ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > དཔའ་རིས་རྫོང་གིས2026ལོའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུ་བའི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་འཚོགས།
དཔའ་རིས་རྫོང་གིས2026ལོའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུ་བའི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་འཚོགས།
རྩོམ་པ་པོ།:དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-03-10 09:34:21
ཀློག་གྲངས།:
2026ལོའི་ཟླ3པའི་ཚེས6ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྫོང་མཁར་རབ་རྒྱས་ནས2026ལོའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུ་བའི་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བྱེད་སྒོ་གཟབ་རྒྱས་ངང་འཚོགས།

ཐེངས་འདིའི་བྱེད་སྒོ་ལ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུའི་བརྒྱུད་འཛིན་པ་ཡོངས་དང་ཞིང་ཆེན་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་གཉེན་སྲོལ་དང་གྲོང་ཁྱེར་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་བཤད་པ། རྫོང་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་དཔའ་རིས་གཏམ་དཔེ་སོགས་ཀྱི་བརྒྱུད་འཛིན་པ་ཡོངས་དང་། ངེད་ལས་ཁུངས་ཀྱི་ལས་མི་ཡོངས་བཅས་མི་དྲུག་ཅུ་ལྷག་བྱེད་སྒོར་ཞུགས་ཡོད།
བྱེད་སྒོའི་ཁྲོད་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་བསྣོན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཞེས་པའི་གསུངས་བཤད་ལ་སློབ་སྦྱོང་བྱས་ཤིང་རྫོང་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་བརྒྱུད་འཛིན་པ་ཡོངས་ལ་བརྒྱུད་འཛིན་དཔང་ཡིག་གནང་། ཁོ་ཚོས་ཡུལ་གྲུ་འདིའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ནུས་ཤུགས་གང་ཡོད་བཏོན་པར་བཀའ་དྲིན་ཞུས་པ་དང་མུ་ནས་དཔའ་རིས་ས་ཆའི་དམངས་གླུ་དང་གཉེན་སྲོལ། བཤད་པ། གཏམ་དཔེ་སོགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་ལ་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་ཞུས།

བྱེད་སྒོའི་ཁྲོད་དཔའ་རིས་དགེ་འོས་སློབ་གྲྭའི་ལས་འཁྱུར་ངལ་གསོ་དགེ་རྒན་དབང་གྲགས་དང་ཚེ་རིང་རྒྱལ་མཚན། དཔའ་རིས་བཤད་པའི་བརྒྱུད་འཛིན་པ་ཕྱག་རྡོར་ཚེ་རིང་བཅས་གསུམ་གྱིས་དཔའ་རིས་དམངས་གླུའི་རིགས་དབྱེ་དང་དབྱངས་རྟ་འཇོག་སྟངས། དམངས་གླུའི་ནང་དོན་ཀྱི་ཆ་ནས་རིགས་མི་འདྲ་བ་ཡོད་པ་ལ་ཡུལ་དུས་མི་འདྲ་བས། གླུ་ཡང་གང་ལ་གང་འཚམ་ཞིག་ལེན་རྒྱུ་ནི་དཔའ་རིས་བོད་ཀྱི་དམངས་གླུའི་ཐུན་མོང་གི་ལེན་ལུགས་ཤིག་ཡིན་པ་སོགས་ཀྱི་ཆ་ནས་ཀུན་ལ་སློབ་ཁྲིད་བྱས་ཤིང་། བརྒྱུད་འཛིན་པ་འགས་དམངས་གླུའི་རིགས་དབྱེ་སྟེ་མགྲོན་པོ་བསུ་བའི་གླུ་དང་གཡང་ཁྱིམ་བསྟོད་པའི་གླུ་སོགས་སྙན་མོ་དབྱངས་ལ་འགུག་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུ་བར་མཆོད་པའི་ཚུལ་དུ་འདུ་ཚོགས་གྲལ་ནས་བླངས། མཇུག་མཐར་བྱེད་སྒོར་ཞུགས་པའི་བརྒྱུད་འཛིན་པ་སོ་སོས་ངག་བདེ་མོ་དབྱངས་ལ་བཀུག་ནས་དཔའ་རིས་དམངས་གླུ་དང་རྩེད་རིག་སོགས་སྦྱངས་པ་ཉམས་ལེན་གྱི་ཚུལ་དུ་རེས་མོས་བཞིན་བླངས་ཏེ་བྱེད་སྒོའི་མཇུག་བསྒྲིལ།

ཐེངས་འདིའི་བྱེད་སྒོ་ནི2026ལོའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་བསུ་བའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་ངག་གི་མཆོད་པ་ཞིག་ཡིན་པ་མ་ཟད། དཔའ་རིས་བོད་རང་སྐྱོང་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་གྲུབ་འབྲས་དྲིལ་གྲགས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན། བྱེད་སྒོ་བརྒྱུད་རྒྱུན་འཛིན་པ་ཡོངས་ལ་དཔའ་རིས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་གཏོང་བར་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་རླབས་པོ་ཆེ་སྐུལ་བར་དམིགས་ཏེ། མུ་ནས་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་གོང་སྤེལ་བྱེད་པའི་སེམས་ཤུགས་ཆེར་བསྐྱེད་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号