སྲས་མོའི་ལོག་ཕེབས།༼༧༽ བདེ་སྐྱིད་དགོན་དུ་ཕེབས་ནས་པཎ་ཆེན་རིན་པོ་ཆེའི་དྲན་གསོ་བྱ་འགུལ་ལ་ཞུགས་པ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-02 10:15:55 ཀློག་གྲངས།:

   ཧོར་ཟླ་དང་བོའི་ཚེས་བཞིན་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་སྟེང་། སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པ་རི་བོ་ཉི་ཟླ་དང་མཚོ་ཆུང་ནོར་བུ་ཐང་སོགས་བརྒྱུད་དེ་མཚོ་ལྷོ་ཁུལ་གྱི་པཎ་ཆེན་བདེ་སྐྱིད་དགོན་ལ་བསླེབས། མཚོ་ལྷོ་ཁུལ་གྱི་པཎ་ཆེན་བདེ་སྐྱིད་དགོན་གྱི་གདན་ཞུས་ལྟར། སྲས་མོ་ཐེངས་འདིར་ཆེད་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་འཁྲུངས་ལོ་འཁོར་བདུན་ཅུ་ལོན་པའི་དྲན་གསོ་བྱ་འགུལ་དུ་ཕེབས་པ་རེད།


པཎ་ཆེན་བདེ་སྐྱིད་དགོན་ནས་སྲས་མོ་ལ་བསུ་བ་བྱེད་བཞིན་པ།

   པཎ་ཆེན་བདེ་སྐྱིད་དགོན་ནི་མཚོ་ལྷོ་ཁུལ་སྲིད་གཞུང་གི་བསྟི་གནས་ཆབ་ཆ་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ་གསུམ་ལྷག་གི་གནས་སུ་ཆགས་ཡོད། བདེ་སྐྱིད་ཐང་ནི་ཁོད་ཅུང་ཡངས་པའི་ཐང་གཞོང་ཞིག་ཡིན་ཞིང་། སྔོན་ཆད་དེ་ལ་ཐང་སྲེ་རུལ་ཟེར། དགའ་ཞིང་གུས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྔ་རྗེས་སུ༡༩༨༠ལོར་དང༡༩༨༧ལོར་ཐེངས་གཉིས་ལ་མཚོ་ལྷོ་རུ་ཕེབས་ཤིང་ཐང་སྲེ་རུལ་དུ་དབང་ཆོས་གསུང་བ་རེད། སྐབས་དེ་ནི་ཏག་ཏག་བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་པའི་དུས་རིམ་ཡིན་པས་མི་རྣམས་ཀྱི་ཡུན་རིང་ཁོང་དུ་སྦད་པའི་དད་མོས་ཀྱི་སེམས་ཁམས་ལ་འཆིང་གྲོལ་ཐོབ་པ་དང་བདེ་སྐྱིད་བག་བྲོ་ཡི་སྣང་བ་སྔ་ན་མེད་པ་སྐྱེས། ལྷག་པར་དུ༡༩༨༧ལོར་མི་འབངས་ཁྲི་ཚོ་ཉི་ཤུ་ལྷག་གནས་འདི་རུ་འདུས་ནས་པཎ་ཆེན་མཆོག་གི་བཀའ་སློབ་ལ་ཉན་པ་དང་། པཎ་ཆེན་མཆོག་གིས་འབངས་ཀྱི་འདོད་མོས་ལྟར་ཐུགས་ཤིན་ཏུ་དགྱེས་པའི་སྒོ་ནས་ས་ཆ་འདི་ལ་བདེ་སྐྱིད་ཐང་ཞེས་གསར་དུ་མི་བཏགས།

     ༡༩༨༩ལོར་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས། མཚོ་ལྷོའི་རིགས་སོ་སོའི་མི་དམངས་ཀྱིས་རྣམ་པ་གང་མང་གི་སྒོ་ནས་རིན་པོ་ཆེར་མྱ་ངན་ཞུས་ཤིང་། ༡༩༩༠ལོར་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱིས་བདེ་སྐྱིད་ཐང་དུ་པཎ་ཆེན་རིན་པོ་ཆེ་ལ་རྗེས་དྲན་གྱི་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་ཤིང་། མང་ཚོགས་ཀྱིས་དུས་རྒྱུན་མཆོད་མཇལ་བྱེད་པ་མ་ཟད་ལོ་རེ་བཞིན་རྒྱ་ཇེ་ཆེར་འཛུགས་སྐྲུན་བྱས་པས། ལོ་ངོ་ཉི་ཤུ་ཙམ་གྱི་ནང་དུ་ད་ལྟའི་པཎ་ཆེན་བདེ་སྐྱིད་དགོན་གྱི་རྣམ་པ་འདི་ལྟ་བུ་ཞིག་ཏུ་འཕེལ་རྒྱས་བྱུང་། པཎ་ཆེན་བདེ་སྐྱིད་དགོན་ནི་བོད་ཁུལ་ཡོངས་སུ་པཎ་ཆེན་མཚན་གྱི་ཆོ་ལོ་བཏགས་པའི་དགོན་པ་ཉག་ཅིག་ཡིན་ལ། མཚོ་ལྷོ་མང་ཚོགས་ཀྱིས་རིན་པོ་ཆེ་ལ་བཅངས་པའི་བརྩེ་སེམས་མཚོན་པ་དང་། མི་རིགས་ཤིག་གིས་ལོ་ཟླའི་བཞུར་རྒྱུན་ཁྲོད་གྲགས་མེད་འགུལ་མེད་ངང་རང་རེའི་རིག་གནས་ལ་ཉར་གཅེས་བྱས་པའི་གོ་རིམ་ཞིག་ཀྱང་ཡིན།


སྣེ་ལེན་ཁང་གི་ཕྱི་རུ་ཡོད་པའི་མི་རྣམས་ཀྱིས་སྲས་མོ་ལ་མགྲོན་བསུའི་ཁ་བཏགས་ཕུལ།

   དགོན་པའི་སྣེ་ལེན་ཁང་དུ་ལོ་ན་བརྒྱད་ཅུར་སོན་པའི་ཨ་ཁུ་ཚེ་བརྟན་ལགས་ཀྱིས་སྲས་མོ་འཁོར་དང་བཅས་པར་དགོན་པ་བཏབ་པའི་བརྒྱུད་རིམ་མཚམས་སྦྱོར་བྱས་ཤིང་། མཇུག་མཐར་ཁོས་བཤད་རྒྱུར།“ང་རང་ལོ་རེ་གཅིག་སྟེང་འདིར་འོངས་ནས་བདེ་སྐྱིད་ཐང་གི་བྱང་ཆུབ་མཆོད་རྟེན་ལ་བདག་ཉར་བྱས་ནས་ལོ་ངོ་ཉི་ཤུ་འདས། ཐོག་མའི་མཆོད་རྟེན་ཞིག་ནས་ད་ལྟའི་པཎ་ཆེན་བདེ་སྐྱིད་དགོན་གྱི་རྣམ་པ་འདི་འདྲ་ཞིག་ཏུ་གྲུབ་པ་དང་། གྲྭ་བཙུན་བཞི་བཅུ་ལྷག་ཡོད་ཅིང་ད་དུང་ཇེ་མང་དུ་འགྲོ་ངེས་རེད། ད་ལྟ་ནི་དགོན་པ་འཕེལ་འབྱུང་བཞིན་པའི་སྒང་ཡིན་མོད། འོན་ཀྱང་ང་རང་ལོ་ན་བགྲོས་པས་མུ་མཐུད་དུ་དགོན་པར་བདག་བྱེད་མི་ཐུབ། དགོན་པ་འདི་ནི་པཎ་ཆེན་རིན་པོ་ཆེར་རྗེས་དྲན་དུ་བཞེངས་པ་ཡིན་ཞིང་། དེ་རིང་། དགོན་པའི་བདག་པོ། རིན་པོ་ཆེའི་སྲས་མོ་ཁྱེད་རང་དངོས་སུ་འདིར་ཕེབས་བྱུང་བས། གྲྭ་རྒན་ངས་དགོན་པའི་བདག་པོ་ཁྱེད་ལ་སྤྲད་པ་ཡིན་པ་དང་། ངས་ལོ་མང་བོ་ཞིག་ལ་རེ་སྒུག་བྱས་པའི་བསམ་དོན་ཡང་འགྲུབ་སོང་བ་ཡིན།”


ཨ་ཁུ་ཚེ་བརྟན་ལགས་ཀྱིས་སྲས་མོ་འཁོར་ལ་དགོན་པ་བཏབ་པའི་བརྒྱུད་རིམ་མཚམས་སྦྱོར་བྱས།

   སྣེ་ལེན་ཁང་གི་ཕྱི་རུ་ཡོད་པའི་མི་རྣམས་ཀྱིས་སྲས་མོ་ལ་མགྲོན་བསུའི་ཁ་བཏགས་ཕུལ་ཟིན


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།