ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭར་གནང་བའི་གསུང་བཤད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-21 08:45:55 ཀློག་གྲངས།:
     中国共产党是中国特色社会主义事业的领导核心,处在总揽全局、协调各方的地位。在当今中国,没有大于中国共产党的政治力量或其他什么力量。党政军民学,东西南北中,党是领导一切的,是最高的政治领导力量。中国共产党是执政党,党的领导是做好党和国家各项工作的根本保证,是我国政治稳定、经济发展、民族团结、社会稳定的根本点,绝对不能有丝毫动摇。
—《在省部级主要领导干部学习贯彻党的十八届四中全会精神全面推进依法治国专题研讨班上的讲话》(2015年2月2日)
       ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་ཞིང་། ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་གོ་གནས་བཟུང་ཡོད། དེང་སྐབས་ཀྱི་ཀྲུང་གོར་ཀྲུང་གོའི་གུང་ཁྲན་ཏང་གི་ཆབ་སྲིད་སྟོབས་ཤུགས་ལས་ཆེ་བའི་སྟོབས་ཤུགས་སམ་སྟོབས་ཤུགས་གཞན་པ་གང་ཡང་མེད། ཏང་སྲིད་དམག་དམངས་སློབ་དང་། ཤར་ལྷོ་ནུབ་བྱང་དབུས་ཏེ། ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་དང་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་མཐོ་ཤོས་དེ་ཡིན། ཀྲུང་གོའི་གུང་ཁྲན་ཏང་ནི་སྲིད་སྐྱོང་ཏང་ཡིན་ཞིང་། ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལེགས་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་ལ། རང་རྒྱལ་གྱི་ཆབ་སྲིད་བརྟན་པོ་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་ཡོང་བའི་གཞི་རྩ་ཡིན་པས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།
«ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭར་གནང་བའི་གསུང་བཤད།»(༢༠༡༥ལོའི་ཟླ༢ཚེས༢ཉིན།)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།