སྲས་མོའི་ལོག་ཕེབས།༼༦༽ རིག་འཛིན་དབང་མོ་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་ལ་གཟིགས་ཞིབ་ཏུ་ཕེབས་པ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-03 09:38:12 ཀློག་གྲངས།:

    མཐོ་སྒང་མཚོ་ལྷོའི་ཡུལ་གྲུ་རུ་གནམ་ལོ་གསར་བའི་སྤྲོ་སྐྱིད་ཀྱིས་ཁེངས་པའི་དུས་འདིར། རྒྱལ་ཡོངས་ན་གཞོན་ལྷན་ཚོགས་ཀྱི་ཨུ་ཡོན།  བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་ཚོགས་གཙོ་གཞོན་པ་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པས་མཚོ་ལྷོ་ས་ཁུལ་གྱི་ནད་པ་རྣམས་ལ་བརྩེ་སེམས་བཅངས་ནས། དཀའ་ཁག་ལ་མ་འཛེམ་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ལ་ལྟ་སྐོར་དུ་ཕེབས་པ་རེད།

 


མཚོ་ལྷོ་ཁུལ་སྨན་ཁང་གི་ལས་བྱེད་པའི་སྲས་མོ་བསུ་བཞིན་པ།

   ཧོར་ཟླ་དང་པོའི་ཚེས་ལྔ་ཉིན། ཞོགས་པའི་དུས་ནས་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གི་སྒོ་ཆེན་མདུན་དུ་མི་ཚོགས་ཀྱི་ཁེངས་ཡོད་ལ། ཁོང་ཚོའི་དུས་ཆེན་གྱི་ལྭ་བ་གྱོན་པ་དང་ལག་ཏུ་དྲི་མེད་ཁ་བཏགས་བཟུང་ནས།  གྲང་ངར་གྱི་ཁྲོད་དུ་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པ་ཕེབས་པར་སྒུག་འདུག   སྔ་དྲོ་དུས་ཚོད་བཅུ་གཅིག་ཡས་མས་སུ་མི་རྣམས་ཀྱི་རེ་སྒུག་ཁྲོད་ཡབ་གཞིས་པཎ་རིག་འཛིན་དབང་མོ་ཕེབས་བྱུང༌། དེ་མ་ཐག་མོས་གུས་ཀྱིས་ཁེངས་པའི་མང་ཚོགས་རྣམས་སྲས་མོའི་ཕྱོགས་སུ་སྔ་རྗེས་འགྲན་པ་ལྟར་རྒྱུགས་ནས་ཁ་བཏགས་འདྲེན་པ་རེད། སྨན་ཁང་གི་འགོ་ཁྲིད་དང་སྨན་པ་ཚོས་ཀྱང་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་གུས་ལྟར་ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པར་ཁ་བཏགས་འབུལ་ཞིང༌ནས་ཆང་ཟིལ་མ་འདྲེན་པ་སོགས་དགའ་སྐྱིད་ཀྱི་རྣམ་པའི་ཁྲོད་སྲས་མོ་དང་མཉམ་དུ་རྗེས་དྲན་གྱི་འདྲ་པར་བསྐྱོན།


མཚོ་ལྷོ་ཁུལ་སྨན་ཁང་ལས་བྱེད་པ་ཡོངས་ཀྱི་འདྲ་པར།

   དུས་ཡུན་ཐུང་བའི་དགའ་བསུ་མཛད་སྒོའི་རྗེས། ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པ་སྨན་ཁང་འགོ་ཁྲིད་ཀྱི་ཕེབས་རོགས་འོག་སྨན་ཁང་གི་ནད་པ་སྡོད་སའི་ཐོག་ཁང་ལ་གཟིགས་ཞིབ་བྱས།  བར་དེར་ཡབ་གཞིས་པཎ་རིག་འཛིན་དབང་མོ་ནད་ཁང་ཁ་ཤས་ལ་ཕེབས་ནས་གནས་འདི་ནས་སྨན་བཅོས་བྱེད་བཞིན་ཡོད་པའི་ནད་པར་འཚམས་འདྲི་བྱས་པ་དང་ཁོ་ཚོར་མེ་ཏོག་བརྩེ་སེམས་མཚོན་པའི་མེ་ཏོག་ཕུལ་པ་དང་།ནད་པའི་རྒྱུ་མཚན་དང་ཁོ་ཚོའི་ཡུལ་ཕྱོགས་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད།  ནད་པར་སྒོར་མོའི་ཞལ་འདེབས་ཕུལ་བ་རེད། གྱེས་ཁར་སྲས་མོས་ད་རུང་ནད་པ་ཚོ་སེམས་བདེ་མོ་ངང་ནད་ལ་ལྟ་རྒྱུ་དང༌། ཁོ་ཚོ་སྔ་མོ་ནས་སྨན་ཁང་ལས་ཕྱི་འབུད་པར་སྨོན་འདུན་ཞུས། 

   སྔ་དྲོ་དུས་ཚོད་བཅི་གཉིས་སྟེང༌། སྨན་ཁང་གི་སྲིད་འཛིན་གཞུང་སྒྲུབ་ཐོག་ཁང་གི་སྐུ་མགྲོན་སྣེ་ལེན་ཁང་དུ་ཡོན་ཀྲང་ཐཱེན་རྒྱལ་མཚན་གྱིས་ཡབ་གཞིས་པཎ་རིག་འཛིན་དབང་མོ་ལ་སྨན་ཁང་གི་གནས་ཚུལ་མཚམས་སྦྱོར་བྱས།  “དེ་རིང་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་འཁོར་དང་བཅས་པ་དངོས་སུ་སྨན་ཁང་ལ་གཟིགས་ཞིབ་གནང་པར་ཕེབས་པ་འདི་ནི་མཚོ་ལྷོའི་རིགས་སོ་སོའི་ནད་པ་རྣམས་ལ་ཐུགས་ཁུར་དང་བརྩེ་དུང་ཟབ་མོ་ཡོད་པ་མཚོན་པ་མ་ཟད།  རང་རེ་སྨན་ཁང་གི་སྨན་བཅོས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་། དེ་མི་ཚད་ངེད་སྨན་ཁང་གི་རྒྱ་ཆེའི་སྨན་པ་རྣམས་ལ་སྐུལ་ལྕགས་བྱས་པའང་རེད།  ང་ཚོས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་སྔར་ལས་ལྷག་པར་སྨན་ཁང་གི་དོ་དམ་ལ་ཤུགས་སྣོན་པ་དང༌། ཧུར་ཐག་སྒོས་དམངས་ལ་ཕན་བདེ་སྐྲུན་པའི་སྨན་བཅོས་ཞབས་ཞུ་སྒྲུབ་ནས། སྨན་ཁང་གི་བྱ་གཞག་སོ་སོ་འཕེལ་རྒྱས་སུ་གཏོང་བར་འབད་པ་བྱེད་རྒྱུ་ཡིན། ང་ཚོའི་ལྷག་བསམ་རྣམ་དག་གིས་ཡབ་གཞིས་པཎ་རིག་འཛིན་དབང་མོས་ཐེངས་འདིར་སྨན་ཁང་ལ་གཟིགས་ཞིབ་མཛད་པ་བརྒྱུད་ནས་སྔར་ལས་ལྷག་པར་སྨན་ཁང་ལ་རྒྱུས་ལོན་བྱས་པ་དང། རྗེས་སུ་ཡང་ང་ཚོའི་སྨན་ཁང་གི་འཕེལ་རྒྱས་ལ་ཐུགས་ཁུར་བྱས་ཏེ་སྨན་ཁང་གི་བྱ་བར་མཛུབ་སྟོན་དང་རོགས་རམ་གནང་རྒྱུ་ཞུ །”  སྨན་ཁང་གི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས།  ཡབ་གཞིས་པཎ་རིག་འཛིན་དབང་མོས་སྨན་ཁང་གི་མིག་ནད་ཚན་ཁག་འཛུགས་སྐྲུན་དང༌།  ཆེད་ལས་ལག་རྩལ་མི་སྣ་གསོ་སྐ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།