སྲས་མོའི་ལོག་ཕེབས།༼༥༽ བིས་མདོ་རུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་འཁྲུངས་ནས་ལོ་ངོ་བདུན་ཅུ་འཁོར་བའི་དྲན
ཧོར་ཟླ་དང་པོའི་ཚེས་གསུམ་ཉིན་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན་ཕྱིན། པཎ་ཆེན་རིན་པོ་ཆེའི་འཁྲུངས་ཡུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཁོང་གི་སྐུ་ཚེ་ཧྲིལ་བོའི་མཛད་རྣམ་ལ་དྲན་གསོ་བྱེད་ཅིང་། རིན་པོ་ཆེའི་ཐུགས་ཀྱི་སྲས་མོ་རིག་འཛིན་དབང་མོ་ལགས་ཀྱང་བཀྲ་ཤིས་པའི་ཉིན་མོ་འདིར་ཕ་ཡུལ་དུ་གདན་འདྲེན་ཞུས་ཡོད་པ་རེད།
ཧོར་ཟླ་དང་པོའི་ཚེས་གཉིས་ཉིན་སྲས་མོ་ཡབ་གཞིས་པཎ་རིག་འཛིན་དབང་མོ་ཆེད་དུ་པེ་ཅིང་ནས་ཟི་ལིང་ལ་འབྱོར་ཏེ་ཁོ་མོའི་རྨོ་མོ་དང་ཨ་ཁུ་སོགས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས། ཉིན་གཉིས་པར་ཁོ་མོ་ཞུང་ཧྭ་རྫོང་བིས་མདོ་ཡུལ་དུ་བསྐྱོད་དེ་ལོ་ངོ་ཉི་ཤུ་རིང་ཁ་བྲལ་བའི་ཡུལ་མི་རྣམས་དང་ལྷན་དུ་པཎ་ཆེན་རིན་པོ་ཆེ་སྐུ་འཁྲུངས་ནས་ལོ་ངོ་བདུན་ཅུ་འཁོར་བར་དྲན་གསོ་ཞུས་པ་རེད།
འཕྲུལ་རྟའི་བསུ་མཁན།
ཚེས་གསུམ་ཉིན་གྱི་དུས་ཚོད་བཅུ་གཅིག་སྟེང་། སྲས་མོ་འཁོར་དང་བཅས་པ་ཞུང་ཧྭ་རྫོང་བིས་མདོ་ཞང་མ་རུ་དེ་སྡེ་བར་ཕེབས་བྱུང་། ཕ་ཡུལ་གྱི་སེར་སྐྱ་ཕོ་མོ་རྣམས་སྔ་མོ་ནས་ཡོང་སྟེ་ལམ་གྱི་གཡས་གཡོན་གཉིས་སུ་ཕྲེང་བསྟེར་བསྒྲིགས་ཤིང་ངག་ནས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ཏེ་བསུ་བ་རྒྱ་ཆེན་པོ་བྱེད། སྲས་མོ་དགའ་བ་འབུམ་གྱི་མྱོས་ཏེ་ཁ་ནས“ང་ཐོན་བྱུང་།” “ང་ཐོན་བྱུང་།”ཞེས་ཡང་ཡང་དབང་མེད་དུ་ཤོར།
སྲས་མོས་པཎ་ཆེན་རིན་པོ་ཆེའི་གཟིམ་ཤག་ལ་མཆོད་འབུལ་བྱས། ཁོ་མོས་སྐུ་གཤེགས་ཟིན་པའི་རང་གི་ཡབ་ཆེན་ལགས་ཀྱི་སྐུ་པར་ལ་ཁ་བཏགས་ཤིག་གི་མཆོད་འབུལ་བྱེད་དུས་ཡིད་སེམས་གདུང་བའི་མིག་ཆུ་དབང་མེད་དུ་བཞུར།
ཀླུ་སྡོང་ཆེན་པོ་དེར་ཁ་བཏགས་དཀྲིས་བ།
ཁོ་མོས་སྐུ་གཤེགས་ཟིན་པའི་རང་གི་ཡབ་ཆེན་ལགས་ཀྱི་སྐུ་པར་ལ་ཁ་བཏགས་ཤིག་གི་མཆོད་འབུལ་བྱས།
སྲས་མོས་མཆོད་ཁང་དུ་མཆོད་འབུལ་བྱས་རྗེས་ཆེད་དུ་ཡབ་གཞིས་ཀྱི་སྒོ་ལམ་ན་ཡོད་པའི་ཀླུ་སྡོང་ཆེན་པོ་དེར་ཁ་བཏགས་དཀྲིས། སྡེ་བ་འདིར་ཀླུ་སྡོང་ཆེན་པོ་གཉིས་ཡོད་ལ་ད་ལྟའི་བར་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་དགུ་བའི་སྤྲུལ་སྐུ་འཚོལ་དུས་དབུས་ཀྱི་ལྷ་མོ་བླ་མཚོ་ནང་དུ་སྡོང་བོ་ཆེན་པོ་འདི་གཉིས་གསལ་ལེར་འཆར་བར་གྲགས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་སྡོང་བོ་འདི་གཉིས་སྐམ་རལ་ཏུ་འགྱུར་བའི་རྣམ་པ་མངོན་འོང་ནའང་པཎ་ཆེན་རིན་པོ་ཆེ་མཆོག་བཙོན་ཁང་ལས་ཕྱིར་བུད་རྗེས་སླར་ཡང་སྡོང་ལོ་སྟུག་ཅིང་ཁེབས་པར་གྱུར།
བིས་མདོ་དགོན་ཆེན་བཀྲ་ཤིས་ཆོས་འཁོར་གླིང་ནི་ཞིན་ཧྭ་ས་ཁུལ་གྱི་ཆེས་ཆེ་བའི་དགོན་པ་ཞིག་ཡིན་པ་དང་རྫོང་མཁར་དང་སྤྱི་ལེ་བཅུ་བདུན་གྱི་གནས་སུ་ལྷུན་གྱིས་ཆགས་ཡོད། ད་ལྟའི་བར་དུ་ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ལྡན། ད་ལྟ་དགོན་པ་དེའི་ནང་དུ་གྲྭ་བཙུན་༣༧༢ལྷག་བཞུགས་ཡོད།
ཁ་བཏགས་འབུལ་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com