“ཅན་བཅུའི”ཏང་འཛུགས་ཀྱི་རྩ་འཛུགས་ཀྱི་སྒྲོམ་གཞི།
རྩོམ་པ་པོ།:
ཡོང་ཁུངས།:ཡོངས་འཛིན་དྲ་བ།
དུས་ཚོད།:2026-05-12 08:35:08
ཀློག་གྲངས།:
ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་ལེགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་དང་། ཏང་ཡོན་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་སློང་གང་ལེགས་བྱེད་ཆེད། ཆེད་དམིགས་ཚོ་ཆུང་འགའ་བཙུགས་ཤིང་། ཏང་ཡོན་དང་མང་ཚོགས་ཀྱི་འདོད་བློ་དང་། ཁྱད་ཆོས། མོས་པ། དགའ་ཕྱོགས་བཅས་གཞིར་བཟུང་ནས་བབ་མཚུངས་ཀྱི་ཆེད་དམིགས་ཚོ་ཆུང་གི་ཁོངས་སུ་བཅུག ཆེད་དམིགས་ཚོ་ཆུང་ཁག་གིས་འགན་ནུས་ཁ་གསལ་བཟོས་ཏེ་ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་དང་། སྡེ་ཁག་དང་སྡེ་ཚན་གྱིས་མཐུན་སྦྱོར། ཆེད་དམིགས་ཚོ་ཆུང་གིས་ལག་ཏུ་བསྟར་བས། མང་ཚོགས་ཞུགས་པའི་གཞི་རིམ་བཅོས་སྐྱོང་མ་ལག་གྲུབ། ཤང་གྲོང་གིས“1+2+N”དང་། སྡེ་བས(སྡེ་ཁུལ)“1+3+N”རྩ་འཛུགས་ཀྱི་སྒྲོམ་གཞི་བྱས་ཏེ། ཆེད་དམིགས་ལས་དོན་མཛུབ་ཁྲིད་ཚོ་ཆུང་དང་། འབྲེལ་གཏུག་མཐུན་སྦྱོར་ཚོ་ཆུང་། ཟུང་འབྲེལ་ཚན་པ་བཅས་ཀྱིས་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་ལས་དོན་སྤེལ་བཞིན་ཡོད་ལ། ཆེད་དམིགས་ལས་དོན་མཛུབ་ཁྲིད་ཚོ་ཆུང་གིས་ཆེད་དམིགས་ཚོ་ཆུང་གི་ལས་འགན་ལས་བགོས་དང་། བརྒྱུད་རིམ་མཛུབ་ཁྲིད། མཇུག་འབྲས་ཞིབ་བཤེར་རྩིས་ལེན་བཅས་ཀྱི་འགན་འཁུར་བཞིན་ཡོད། འབྲེལ་གཏུག་མཐུན་སྦྱོར་ཚོ་ཆུང་ནི་ཏང་ཨུའི་སྲིད་གཞུང་གིས་གྲུབ་པའི་སྡེ་ཁག་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་སོགས་ལས་གྲུབ་ཅིང་། སྡེ་ཚན་གྱི་འགན་ནུས་འདོན་སྤེལ་བྱས་ཏེ་ཆེད་དམིགས་ཚོ་ཆུང་གི་བྱ་བར་ཟུར་ཁྲིད་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་སྟེ། མང་ཚོགས་ཀྱི་ལམ་ཕྱོགས་སྟེང་ཏན་ཏིག་གིས་བསྐྱོད་ན་མཐར་མངོན་འགྱུར་གཉིས་མཐོ་རུ་གཏོང་ཐུབ་ལ། ཟུང་འབྲེལ་སྡེ་ཚན་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་མཉམ་འབྲེལ་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མངོན་འགྱུར་བྱེད་ཐུབ།
(གཅིག) ཐོན་སྐྱེད་འཕེལ་རྒྱས་ཚོ་ཆུང་། འཕེལ་རྒྱས་ཀུང་སི་འཛུགས་པའི་སྣེ་ཁྲིད་དེ། མཉམ་ལས་ཁང་གི་གཉེར་སྐྱོང་དང་། ཐོན་སྐྱེད་རྩ་འཛུགས། ཐོན་ལས་འཕེལ་རྒྱས་འཆར་འགོད། སྡེ་བའི“མ་དངུལ་གསུམ”གྱི་དོ་དམ། ལག་རྩལ་ཁྱབ་གདལ། ཁྲོམ་ར་འབྲེལ་མཐུད་དང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་སྐྲུན། སྡེ་བ་རིམ་པའི་འགྲོ་ལམ་ཉམས་གསོ། ངལ་ནུས་ཕྱིར་གཏོང་དང་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད། སྡེ་བ་རིམ་པའི་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། སྡེ་བའི་མ་དངུལ་གྱི་རིན་ཐང་སྲུང་བ་དང་རིན་ཐང་འཕར་བར་འགན་འཁུར་སྟེ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་ཟུང་འབྲེལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། མང་ཚོགས་ཁྲིད་ནས་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བ་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོ་འདེགས་གཏོང་བ་དང་། ལས་ཞུགས་དཀའ་བ་དང་ཡོང་འབབ་འཕར་དཀའ་བ། ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས། སྡེ་བ་རིམ་པའི་འཛུགས་སྐྲུན་ལས་གཞི་འཆར་འགོད་དང་རེ་ཞུ་སོགས་ཀྱི་འགན་འཁུར་དགོས།
(གཉིས།) འགལ་རྩོད་འདུམ་འགྲིག་ཚོ་ཆུང་། ཁྱིམ་མཚེས་བར་གྱི་རྩོད་གཞི་དང་། ཁྱིམ་ཚང་གི་འགལ་བ། ས་ཞིང་རྩོད་གཞི་སོགས“དོན་དག་ཆུང་བ་དང་གནས་ཚུལ་ཆུང་བ”རང་ས་གནས་སུ་སེལ་རྒྱུ་འགན་འཁུར་དགོས་པ་དང་། འབྲེལ་མཚམས་ས་ཁུལ་གྱི་འགལ་བ་ཞིབ་བཤེར་དང་སྒྲིག་གཅོད་བྱས་ཏེ། སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་ཁྲིད་སྟོན། སྔ་མོ་ནས་ཐག་གཅོད་བཅས་བྱས་ཏེ། འགལ་བ་སེལ་རྒྱུ་དེ“གཞན་དབང་གི་ཁ་གཏད་འཇལ་བ”ནས“རང་འགུལ་ངང་སྔོན་འགོག”བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་བྱས་ཏེ། འགལ་བ་སྡེ་བ་ནས་ཕྱིར་མི་འབུད་པ་དང་གནད་དོན་གོང་རིམ་ལ་མི་འབུལ་བ་མངོན་འགྱུར་བྱེད་དགོས།
(གསུམ།) སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོ་ཆུང་། སྒོ་རའི་འཕྲོད་བསྟེན་དང་། མི་སྒེར་གྱི་འཕྲོད་བསྟེན། སྡེ་བའི་རྣམ་པ། འཚོ་བའི་འཕྲོད་བསྟེན་སོགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་ནས། གད་སྙིགས་གང་བྱུང་དུ་བཤོ་བ་དང་། སྦགས་བཙོག་དངོས་པོ་ལྐོག་འབུད་བྱེད་པ། ཕྱུགས་འགོག་སྒྲིག་འགལ། རྐུ་སྔོག་རྐུ་འཐུ་སོགས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཤེས་རྟོགས་དང་ཉེན་བརྡ་གཏོང་བ། འཕྲོད་བསྟེན་སྒོ་ར་དང་། འཕྲོད་བསྟེན་གྲོང་གསེབ། སྒོ་རའི་འཆར་འགོད་འཛུགས་སྐྲུན། འཕྲོད་བསྟེན་མི་སྒེར་སོགས་ཀྱི་ལས་དོན་སྤེལ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་རྩ་འཛུགས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་གསོ་སྐྱོང་བྱེད་པ་དང་། མང་ཚོགས་ཀྱིས་རང་རྟོགས་ངང་འཕྲོད་བསྟེན་འགན་ལེན་དང་། སྔོ་ལྗང་ཅན་དུ་འགྱུར་བ། སྒྲིག་ལམ་འགན་ལེན་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། “ངས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ”དེ“ངས་འཕྲོད་བསྟེན་གསར་གཏོད་བྱེད”པར་བསྒྱུར་དགོས་པ་དང་། རི་སྲུང་དང་། ནགས་སྲུང་། རྩྭ་སྲུང་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།
(བཞི།) བསམ་པའི་རིག་གནས་ཚོ་ཆུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོའི་འགན་འཁུར་ནས། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྤེལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་བྱས་ཏེ། མང་ཚོགས་ལ“ཁ་འབྲལ་ཐབས་མེད་པ་གསུམ”དང་། “མཉམ་མྱོང་བཞི” “མོས་མཐུན་ལྔ”བཅས་ཀྱི་འདུ་ཤེས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། སྡེ་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་འཐུས་ཚང་དང་ལག་བསྟར་ཡག་པོ་བྱེད་པ་དང་། གོམས་སྲོལ་སྒྱུར་བཅོས་བཅོས་སྒྲིག་སྤེལ་ཏེ་ཡ་རབས་ཡུལ་སྲོལ་གསོ་སྐྱོང་བྱེད་དགོས། བསམ་བློའི་སྣེ་ཁྲིད་དང་སྲིད་ཇུས་དྲིལ་བསྒྲགས། རིག་གནས་དམངས་ཕན་དང་བྱང་ཚད་མཐོར་འདེགས། རིག་རྩལ་བྱེད་སྒོ་དང་བདེ་ཐང་འཚོ་བ། ཤེས་དཔལ་ལག་ལེན་དང་གོམས་སྲོལ་སྒྱུར་བཅོས་སོགས་ཀྱི་དཔུང་ཁག་བཙུགས་ནས་སྲིད་ཇུས་དྲིལ་བསྒྲགས་དང་། རིག་རྩལ་དམངས་ཕན་བྱེད་སྒོ། མང་ཚོགས་རང་བཞིན་གྱི་དམངས་ཁྲོད་འགྲན་བསྡུར་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
(ལྔ།) སློབ་གསོ་ལྟ་སྐུལ་སློབ་སྟོན་ཚོ་ཆུང་། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་རྒྱུ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ། སློབ་གྲྭར་བསྐྱར་དུ་ཞུགས་རྒྱུའི་ཁ་ཏ་བསླབ་བྱ་བཅས་བྱས་ནས་ནར་མ་སོན་པའི་བྱིས་པ་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་ལེན་བྱ་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྒྱུད་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། སྡེ་བ་རིམ་པའི་སློབ་རོགས་ཐེབས་རྩ་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ་ཕུལ་བྱུང་སློབ་མ་དང་དཔེ་བཟང་ཁྱིམ་བདག་ལ་བྱ་དགའ་སྤྲོད་དགོས། “མྱུག་གསོའི་སྣུམ་སྣོན་ས་ཚིགས”བཙུགས་ནས་སྡེ་བ་དེ་གའི་སློབ་ཆེན་སློབ་མ་དང་ལས་འཁྱུར་ངལ་གསོའི་དགེ་རྒན་རྩ་འཛུགས་བྱས་ཏེ་སློབ་མའི་སློབ་སྦྱོང་ཟུར་ཁྲིད་དང་། སློབ་སྦྱོང་ཉམས་མྱོང་སྤེལ་རེས་དཔྱད་བསྡུར་སོགས་བྱས་ནས“ལག་ཆུང་གིས་ལག་ཆེན་འཐེན་པའི”ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
(དྲུག) ཕན་ཚུན་རོགས་རམ་བྱེད་པའི་ཚོ་ཆུང་། “ཁྱིམ་མཚེས་ཕན་ཚུན་རོགས་རམ་དང་ཆ་སྒྲིག”གི་རྣམ་པ་བཙུགས་ནས་ཐོན་སྐྱེད་དང་འཚོ་བའི་རོགས་རེས་ཀྱི་དང་བླངས་བྱེད་སྒོ་སྤེལ་དགོས། གཞིས་སྲུང་རྒན་རྒོན་དང་བྱིས་པ་ཆ་སྒྲིག་འགན་གཙང་ལེན་བྱས་ཏེ་སེམས་ཁམས་གསོ་བ་དང་། འཚོ་བར་ལྟ་སྐྱོང་། ཐོན་སྐྱེད་ཀྱི་རོགས་རམ་བཅས་བྱེད་དགོས། སྡེ་བའི་ནང་གི་སྐྱིད་སྡུག་གི་བྱ་བ་མཐའ་དག་རྩ་འཛུགས་བྱས་ནས་བསྒྲུབས་དགོས་པ་དང་། རང་འགུལ་ངང་ཞབས་ཞུ་ཡག་པོ་ཞུས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས།
(བདུན།) མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་ཚོ་ཆུང་། ས་གཤིས་གནོད་སྐྱོན་ལེབ་བཤེར་དང་ཞོད་འགོག་མེ་འགོག རི་ཆུ་ལ་སྐོར་ཞིབ་བྱས་ནས་ཕྱུགས་ཟོག་སྲུང་སྐྱོང་། གནོད་གཡོལ་ཉེན་གཡོལ་སོགས་ཀྱི་ལས་དོན་གྱི་འགན་འཁུར་ནས་མང་ཚོགས་དང་གྲོང་ཚོ་ཐུན་མོང་གི་མི་ལུས་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་། སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་བཅས་རྒྱུན་ལྡན་ལྟར་སྤེལ་དགོས། ཕྱི་ནས་ཡོང་བའི་མི་སྣ་དང་གཙོ་གནད་མི་སྣར་ལེབ་བཤེར་རྒྱུས་ལོན་དང་ཕྱིའི་མངའ་ཁོངས་དགྲ་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་ཁ་ཕྲལ་གྱི་ཆ་འཕྲིན་གསང་འཕྲིན་འཚོལ་སྡུད་བྱས་ནས་གོང་རིམ་ལ་ཡར་ཞུ་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱས་ནས་བདེ་འཇགས་སྲུང་སྐྱོང་ཐད་མཁོ་བསྟུན་གྲབས་སྦྱོང་བྱེད་པ་དང་། རྒྱལ་སྲུང་ནང་ཞུགས་པར་སྐུལ་སློང་བཅས་བྱེད་དགོས།
(བརྒྱད།) དྲིལ་བསྒྲགས་འཕྲིན་སྤེལ་ཚོ་ཆུང་། ཆེད་དོན་ཚོ་ཆུང་ཁག་གིས“ཏང་འཛུགས་སྐྱོང་གི་ཕྱོགས་བཅུ”དོན་འཁྱོལ་ལག་བསྟར་བྱས་པའི་ཉམས་མྱོང་དང་བྱེད་ཐབས། བསམ་བློའི་འགྱུར་ལྡོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྱུར་ལྡོག མང་ཚོགས་ཀྱི་མྱོང་ཚོར་དང་ཐོབ་ཚོར་སོགས་དྲིལ་བསྒྲགས་བྱེད་པར་འགན་ཁུར་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་སྦྲགས་ཏེ་མང་ཚོགས་ཀྱིས་གོ་བདེ་ཞིང་ཤེས་སླ་བའི་བྱེད་ཐབས་སྤྱད་དེ་ཚན་རིག་ཁྱབ་གདལ་དང་། ཁོར་ཡུག་སྲུང་སྐྱོང་། ཁ་བསླུས་སྔོན་འགོག བདེ་ཐང་ཤེས་བྱ། ཁྲིམས་ལུགས་ཁྱབ་གདལ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས།

(དགུ) ལས་ཆོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་། ལས་དོན་ཚོ་ཆུང་གཞན་དག་གི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པ། ལས་ཀའི་ལས་ཕྱོད་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་ལས་དོན་ཚོ་ཆུང་གཞན་དག་གིས་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་། རྫུན་བཟོ་ཟོལ་བཅོས། ཁྲལ་སེལ་སླ་བཅོས་བྱེད་པ་སོགས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་བདག་སྤྲོད་དང་འཚོལ་བསྡུ་བྱེད་པ་དང་འབྲེལ་སྡེ་དམངས་ཨུ་ལྷན་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་དགོས། སྡེ་དོན་དང་ནོར་དོན་ལ་ལྟ་སྐུལ་འགན་ལེན་བྱས་ཏེ། སྲིད་ཇུས་དོན་འཁྱོལ་གནད་ལ་མི་འཁེལ་བ་དང་། ཉེ་དགའ་ཕྱོགས་ཞེན། སྒེར་དོན་དབང་སྤྱོད། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནས་ཚུལ་ཡོད་མེད་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་སློབ་སྟོན་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号