ཨ་སྨྱོན་གྱི་སྙན་དེབ«ཟླ་བ་ལྷ་མོ»འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-27 15:01:47 ཀློག་གྲངས།:
       ཟླ7པའི་ཚེས26ཉིན། དེང་རབས་བོད་ཀྱི་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་སྙན་དེབ«ཟླ་བ་ལྷ་མོ»ཡི་འགྲེམ་སྤེལ་མཛད་སྒོ་གནའ་མཁར་ཟི་ལིང་གི་གཙུག་ལག་ཕྲེང་བ་དཔེ་ཁང་དུ་བསྡུས་ཤིང་། དཔེ་དེབ་འདི་ལ་མཚོན་ན་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྙན་དེབ་ཐོག་མ་ཡིན་ལ། བོད་ཀྱི་དེང་རབས་རྩོམ་རིག་གི་སྐྱེད་ཚལ་ལ་གསར་དུ་བཞད་པའི་མེ་ཏོག་ཚོམ་བུ་ཞིག་ཏུའང་བརྩིས་ཆོག་ཆོག་ཡིན།
       མཛད་སྒོའི་སྟེང་དུ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་སྤྱི་ཟུར་པ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན། དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དེང་རབས་བོད་ཀྱི་རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། དེང་རབས་བོད་ཀྱི་རྩོམ་པ་པོ་མཛེས་སེ། མཚོ་སྔོན་ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང«བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་བོད་ཡིག་པར་མའི་གཙོ་སྒྲིག་པ་གཞོན་པ། དེང་རབས་བོད་ཀྱི་རྩོམ་པ་པོ་རང་སྒྲ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཚེ་མཁར་རྒྱལ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ། དེང་རབས་བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་སློབ་གཙོ། དེང་རབས་བོད་ཀྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་འབྲོང་བུ་རྡོ་རྗེ་རིན་ཆེན། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་གཞོན་པ། དེང་རབས་བོད་ཀྱི་སྙན་ངག་པ་རམས་ཚེ་བྷོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ། ཞུས་ཆེན་གཞོན་པ་སྒྲོལ་མ་རྒྱ་མཚོ། མཚོ་སྔོན་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་ཞུས་ཆེན་གཞོན་པ། དེང་རབས་བོད་ཀྱི་སྙན་ངག་པ་འགར་སྐལ་བཟང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་ཞུས་ཆེན་གཞོན་པ། སྙན་དེབ«ཟླ་བ་ལྷ་མོ»ཡི་རྩོམ་སྒྲིག་འགན་ཁུར་པ་འགུ་ཚང་པདྨ་རྡོ་རྗེ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། དེང་རབས་བོད་ཀྱི་རྩོམ་པ་པོ་དཔལ་མོ་རྒྱལ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ། དེང་རབས་བོད་ཀྱི་སྙན་ངག་པ་སྙིང་ལྕགས་རྒྱལ། གཞན་ཁྲི་ཀའི་རྩོམ་རིག་ཚོགས་པའི་རྒན་སྐལ་བཟང་དོན་གྲུབ་དང་། བོད་ཀྱི་དབྱངས་རྩོམ་པ་པོ་གྲགས་ཅན་དབང་གྲགས་རྡོ་རྗེ། སྙན་ངག་པ་རྐྱང་རྩེ་རྡོར་ལྷུན་དང་སྟག་རིག་འབྲུག་ཐར། ཐོག་སོགས་ཀྱང་ཞུགས་ཡོད།
       ཐེངས་འདིའི་མཛད་སྒོའི་སྟེང་དུ་རྩོམ་པ་པོས་སྙན་དེབ་མཚམས་སྦྱོར་དང་གསར་རྩོམ་གྱི་མྱོང་བ་བཤད་ཅིང་། དེ་དང་མཐུད་ནས་མཛད་སྒོའི་སྟེང་དུ་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་ཡོངས་ཀྱིས་རྩོམ་པ་པོར་རྟེན་འབྲེལ་ཞུ་བའི་ཁ་བཏགས་འཐེན་ཞིང་། རང་མོས་ཀྱི་བཤད་གཏམ་གནངས་ནས་རྩོམ་པ་པོ་ཨ་སྨོན་བཀྲ་ཤིས་དོན་འགྲུབ་ཀྱི་སྙན་དེབ་ཐོག་མ«ཟླ་བ་ལྷ་མོར»གདེང་འཇོག་བླ་མེད་གནང་སྟེ་མཛད་སྒོ་ཡོངས་སུ་མཇུག་རྫོགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།