• དེ་དང་མཉམ་དུ་ང་རང་བོད་ཀྱི་ལུང་པ་སོ་སོར་སོང་ནས་བྱིས་པ་ཚོ་ལ་ཆེད་དུ་སྒྲ་སྙན་དང་འབྲེལ་བའི་རོལ་དབྱངས་ཟབ་སྦྱོང་འཛིན་གྲྭ་བསྒྲུབ་འཆར་ཡོད།ང་ཚོས་རྩ་ཆེ་བའི་ཤུལ་བཞག་རིག་གནས་འདི་རྒྱུན་འཛིན་བྱས་ཏེ།མཉམ་དུ་བོད་ཀྱི་རོལ་དབྱངས་རིག་གནས་ཀྱི་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད།མཇུག་མཐར་ཚང་མས་བོད་ཀྱི་རོལ་དབྱངས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།...

    2025-12-05 08:46:21 མཚོ་སྔོན་པོ་དྲ་བ། 1288
  • རྩོམ་འདིར་ཉེ་ཆར་བོད་རིག་པའི་མཁས་དབང་སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་བརྩམས་གནང་མཛད་པའི«བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་པའི་གསུང་རྩོམ་གྱི་བརྗོད་བྱ་དཀྱུས་སུ་བཟུང་སྟེ།སློབ་དཔོན་ཁོང་ལ་བཅར་འདྲིའི་རྣམ་པའི་ཐོག་ནས་དགའ་ལྡན་ཕོ་བྲང་ས་གནས་སྲིད་གཞུང་དུས་སྐབས་ཀྱི་སྒེར་པ་དྲག་འབྲིང་དཀྱུས་གསུམ་སྟེ།ཡབ་གཞིས་དང་།སྡེ་དཔོན།མི་དྲགསྒེར་པ་བཅས་ཀྱི་ཁྱིམ་རྒྱུད་ལོ་རྒྱུས་རགས་ཙམ་མཚམས་སྦྱོར་དང་སྦྲགས།སྒེར་པའི་ལས་གནས་གོ་མིང་དང་།ཆོ་ལོའམ་མཚན་གནས།གནས་རིམ།གཞིས་ཀས་ཞིང་།གཉེན་སྒྲིག་ལམ་སྲོལ་སོགས་ཇི་འདྲ་ཡིན་མིན་སྐོར་བྲིས་འདུག...

    2025-11-20 08:01:31 ཤ་སྦྲང་སྒྲོལ་མ་སྐྱབས། བློ་བཟང་ 2423
  • ང་རང་ལོ་ན་གཞོན་པའི་དུས་སྐབས་སུ།འཁྱམ་ཉུལ་གྱི་འཚོ་བ་བསྐྱལ་མྱོང་ཡོད།ཟླ་བ་གསུམ་མམ་བཞིའི་རིང་ལས་ཀ་རེ་བྱས་རྗེས་ལས་གནས་སྤོ་བ་དང་།ཡང་ན་གྲོང་ཁྱེར་གཞན་ཞིག་གམ་གྲོང་གསེབ་གཞན་ཞིག་ཏུ་བསྡད་དེ་འཚོ་བ་སྐྱེལ་གྱིན་ཡོད།ངས་དེ་སྔ་བསྒྲུབས་མྱོང་བའི་ལས་ཀ་གཅིག་ནི་བཞོན་མ་གསོ་སྤེལ་ར་བ་ཞིག་ཏུ་མཚན་ལ་ལས་ཀ་བྱས་པ་དེ་ཡིན།ང་ལས་ཀ་དེར་ཤིན་ཏུ་དགའ།མཚན་མོར།ང་གཅིག་པུས་བཞོན་...

    2025-10-30 09:00:14 ལོ་ཙཱ་པ། གསའ་ནག་པོ། 4023
  • ཡིག་ཆ་དང་ཡུལ་དངོས་ཟུང་འབྲེལ་གྱི་ཨ་མདོའི་ལོ་རྒྱུས་ཞིབ་འཇུག་དང་བསམ་གཞིག—ཨ་མདོའི་ལོ་རྒྱུས་ཆེད་མཁས་པ་བཀའ་མ་མཁའ་འབུམ་ལགས་ལ་བཅར་འདྲི་ཞུས་པ།...

    2025-10-15 08:42:12 ཀླུ་མོ་སྐྱིད། 5184
  • འཁྲབ་ཁྲིད་པ་གྲགས་ཅན་བསྟན་འཛིན་དབང་རྒྱལ་གྱིས་བོད་ཀྱི་བུད་མེད་ཀྱི་ལས་དབང་ལ་དོ་ཁུར་དང་སྲོལ་རྒྱུན་གྱི་གོམས་སྲོལ་ལ་བསམ་གཞིགས་བྱས་ནས་གློག་བརྙན་འཁྲབ་ཁྲིད་ཀྱི་ལས་ལ་ནམ་ཡང་འབད་བཞིན་ཡོད།སླད་ཕྱིན་ང་ཚོར་ཕུལ་བྱུང་གི་བརྩམས་ཆོས་དེ་བས་མང་པོ་ཁྱེར་ཡོང་ནས་གློག་བརྙན་གསར་རྩོམ་ལས་མི་སེམས་འགུལ་བའི་གཏམ་རྒྱུད་མུ་མཐུད་བརྗོད་རྒྱུའི་རེ་བ་བྱེད་དོ།།...

    2025-09-26 08:23:13 བསོད་ནམས་སྐྱིད། 5885
  • བསྒྱུར་བའི་ཀུན་སློང་ནི་གཅིག་ནས་སྔོན་ཆད་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མ་འགྲིམ་སྐབས།དགེ་འདུན་ཆོས་འཕེལ་གྱིས«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»གྱི་འགོ་བརྗོད་དང་ལེའུ་དང་པོ་བསྒྱུར་ཡོད་པ་དེ་མཇལ་བ་ཡིན།ཁོང་གི་འགྱུར་ཕུལ་དུ་བྱུང་ཞིང་ཚིག་སྦྱོར་སྙན་པས་ཡིད་དབང་རབ་ཏུ་འཕྲོག་ཀྱང་།འགྱུར་ཆ་ཚང་མེད་པར་ཡིད་ཤིན་ཏུ་ཕངས་ནས་བོད་ལ་ཆ་ཚང་ཞིག་ཡོད་ན་ཅི་མ་རུང་སྙམ་སྟེ་བསྒྱུར་རྒྱུའི་ཀུན་སློང་འགོག་མེད་དུ་སྐྱེས་བྱུང་།གཉིས་ནས་ས་པཎ་གྱིས་བོད་འདི་སྙན་ངག་ལ་བློ་མི་འཇུག་གསུངས་ཀྱང་།རྗེས་སུ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བོད་ལ་སྙན་ངག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་རེད།དེ་བཞིན་ཁོ་བོའི་བསམ་པར་དེང་གི་ཆར་བོད་འདི་ཟློས་གར་ལ་བློ་མི་འཇུག་པ་འདུག་པས།ཟློས་གར་གྱི་བསྟན་བཅོས་འདི་དག་བོད་ཡིག་ལ་བསྒྱུར་ན་བོད་ཀྱི་རྩོམ་རིག་ལའང་ཕན་ཐོགས་པར་འགྱུར་རམ་སྙམ་ནས་བསྒྱུར་བ་ཡིན།...

    2025-05-28 08:15:01 ཚུལ་ཁྲིམས་བཟང་པོ། 13176
  • ང་རང1983ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་གྲྭ་རུ་རྒྱུགས་འཕྲོད་ཅིང་བགྲང་བྱ་བཞིའི་རིང་བོད་ཀྱི་གསོ་བ་རིག་པ་ཆེད་སྦྱོང་བྱས་ཐོག།རྒྱ་ཡིག་དང་ནང་དོན་རིག་པ།སུམ་རྟགས་དག་གསུམ།རྩོམ་རིག།ལོ་རྒྱུས་སོགས་ལ་སློབ་སྦྱོང་མི་དམན་པ་བྱས།1987ལོར་སློབ་མཐར་ཕྱིན་ཞིང་སློབ་གྲྭ་དེ་ག་རུ2024ལོའི་བར་དགེ་རྒན་དང་སྨན་པའི་ལས་དོན་བསྒྲུབས།ལས་ཞོར་དུ2002ལོར་སི་ཁྲོན་དགེ་འོས་སློབ་གྲྭའི་ནར་སོན་མཛེས་རྩལ་ཆེད་ཚན་འཛིན་གྲྭ་ལ་རྒྱུགས་འཕྲོད་ནས་ལོ་གཉིས་རིང་མཛེས་རྩལ་ཐད་སློབ་སྦྱོང་བྱས་པ་དང2006ལོར་ལྷོ་ནུབ་མི་རིགས་སློབ་གྲྭའི་བོད་སྐད་ཡིག་རྩོམ་རིག་དངོས་ཚན་འཛིན་གྲྭ་ལ་རྒྱུགས་འཕྲོད་ནས་ལོ་གཉིས་རིང་སློབ་སྦྱོང་བྱས།...

    2025-05-09 09:06:00 མཚོ་སྔོན་པོ་དྲ་བ། 13818
  • རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན།...

    2025-02-14 08:58:40 མཚོ་སྔོན་པོ་དྲ་བ། 16769

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།