-
ཟླ10པའི་ཚེས15ཉིན་གྱི་སྔོ་དྲོར།མཚོ་ནུབ་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཚོགས་འདུ་གཏེར་ལེན་ཁ་རུ་འཚོགས་པ་དང་།ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་མགོ་ཁྲིད་གཙོ་བོས«མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལས་དོན་སྲོལ་ཡིག»ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཉེ་བའི་ལོ་ཤས་རིང་ལ་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ཤིང་།...
2024-10-16 17:54:26 མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས 16072 -
ཟླ10ཚེས11ཉིན་གྱི་སྔ་དྲོ«ཧི་མ་ལ་ཡའི་དབྱངས་རོལ་གྱི་བསྟན་བཅོས»ལྟ་ཀློག་མཉམ་སྤྱོད་ཚོགས་འདུ་དེ་ཁྲེན་ཏུའུ་གྲོང་ཁྱེར་ཐེན་ཧྥུའུ་དཔེ་དེབ་འགྲེམ་ཚོགས་ལྟེ་གནས་སུ་འཚོགས་པ་དང་།དེབ་དེ་ནི་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོས་བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཞིག་རེད།...
2024-10-12 08:05:38 མཚོ་སྔོན་པོ་དྲ་བ། 15911 -
2024ལོའི་ཟླ9པའི་ཚེས27ཉིན།དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་ཏང་ཀྲི་པུའུ་ཡིས་རྫོང་མཁར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་དོན་ལྔ་ལོན་པའིདགའ་སྟོན་རྟེན་འབྲེལ་ལ།དཔའ་རིས་དམངས་གླུ་རྒྱུད་འཛིན་འཁྲབ་སྟོན་བྱེད་སྒོ་གཟབ་རྒྱས་ངང་འཚོགས།...
2024-09-30 15:48:00 དཔའ་རིས་བོད་རང་སྐྱོང་རྫོང་བོད་ 16183 -
[བྱ་འགུལ་སྣ་ཚོགས།]
༄༅། །བདེ་ཡངས་ཡུལ་ཚོས་དཔའ་རིས་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས།
2024ལོའི་ཟླ9པའི་ཚེས22ཉིན།བདེ་ཡངས་ཡུལ་ཚོས་རིག་གནས་རྒྱུད་འཛིན་གྱི་སྒྲ་དབྱངས་གྲག་སྟེ་མེ་ཏོག་སེ་འབྲུ་རབ་བཞད་འཁྲུངས་སྐར་བསུ་ཞེས་པའི་དཔའ་རིས་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས།དེ་ནི་དམངས་སྲོལ་རིག་གནས་ཀྱི་ཉམས་སྣང་མངོན་པའི་གསོལ་སྟོན་ཞིག་ཡིན་པ་མ་ཟད།ཡུལ་ཚོ་དེ་གས་མེས་རྒྱལ་རླབས་པོ་ཆེ་ཚུགས་ནས་ལོ་འཁོར75ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་ཕུལ་བའི་བརྗོད་དོན་བྱེད་སྒོ་ཞིག་ཀྱང་ཡིན།...
2024-09-24 09:05:23 དཔའ་རིས་བོད་རང་སྐྱོང་རྫོང་བོད་ 16189 -
2024ལོའི་སྟོན་དུས་སློབ་མགོ་ཚུགས་པའི་སྐབས་སུ།སློབ་གྲྭར་ཡོད་པའི་སློབ་མའི་དུག་འགོག་འདུ་ཤེས་སྔར་བས་ཇེ་དྲག་དང་དུག་འགོག་ནུས་པ་མཐོར་འདེགས་གཏོང་ཆེད།ཞིང་ཆེན་དང་ཁུལ་དུག་འགོག་གཞུང་སྒྲུབ་ཁང་གི་བྱ་བའི་བཀོད་སྒྲིག་ལྟར།ཐུན་ཏེ་རྫོང་དུག་འགོག་གཞུང་སྒྲུབ་ཁང་སློབ་རར་བསྐྱོད་དེ་དུག་རྫས་སྔོན་འགོག་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་།སློབ་མ་རྣམས་ཀྱི་དུག་འགོག་ཤེས་བྱའི་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་བ།“ལོ་ཆུང་གཞོན་ནུས་གང་འདོད་སྒོས་སྨན་རྫས་སྤྱོད་པ་སྔོན་འགོག”བྱེད་པ་སློབ་རའི་འཚོ་བར་འདྲེས་སུ་འཇུག་པ་བཅས་བྱས་ཏེ།སློབ་རའི་དུག་འགོག་དྲིལ་སྒྲོག་གི་ཁོར་ཡུག་བཟང་པོ་བསྐྲུན།...
2024-09-12 09:15:19 མཚོ་སྔོན་པོ་དྲ་བ། 16104 -
རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཨུ་ལྷན་གྱི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེའི་ཚོགས་འདུ་དང༢༠༢༣ལོའི་བོད་སྐད་བརྡ་ཆད་གསར་པ་ཞུ་དག་གཏན་འབེབས་ཀྱི་ཚོགས་འདུ་ལྷ་ས་རུ་འཚོགས།...
2024-09-09 09:11:34 མཚོ་སྔོན་པོ་དྲ་བ། 16902 -
[བྱ་འགུལ་སྣ་ཚོགས།]
༄༅། །བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་བདུན་པ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་ལེགས་འགྲུབ་བྱུང་བ།
བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་བདུན་པ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་སྤྱི་ཟླ༨པའི་ཚེས༡༡ནས༢༣བར་ནན་ཁའེ་སློབ་ཆེན་དུ་ལེགས་འགྲུབ་བྱུང་།ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ་ནི་གཉན་རིམས་བྱུང་བའི་རྗེས་ནས་ཐེངས་དང་པོར་ཡུལ་དངོས་སུ་འཚོགས་པ་ཡིན།...
2024-09-05 08:58:36 ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་། 16501 -
[བྱ་འགུལ་སྣ་ཚོགས།]
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་འཚོགས་མགོ་བརྩམས།
ཟླ9ཚེས3ཉིན།རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་དང“རྔ་བར་མཇལ་འཛོམས།རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་ཆེ་གྲས་གསར་འགྱུར་བཅར་འདྲིའི་བྱེད་སྒོ་དེ་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་འཚོགས་མགོ་བརྩམས།ཚོགས་འདུ་འདི་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་།ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཨུ།གྲོང་ཁྱེར་མི་དམངས་སྲིད་གཞུང་དང་།རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བ་དང་།བོད་ལྗོངས་དང་།སི་ཁྲོན།མཚོ་སྔོན།ཀན་སུའུ།ཡུན་ནན་སོགས་སྨྱན་སྦྱོར་ལས་ཁུངས33ནས་ཕེབས་པའི་མི་སྣ79ཚོགས་འདུར་ཞུགས་ཡོད་པ་དང་།འཚོགས་ཡུན་ཉིན5ཡིན།...
2024-09-03 11:56:34 ཚུལ་ཁྲིམས་རྡོ་རྗེ། 16398 -
[བྱ་འགུལ་སྣ་ཚོགས།]
ཀོས་ནན་རྫོང་དུག་འགོག་གཞུང་སྒྲུབ་ཁང་གིས་དུག་འགོག་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ།
དུག་འགོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་།དུག་འགོག་དྲིལ་སྒྲོག་སློབ་གསོའི་ཤུགས་ཚད་སྔར་བས་ཆེ་རུ་གཏོང་བ།རྫོང་ཡོངས་ཀྱི་མི་དམངས་ཀྱི་དུག་འགོག་འདུ་ཤེས་དང་ནུས་པ་མཐོར་འདེགས་གཏོང་ཆེད།ཀོས་ནན་རྫོང་དུག་འགོག་གཞུང་སྒྲུབ་ཁང་གིས་ཀོས་ནན་རྫོང་ཐར་ཤུལ་ཞང་གིས་རྟ་རྒྱུག་རིག་གནས་ཡུལ་སྐོར་བྱ་འགུལ་སྐབས་བཅུ་དགུ་པ་སྤེལ་བ་གོ་སྐབས་སུ་བཟུང་སྟེ།ཉེ་ཆར་བྱ་འགུལ་ཡུལ་དངོས་སུ་དུག་འགོག་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཐེངས་ཤིག་སྤེལ།...
2024-08-28 09:22:04 མཚོ་སྔོན་པོ་དྲ་བ། 16074 -
ཟླ8པའི་ཚེས27ཉིན་གྱི་སྔ་དྲོར།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གཉིས་ཀྱིས་སྒྲུབ་འགན་འཁུར་བའི«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་བསྡུས།...
2024-08-28 08:28:26 གསང་བདག་རྒྱལ། བདེ་ལེགས་མཚོ། 16421






































青公网安备63252102000006号