགས་འཆང་ཀུན་རིན་གྱི་སྲས་གྲགས་པ་བློ་གྲོས་ཀྱི་གསུང་ངག་ཁྲིད་ཡིག། བདེ་མཆོག་ནག་པོ་པའི་སྦྱིན་སྲེག། བསེ་འབག་ནག་པོ་འཕུར་ཤེས་དང་། ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་ལོ་རྒྱུས། ཀུན་རིན་གྱི་སྲས་བསོད་ནམས་དབང་པོའི་རང་རིག་དབང་བསྐུར་གྱི་སྒོམ་ཚུལ་གཅིག་ཤེས་ཀུན་གྲོལ། དྲིས་ལན་བསྟན་པ་རྒྱས་བྱེད། གསུང་ངག་གི་ཁྲིད་ཡིག། ཀྱཻ་རྡོར་སྒྲུབ་ཐབས་ཀྱི་རྣམ་བཤད་སོགས་ཡོད་ལ། སྲས་གསུམ་ལས་ཆུང་བ་ཨ་མེས་ཀུན་བསོད་ཡིན་ཏེ་ཞར་བྱུང་ཙམ་མོ། །

        ༈ བཅུ་དྲུག་པ་སྒྲུབ་དཀྱིལ་གྱི་སྐོར་ལ། བཅོམ་ལྡན་རིགས་རལ་གྱི་མི་ཏྲ་བརྒྱ་རྩའི་མངོན་རྟོགས་མུ་ཏིག་ཕྲེང་བ། ཐར་རྩེ་ནམ་མཁའ་དཔལ་བཟང་གི་རས་བྲིས་ལ་བརྟེན་ནས་ཀྲྀ་ཡ་དང་རྡོར་ཕྲེང་སྦྲགས་པའི་སྒྲུབ་དཀྱིལ་རྡོར་ཕྲེང་མཛེས་རྒྱན། འཁོན་སྟོན་གྱི་མི་ཏྲའི་དབང་ཆོག་གསལ་བའི་སྒྲོན་མེ། སྣར་ཐང་དུས་འཁོར་བ་བསོད་ནམས་དར་བཟང་བའི་མི་ཏྲའི་མངོན་རྟོགས། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱི་རྡོར་ཕྲེང་དང་ཀྲྀ་ཡ་སྦྲགས་པའི་སྒྲུབ་དཀྱིལ་གྱི་ལྷན་ཐབས། གཟན་འདུ་ཡོན་ཏན་སེང་གེའི་རྡོར་ཕྲེང་ཟུར་འདེབས། ཆག་ལོ་ཆོས་རྗེ་དཔལ་གྱི་རྡོར་ཕྲེང་གི་ས་བཅད་དང་མཆན་ཐོར་བུ། གནས་རྙིང་པ་རིན་ཆེན་རྒྱལ་མཚན་གྱི་རྡོར་ཕྲེང་གི་སྒྲུབ་ཐབས་ངག་བསྒྲིགས་དང་། དབང་གི་ལྷན་ཐབས། མཁས་གྲུབ་དཔལ་ལྡན་རྡོ་རྗེའི་རྡོར་ཕྲེང་སྒྲུབ་ཐབས། རྗེ་དྲུང་སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་ཀྲི་ཡ་དང་རྡོར་ཕྲེང་སྦྲགས་པའི་སྒྲུབ་དཀྱིལ་གསལ་བའི་སྒྲོན་མེ། པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་རྫོགས་ཕྲེང་གི་ལྷན་ཐབས། ཁྲིམས་ཁང་ལོ་ཙཱ་བའི་གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་དཀྱིལ། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་བདུད་འཇོམས་སྣང་བ། དེའི་དཀྱིལ་ཆོག་རབ་གསལ་སྣང་བ། སྒྲུབ་ཐབས་དང་གཏོར་ཆོག་གི་གསལ་བྱེད་བསྙེན་སྒྲུབ་རྣམ་རོལ། ཤེར་འབྱུང་བློ་གྲོས་ཀྱི་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས།
        འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་དགྲ་ནག་གི་སྒྲུབ་ཐབས། སྒོ་རུམ་པ་ཀུན་དགའ་ལེགས་པའི་རྭ་ལུགས་དགྲ་ནག་ལྷ་བཅུ་གསུམ་པའི་སྒྲུབ་ཐབས་ཁྲོ་བོ་རྣམ་རོལ། དཀྱིལ་ཆོག་གཞོན་ནུ་རྣམ་རོལ། རྭ་ལུགས་ཀྱི་དགྲ་ནག་མངོན་རྟོགས་གསོད་བྱེད་རྔམ་པ་འཇིགས་རུང་དང་། གཏུམ་ཆེན་རོལ་པ་སྒྲ་ཚད་པས་མཛད་པ། རྭ་ལུགས་ཀྱི་གཤིན་རྗེ་ནག་པོའི་མངོན་རྟོགས་རྒྱུད་དོན་རབ་གསལ། བྱང་ཕུག་པ་ཀུན་ལེགས་ཀྱི་དགྲ་ནག་སྒྲུབ་དཀྱིལ། མཁས་པ་བཀྲ་ཤིས་དཔལ་ལྡན་གྱི་དེའི་ཟུར་འདེབས། ཀུན་དགའ་སྙིང་བོའི་དགྲ་ནག་སྒྲུབ་དཀྱིལ། ཆོས་རྒྱལ་འཕགས་པའི་དགྲ་ནག་དང་གཤེད་དམར་གྱི་སྒྲུབ་ཐབས། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་གཤེད་དམར་བཅུ་གསུམ་མའི་སྒྲུབ་ཐབས། ཚར་ཆེན་ལམ་གླུར། ཀུ་སཱ་ལིའི་བླ་མ་མཇལ། ཞེས་པ་ཞྭ་ལུ་གྲོ་ལུང་པ་བཀྲ་ཤིས་དཔལ་འབྱོར་གྱི་གཤེད་དམར་བཅུ་གསུམ་མའི་སྒྲུབ་དཀྱིལ་ཟིན་བྲིས། ས་སྐྱ་གློ་ཆེན་གྱི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་སྒྲུབ་དཀྱིལ། ཐར་རྩེ་ནམ་མཁའ་དཔལ་བཟང་གི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དཀྱིལ་ཆོག་གཞན་ཕན་རྒྱ་མཚོ།
        འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་རྡོར་དབྱིངས་སྒྲུབ་དཀྱིལ། བུ་སྟོན་གྱི་ལག་ལེན་ཆོ་ག་རིན་ཆེན་བསམ་འཕེལ། རྡོར་དབྱིངས་ཀྱི་གཞལ་ཡས་ཁང་གི་གནས་ལུགས་གསལ་བྱེད། ཡོ་གའི་མཆོད་ཕྲེང་བླ་མེད་མཆོད་སྤྲིན། དབང་ཆོག་རྒྱས་པའི་ཁ་སྐོང་། རྡོར་དབྱིངས་ཀྱི་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག། པཎ་ཆེན་ནགས་རིན་གྱིས་ཨ་ཙརྱ་ཞེས་བསྔགས་པ་ཤར་ཆེན་ཡེ་ཤེས་རྒྱ་མཚོའི་རྡོར་དབྱིངས་དཀྱིལ་ཆོག་རིན་ཆེན་སྒྲོན་མ། རྡོར་དབྱིངས་དཀྱིལ་ཆོག་གི་ངག་འདོན་གསལ་བྱེད་ཐུགས་རྗེའི་འོད་ཟེར། རྡོ་རྗེ་དབྱིངས་ཀྱི་དབང་གི་ཆུ་རྒྱུན་ཐར་བའི་ཁང་བཟང་གི་མཛེས་རྒྱན། རྡོར་དབྱིངས་ཞི་བའི་སྦྱིན་སྲེག། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྡོར་དབྱིངས་དཀྱིལ་ཆོག་རྒྱས་བསྡུས་གཉིས། ས་ཆོག་གི་བཀའ་བསྒོའི་ཚིགས་བཅད། བྱང་གླིང་དཔོན་པོ་རིན་ཆེན་རྒྱལ་པོའི་རྡོར་དབྱིངས་དཀྱིལ་ཆོག་རིན་ཆེན་བསམ་འཕེལ་གྱི་ལྷན་ཐབས། དེའི་སློབ་མ་དབང་བསྐུར་ལ་མཁོ་བའི་ལྷན་ཐབས། མཁས་པ་ཙནྡྲ་ཤྲཱིའི་རྡོར་དབྱིངས་ཀྱི་ལྷན་ཐབས། ཆོས་ལེགས་དཔལ་དར་བཟང་པོའི་རྡོར་དབྱིངས་ཀྱི་དཀྱིལ་ཆོག།
མུ་འགོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།