ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་ལྷོ་གླུ་གར་ཚོགས་པ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དགོང་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས།
མཚོ་ལྷོ་གླུ་གར་ཚོགས་པ་བཙུགས་ནས་ལོ་དྲུག་ཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དགོང་ཚོགས་མཚོ་ལྷོ་ཁུལ་དུ་འཚོགས།
རྩོམ་པ་པོ།:བསོད་ནམས་དབང་མོ། སྐལ་བཟང་རྣམ་རྒྱལ།
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2024-12-25 11:11:52
ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཏང་གི་དྲིན་དྲན་པའི་རིག་རྩལ་དགོང་ཚོགས་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་མཚོ་ལྷོ་ཁུལ་དུ་འཚོགས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པ་ནི་གཅིག་སྟོང་དགུ་བརྒྱ་རེ་བཞི་ལོར་བཙུགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དྲོན་མོའི་འོག་ཏུ། མི་རིགས་སྲོལ་རྒྱུན་གྱི་གླུ་གར་གཏམ་གསུམ་གཙོ་བྱས་རིག་གནས་དར་སྤེལ་དང་རྒྱུན་འཛིན་གྱི་སྟེང་ལ་ཤུགས་བསྣན་ནས། ས་གནས་མང་ཚོགས་ལ་རིག་གནས་ཀྱི་ཞབས་ཞུ་གང་ལེགས་བསྒྲུབས་དང་སྒྲུབ་མུས་སུ་ཡོད་པ་མ་ཟད། ཉིས་སྟོང་ཉེར་གཉིས་ལོ་ནས་བཟུང་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་རྟེན་གཞིའི་མིང་བྱང་བཀལ་ཞིང་། གླུ་གར་ཚོགས་པའི་ལས་བཟོ་བ་ཡོངས་ཀྱིས་གེ་སར་སྒྲུང་དང་འབྲེལ་བའི་ཟློས་གར་སྣ་ཚོགས་འཁྲབ་སྟོན་དང་སྔོག་འདོན་བྱེད་པར་ཤུགས་བསྣན།

ཐེངས་འདིའི་རིག་རྩལ་དགོང་ཚོགས་ནི་མཉམ་སྒྲོག་རོལ་མོ་ཞིག་གིས་མདུན་བསུས་ཤིང་། རིམ་གྱིས་དམངས་གླུ་དང་རྩེད་རིག་སོགས་ཀྱི་འཁྲབ་སྟོན་སྣ་ཚོགས་བྱས་པས། ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག་ལ། ལྷག་དོན་གེ་སར་བརྗོད་དོན་བྱས་པའི་ཟློས་གར་གྱི་འཁྲབ་སྟོན་དང་གླུ་གར་ཚོགས་པ་དེའི་རྒན་རབས་འཁྲབ་སྟོན་པ་དག་གི་མཉམ་འཛོམས་ཀྱིས་དགོང་ཚོགས་ཀྱི་ཡུལ་དངོས་འཁྲུག་ཆ་ཇེ་དོད་དུ་བཏང་།

མཚོ་ལྷོ་གླུ་གར་ཚོགས་པས་སྒྱུ་རྩལ་གྱི་ཐོག་མའི་སེམས་འདུན་མ་བརྗེད་པར། ས་གནས་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཕུན་སུམ་ཚོགས་པའི་བརྗོད་དོན་མང་པོ་སྔོག་འདོན་བྱས་ནས། སྒྱུ་རྩལ་གྱི་ཐབས་རྩལ་སྣ་མང་ལ་བརྟེན་ནས་འཁྲབ་སྟོན་བྱས་ཏེ། ས་གནས་རིག་གནས་འཕེལ་རྒྱས་དང་མི་རིགས་ཕན་ཚུན་འགྲོ་འོང་བརྗེ་རེས། མི་དམངས་མང་ཚོགས་ལ་བསམ་པའི་ལོངས་སྤྱོད་སྩོལ་བ་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།