ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «སློབ་གསོའི་ངོས་འཛིན་དང་ལག་ལེན་མྱོང་བཤད»ཀྱི་འགྲེམ་སྤེལ་མཛད་སྒོ་བསྡུས།
«སློབ་གསོའི་ངོས་འཛིན་དང་ལག་ལེན་མྱོང་བཤད»ཀྱི་འགྲེམ་སྤེལ་མཛད་སྒོ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-04-25 08:32:41
ཀློག་གྲངས།:

2023ལོའི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་སྐབས་ཉེར་བརྒྱད་པའི་ཉིན་མོ་ཡིན་པ་དང་། གཡུ་ལོ་བཀོད་པའི་ཞིང་ཁམས་སུ་གྲགས་པའི་ཁྲི་ཀ་རྟེན་རྫོང་ཕྱུག་མོའི་སྤྱན་ཡངས་དཔེ་ཁང་དུ་བསོད་ནམས་རྡོ་རྗེ་ཡིས་བརྩམས་པའི«སློབ་གསོའི་ངོས་འཛིན་དང་ལག་ལེན་མྱོང་བཤད»ཅེས་པའི་སློབ་གསོའི་ཆེད་དེབ་ཀྱི་འགྲེམ་སྤེལ་ཚོགས་འདུ་བསྡུས།

ཚོགས་ཐོག་ཏུ་ས་གནས་སོ་སོ་ནས་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་དང་སློབ་གསོ་བ། ཆེད་མཁས་པ་མང་པོ་གདན་གཅིག་ཏུ་འཛོམས་ཏེ་དེབ་གསར་གྱི་ཞལ་སྒོ་ཕྱེ་ཞིང་རྩོམ་པ་པོར་བཀྲ་ཤིས་པའི་ཁ་བཏགས་དང་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ། དེ་དང་བསྟུན་ནས་འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་ཚོས་སློབ་གསོའི་ཆེད་དེབ་དང་འབྲེལ་ཏེ་སློབ་གསོ་རིག་པའི་གཞུང་ལུགས་དང་མཐུན་ཞིང་། དེང་སྐབས་སྤྱི་ཚོགས་སློབ་གསོ་དང་འཕལ་ཀ་འཕྲོད་པ། རྨང་གཞི་སློབ་གསོའི་འཕེལ་ཕྱོགས་ལ་སྨན་པའི་རིན་ཐང་གི་སྐོར་ནས་གཏམ་བཤད་གལ་ཆེན་གནང་བ་དང་།

ཀློག་པ་པོ་རྣམས་ཀྱིས་ཀྱང་ཆེད་དེབ་ལ་བལྟས་པའི་མྱོང་ཚོར་ལྷུག་པོར་བརྗོད་ཅིང་ཕན་ཚུན་བགྲོ་གླེང་གི་ཚུལ་དུ་ཡུལ་དངོས་འཁྲུག་ཆ་དོད་པར་བསྒྱུར། དེར་མཐུད་དེ་རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་གསོའི་དེབ་གསར་འདི་ཡི་རྩོམ་འབྲིའི་བརྒྱུད་རིམ་ངོ་སྤྲོད་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།