“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་བསྡུར་སྐབས་གསུམ་པའི་སྤྱི་བསྒྲགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-05 22:29:28 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཆེ་རུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཇེ་དྲག་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་ཆེད། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས“མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་བསྡུར་སྐབས་གསུམ་པ་སྤེལ་རྒྱུ་ཡིན། འགྲན་བསྡུར་གྱི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
       དང་པོ། འགྲན་བསྡུར་གྱི་བརྗོད་གཞི།
       ཡིག་སྒྱུར་སྦྲེལ་ཟམ་བཙུགས་ནས། །མཉམ་འདྲེས་མཉམ་སྐྱོད་བྱེད་པ། །
       གཉིས་པ། རྩ་འཛུགས་སྡེ་ཚན།
       མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
       གསུམ་པ། འགྲན་བསྡུར་གྱི་དུས་ཚོད།
       འགྲན་བསྡུར་སྤྱི་བསྒྲགས་སྤེལ་བ་ནས་མཇུག་འབྲས་ཡོངས་བསྒྲགས་བྱས་པའི་བར་བསྡོམས་པས་དུས་ཡུན་ཟླ་བ3ཡིན་ལ། དུས་མཚམས་གསུམ་ལ་དབྱེ་ནས་གོ་རིམ་ངང་སྤེལ་རྒྱུ་ཡིན།
       1. རྩོམ་ཡིག་བསྡུ་བའི་དུས་རིམ། 2026ལོའི་ཟླ6པའི་ཚེས5ཉིན་ནས་ཟླ8པའི་ཚེས10ཉིན།(སྤྱི་བསྒྲགས་སྤེལ་བ་དང་བརྩམས་ཆོས་འཚོལ་བསྡུ)
       2. དཔྱད་ཞིབ་དུས་རིམ། 2026ལོའི་ཟླ8པའི་ཟླ་དཀྱིལ་ལམ་ཟླ་སྨད།(ཆེད་མཁས་པས་དཔྱད་ཞིབ་དང་མཇུག་འབྲས་སྤྱི་བསྒྲགས)
       3. སྤྱི་བསྒྲགས་དུས་རིམ། 2026ལོའི་ཟླ9པའི་ཟླ་སྟོད།(མཇུག་འབྲས་སྤྱི་བསྒྲགས་དང་བྱ་དགའ་སྤྲོད་པ)
       བཞི་པ། འགྲན་ཞུགས་བྱ་ཡུལ།
       རྒྱལ་ཡོངས་ཀྱི་རྒྱ་བོད་ཡིག་སྒྱུར་ལ་དགའ་མོས་བྱེད་མཁན་ལ་ཁ་ཕྱོགས་ནས་འགྱུར་ཡིག་བསྡུ་རུབ་བྱ་རྒྱུ་ཡིན་པ་དང་། ལོ་ན་དང་། ལས་རིགས། ཐོབ་ཐང་བཅས་ལ་ཚད་བཀག་མེད། ཡིག་སྒྱུར་བྱ་གཞག་ལ་དགའ་ཞེན་དང་འགྲན་བསྡུར་གྱི་སྒྲིག་སྲོལ་བརྩི་སྲུང་ཞུ་མཁན་ཚང་མ་ཞུགས་ཆོག
       ལྔ་བ། འགྲན་བསྡུར་གྱི་བརྒྱུད་རིམ།
       1. སྤྱི་བསྒྲགས་སྤེལ་བ། འགྲན་བསྡུར་གྱི་སྤྱི་བསྒྲགས་མཚོ་སྔོན་པོ་དྲ་བ(www.amdotibet.com)དང་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་སྐད་འཕྲིན་སྤྱི་རྟགས་སོགས་ལས་སྟེགས་བརྒྱུད་ནས་ཡོངས་བསྒྲགས་བྱེད་པ།
       2. ཡིག་སྒྱུར་གྱི་ནང་དོན་དང་སྐད་རིགས་ཀྱི་བླང་བྱ། ཐེངས་འདིའི་འགྲན་བསྡུར་གྱི་མ་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡིན་པ་དང་གཙོ་སྐྱོང་སྡེ་ཚན་གྱིས་གཅིག་གྱུར་ངང་མཁོ་འདོན་བྱ་རྒྱུ་ཡིན། (སྒྲུང་ཐུང་དང་། ལྷུག་རྩོམ། སྙན་ངག་བཅས1རེ་ཚུད་ཡོད། ཞིབ་ཕྲའི་ནང་དོན་ཟུར་བཀོད་ལ་གཟིགས་རོགས)། འགྲན་བསྡུར་ནང་ཞུགས་མཁན་གྱིས་རིགས་གཅིག་གང་རུང་བདམས་ནས་བོད་ཡིག་ཏུ་བསྒྱུར་དགོས་པ་དང་། མི་རེས་རྩོམ་ཡིག་གཅིག་བསྐུར་རྒྱུ་ལས་རྩོམ་ཡིག་བསྐྱར་ཟློས་དང་རིགས་བརྒལ་ནས་ཐེངས་མང་བསྐུར་མི་ཆོག ཐེངས་འདིར་གཏན་འཁེལ་བྱས་པའི་བརྩམས་ཆོས་ནི་པིན་ཞིན(冰心)གྱི་བརྩམས་སྒྲུང《超人》དང་། ཝུའུ་པོ་ཞའོ(吴伯萧)ཡི་ལྷུག་རྩོམ《马》། ཁྲང་ཡའོ(昌耀)ཡི་སྙན་ངག《河床》བཅས་ཡིན།
       3. འགྲན་ཞུགས་ཡིད་རྟོན་ཚད་གཞི། འགྲན་བསྡུར་ནང་ཞུགས་མཁན་གྱིས་རྐུ་བཤུས་དང་། མི་བཙལ་ནས་ཚབ་སྒྱུར་བྱེད་པ། འཕྲུལ་ཆས་ཡིག་སྒྱུར་སོགས་སྒྲིག་འགལ་བྱ་སྤྱོད་གཏན་འགོག་བྱེད་དགོས། རྩད་ཆོད་གསལ་བོ་བྱུང་ཚེ་འགྲན་བསྡུར་ནང་ཞུགས་པ་དང་བྱ་དགའི་ཐོབ་ཐང་འཕྲལ་མར་མེད་པ་བཟོ་རྒྱུ་དང་། འགྲན་བསྡུར་གྱི་ཡིད་རྟོན་ཟིན་ཐོའི་ནང་དུའང་འགོད་རྒྱུ་ཡིན།
       4. ཆེད་མཁས་པས་ཞིབ་དཔྱད་དང་མཇུག་འབྲས་ཡོངས་བསྒྲགས། གཙོ་སྐྱོང་སྡེ་ཚན་གྱིས་སྐད་བརྡ་རིག་པ་དང་། ཡིག་སྒྱུར་རིག་པ། རྩོམ་རིག་ཁྱབ་ཁོངས་བཅས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཞིབ་དཔྱད་ཚོགས་ཆུང་བཙུགས་ཏེ་བརྩམས་ཆོས་ཚང་མར་མིང་མེད་དཔྱད་ཞིབ་དང་། ཕྱོགས་བསྡུས་སྐར་འགོད། མཉམ་འབྲེལ་གྲོས་བསྡུར་བཅས་བྱ་རྒྱུ་ཡིན། དཔྱད་ཞིབ་མཇུག་སྒྲིལ་རྗེས། མཚོ་སྔོན་པོ་དྲ་བའི་སྟེང་བྱ་དགའ་ཐོབ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་ཡིན་པ་དང་། ཡོངས་བསྒྲགས་དུས་ཡུན་ནི་ཉིན5ཡིན།
       5. གྲུབ་འབྲས་འགྲེམ་སྟོན་དང་འབྲེལ་འདྲིས་ཁྱབ་གདལ། ཡོངས་བསྒྲགས་བྱས་པར་བསམ་འཆར་མི་མཐུན་པ་མེད་ན་མཐའ་མའི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། ཕུལ་བྱུང་བྱ་དགའ་ཐོབ་པའི་བརྩམས་ཆོས་མཚོ་སྔོན་པོ་དྲ་བའི་སྟེང་དུ་གཅིག་སྡུད་ཀྱིས་འགྲེམས་སྤེལ་བྱ་རྒྱུ་ཡིན། བྱ་དགའ་ཐོབ་པའི་འཐུས་མི་གདན་དྲངས་ནས་དྲ་ཐོག་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། ཡིག་སྒྱུར་གྱི་ཉམས་མྱོང་དང་གསར་རྩོམ་གྱི་མྱོང་ཚོར་མཉམ་སྤྱོད་བྱས་ཏེ། ཕན་ཚུན་སློབ་སྦྱོང་དང་གྲོས་བསྡུར་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་འགྲན་བསྡུར་གྱི་ཤུགས་རྐྱེན་ཐེབས་ཁྱོན་རྒྱ་སྐྱེད་རྒྱུ་ཡིན།
       དྲུག་པ། བྱ་དགའི་རྣམ་གྲངས་བཀོད་སྒྲིག
       སྒྲུང་ཐུང་དང་། ལྷུག་རྩོམ། སྙན་ངག་བཅས་ལ་གཞིགས་ནས་སོ་སོར་བྱ་དགའ་སྟེར་བ་སྟེ།
       གཅིག། སྒྲུང་ཐུང་།
       ཨང་དང་པོ། མི1དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར3600བཅས་ཡིན།
       ཨང་གཉིས་པ། མི2དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར2400བཅས་ཡིན།
       ཨང་གསུམ་པ། མི3དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར1200བཅས་ཡིན།
       གཉིས། ལྷུག་རྩོམ།
       ཨང་དང་པོ། མི1དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར2400བཅས་ཡིན།
       ཨང་གཉིས་པ། མི2དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར1600བཅས་ཡིན།
       ཨང་གསུམ་པ། མི3དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར800བཅས་ཡིན།
       གསུམ། སྙན་ངག
       ཨང་དང་པོ། མི1དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར1500བཅས་ཡིན།
       ཨང་གཉིས་པ། མི2དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར1000བཅས་ཡིན།
       ཨང་གསུམ་པ། མི3དང་བྱ་དགའི་རྟགས་མ+གཟི་བརྗིད་དཔང་ཡིག+བྱ་དགའི་དངུལ་སྒོར500བཅས་ཡིན།
       བདུན་པ། རྩོམ་ཡིག་བསྐུར་སྟངས།
       འགྲན་བསྡུར་ནང་ཞུགས་མཁན་གྱིས་ཡིག་སྒྱུར་བརྩམས་ཆོསWord+PDFརྣམ་པ་གཉིས་ཀྱི་ཐོག་ནས་གཏན་འཁེལ་བྱས་པའི་མ་ཡིག་ཡིག་ཟམ་དུ་བསྐུར་བ་དང་། ཡིག་ཟམ་གྱི་བརྗོད་གཞིར“ཡིག་སྒྱུར་འགྲན་བསྡུར་ཆེན་མོ་སྐབས་གསུམ་པའི་འགྲན་ཞུགས་བརྩམས་ཆོས”ཞེས་འགོད་དགོས། མ་ཡིག་ཕྱིར་མི་སྤྲོད་པས་རྩོམ་པ་པོ་རང་ཉིད་ཀྱིས་མ་ཡིག་ཉར་རོགས།
       ཡིག་ཟམ། amdotibet@126.com (རྩོམ་ཡིག་བསྐུར་སྐབས་མིང་དང་འབྲེལ་གཏུག་ཁ་པར། འཕྲིན་གཏོང་ས་གནས། མི་སྒེར་གྱི་ངོ་སྤྲོད་མདོར་བསྡུས་བཅས་གསལ་པོར་འབྲི་དགོས)།
       འབྲེལ་གཏུག་ཁ་པར། 0974-8512858 18689185044
       བརྒྱད་པ། མཉམ་འཇོག་དོན་ཚན།
       1. རྩོམ་ཡིག་བསྐུར་བའི་དུས་ཚོད་ཀྱི་བླང་བྱ། འགྲན་ཞུགས་བརྩམས་ཆོས་ཚང་མ་ངེས་པར་དུ2026ལོའི་ཟླ6པའི་ཚེས10ཉིན་ནས་ཟླ8པའི་ཚེས10ཉིན་བར་བསྐུར་དགོས་པ་དང་། དུས་ལས་ཡོལ་ནས་བསྐུར་བའི་བརྩམས་ཆོས་ཚང་མ་ནུས་མེད་དུ་རྩིས་ནས་དཔྱད་ཞིབ་ཁྱབ་ཁོངས་སུ་མི་འཇུག
       2. བརྩམས་ཆོས་ཀྱི་རྣམ་གཞག་བླང་བྱ། འགྲན་ཞུགས་འགྱུར་ཡིག་ངེས་པར་དུ་སྒྲིག་སྟངས་ཚད་ལྡན་དང་ཡིག་གཟུགས་གསལ་པོ་ཡིན་དགོས་པ་དང་། གཏན་འཁེལ་བྱས་པའི་སྐད་རིགས་དང་བརྗོད་བྱ་ལྟར་གསར་རྩོམ་བྱེད་དགོས། མ་ཡིག་ལ་བཟོ་བཅོས་བརྒྱབ་པ་དང་འགྲན་ཞུགས་སྐད་རིགས་བརྗེ་བའི་བརྩམས་ཆོས་དཔྱད་འདེམས་ནང་ཞུགས་མི་ཆོག
       3. པར་དབང་གི་འབྲེལ་ཡོད་གསལ་བཤད། འགྲན་ཞུགས་བརྩམས་ཆོས་ཀྱི་བདག་དབང་རྩོམ་པ་པོར་དབང་བ་དང་། གཙོ་སྒྲུབ་ཕྱོགས་ལ་བྱ་དགའ་ཐོབ་པའི་བརྩམས་ཆོས་རིན་མེད་འགྲེམ་སྟོན་དང་། དྲིལ་བསྒྲགས། གཏོང་སྐྱེལ། ཕྱོགས་བསྒྲིགས་སོགས་ཚོང་ལས་མ་ཡིན་པའི་བེད་སྤྱོད་དབང་ཆ་ཡོད་པ་དང་། འགྲན་བསྡུར་ནང་ཞུགས་པ་ནི་དོན་ཚན་འདིར་མོས་མཐུན་བྱས་པར་བརྩི་རྒྱུ་ཡིན།
       4. ཆ་འཕྲིན་གྱི་བདེན་དངོས་རང་བཞིན་གྱི་བླང་བྱ། འགྲན་ཞུགས་པས་བཀོད་པའི་མིང་དང་འབྲེལ་གཏུག་བྱེད་སྟངས། ས་གནས་སོགས་མི་སྒེར་གྱི་ཆ་འཕྲིན་ངེས་པར་དུ་བདེན་པ་དང་ནུས་ལྡན་ཡིན་དགོས་པ་དང་། ཆ་འཕྲིན་ནོར་འཁྲུལ་དང་འབྲེལ་བ་ཆད་པའི་དབང་གིས་བྱ་དགའི་དངུལ་དང་དཔང་ཡིག་སྤྲོད་ཐབས་བྲལ་བའི་རིགས་ཀྱི་མཇུག་འབྲས་འགྲན་ཞུགས་པ་རང་ཉིད་ཀྱིས་འགན་འཁུར་དགོས།
       5. བསམ་འཆར་མི་མཐུན་པ་ཐག་གཅོད་བྱེད་པའི་སྒྲིག་སྲོལ། ཡོངས་བསྒྲགས་བྱེད་པའི་དུས་སྐབས་ནང་། གལ་སྲིད་ཞིབ་དཔྱད་མཇུག་འབྲས་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ་དངོས་མིང་བཀོད་ནས་འགྲན་བསྡུར་གྱི་སྒྲིག་འཛུགས་ཨུ་ལྷན་ལ་ཡིག་ཐོག་གི་ར་སྤྲོད་རྒྱུ་ཆ་ཕུལ་ཆོག མིང་མེད་པའི་བསམ་འཆར་ལ་བདག་སྤྲོད་མི་བྱེད། སྒྲིག་འཛུགས་ཨུ་ལྷན་གྱིས་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས་ལན་འདེབས་ངེས་ཡིན།
       རྒྱ་ཆེའི་ལོ་ཙཱ་བ་རྣམས་སྤྲོ་སེམས་ཆེན་པོས་འགྲན་བསྡུར་ནང་ཞུགས་ནས། ཡིག་སྒྱུར་བརྒྱུད་ནས་བརྩེ་སེམས་མཚོན་པ་དང་། བརྩམས་ཆོས་བརྒྱུད་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུར་དགའ་བསུ་ཞུ།


མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
2026ལོའི་ཟླ6པའི་ཚེས5ཉིན།
ཟུར་བཀོད་ཡིག་ཆ།
1.昌耀诗歌《河床》
2.冰心小说《超人》
3.吴伯萧散文《马》
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།