ཁྲི་ཀ་རྫོང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་འོག་རྨོ་འདེབས་བྱ་བར་སྐུལ་འདེད་བཏང་།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-04-20 09:32:31 ཀློག་གྲངས།:
       ཟླ4པའི་ཚེས8ཉིན། ཁྲི་ཀ་རྫོང་ཀ་རིང་ཤང་སྔོ་བརྒྱ་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་རུ་ཁག་གིས་རུ་མི་རྣམས་ལ་སྣེ་ཁྲིད་དེ་རྨོ་འདེབས་ཀྱི་དུས་ཚིགས་དམ་འཛིན་བྱས་ཏེ། ཆུ་རྐ་ལས་བཞིན་ཡོད། ཨར་ལས་བྱ་ཡུལ་དུ་འཕྲུལ་ཆས་ཀྱི་འཁོར་རྒྱུག་དང་ལས་ལ་བརྩོན་པའི་བྲེལ་ཚུབ་ཀྱི་རྣམ་པ་ཞིག་མངོན་ཡོད་ལ། ས་རྐོ་འཕྲུལ་ཆས་ཆུང་གྲས་དག་གིས་ཨར་འདམ་གྱི་རྐ་གཞོང་སྐྱེལ་འདྲེན་བྱས་ནས་ཆུ་རྐ་ལས་བཞིན་ཡོད། བརྩོན་སེམས་ཆེ་བའི་འཕེལ་རྒྱས་ཐོན་སྐྱེད་རུ་ཁག་གི་རུ་མི་ཚོས་ས་སྙོམས་པ་དང་ཨར་འདམ་གྱི་ཆུ་རྐ་སྒྲིག་པ། ཆུ་རྐ་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་ལས་རིམ་རེ་རེ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
       ཁྲི་ཀ་རྫོང་སྔོ་བརྒྱ་སྡེ་བའི་ཐོན་སྐྱེད་རུ་ཁག་གི་རུ་མི་ནམ་མཁའ་ཡིས་བཤད་རྒྱུར། སྔོན་ཆད་སྡེ་བའི་ཞིང་ཆུ་འདྲེན་པའི་ཆ་རྐྱེན་ཞན་པས་ད་ལྟ་སྡེ་བའི་ནང་ཆུ་རྐ་ལས་པའི་བྱ་བ་དམ་འཛིན་བྱེད་བཞིན་ཡོད་ལ། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་ཞིང་ནང་དུ་ཆུ་དྭངས་མོ་འདྲེན་ཐུབ་པས་ང་ཚོས་ཆུ་འདྲེན་དཀའ་བའི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས་ཤིང་། ལོ་ལེགས་ཡོང་བ་དང་ཡོང་སྒོ་འཕར་སྣོན་ཡོང་བར་རེ་བ་ཆེན་པོ་ཡོད་པས། འདི་ནི་དངོས་གནས་དམངས་ཀྱི་ཆེད་དུ་བསྒྲུབས་པའི་དོན་དངོས་དང་མཐུན་པའི་བྱ་བ་ཞིག་ཡིན་ཟེར།
       རྒྱུས་ལོན་པ་ལྟར་ན། ཐེངས་འདིར་ཆུ་རྐ་ལས་པ་ནི་སྔོ་བརྒྱ་སྡེ་བའི་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་བྱེད་ཐབས་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་དམངས་ཚིས་བཟོ་སྐྲུན་གཙོ་བོ་ཞིག་ཡིན།
       ཁྲི་ཀ་རྫོང་སྔོ་བརྒྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅོད་པ་ཐར་གྱིས་བཤད་རྒྱུར། ང་ཚོའི་སྡེ་བའི་ཐོན་སྐྱེད་འཕེལ་རྒྱས་རུ་ཁག་གི་རུ་མི་བརྒྱད་ཆུ་རྐ་ལས་པའི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས། ཟླ4པའི་ཚེས2ཉིན་ནས་བཟུང་ལས་མགོ་ཚུགས་ཤིང་། ཕལ་ཆེར་ཉིན15ཡས་མས་སུ་ལེགས་འགྲུབ་འབྱུང་ཐུབ། ང་ཚོའི་སྡེ་བར་ཆུ་འདྲེན་པར་སྟབས་བདེ་བསྐྲུན་ནས་ལོ་ལེགས་ཡོང་བ་དང་འབབ་འཕར་ལ་རམ་འདེགས་བྱེད་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད་ཟེར།
       མིག་སྔར་ཆུ་རྐ་ལས་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། ཞིང་སར་ཆུ་འདྲེན་པར་སྟབས་བདེ་བསྐྲུན་པ་མ་ཟད། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་ནས་དར་སྤེལ་ཡོང་བར་སྐུལ་འདེད་བཏང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།