ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་ལྷོ་ཁུལ་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་གྱི་བྱ་འགུལ་སྤེལ།
མཚོ་ལྷོ་ཁུལ་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:ཀུན་བཟང་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-04-24 17:42:31
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས2023ལོའི་འཛམ་གླིང་དཔེ་ཀློག་ཉིན་མོ་དང་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་གྱི་བྱ་འགུལ་སྤེལ།
ཁྱོན་ཡོངས་ནས་སྤྱི་དམངས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་དང་མཁར་གྲོང་གི་རིག་གནས་སློབ་གསོའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་ཆེད། ཀྲུང་གུང་མཚོ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་གནང་ཞིང་། ཁུལ་དཔེ་མཛོད་ཁང་གིས་འགན་སྒྲུབ་གནང་བ། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་གུང་ཧོ་རྫོང་སློབ་འབྲིང་། ཁུལ་མི་རིགས་གླུ་གར་ཚོགས་པ། ཁུལ་རིག་གནས་ཁང་། ཁུལ་མི་རིགས་རྟེན་མཛོད་ཁང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་སྟོན་ཞབས་ཞུ་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་གནང་སྟེ། 2023ལོའི་འཛམ་གླིང་དཔེ་ཀློག་ཉིན་མོའི་གོ་སྐབས་དང་བསྟུན་ནས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་གྱི་ཚོགས་འདུ་དེ་ཁུལ་དཔེ་མཛོད་ཁང་གི་ཐང་ཆེན་དུ་འཚོགས་པ་རེད།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འཛམ་གླིང་དཔེ་ཀློག་ཉིན་མོའི་བྱ་འགུལ་དང་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་གྱི་བྱ་འགུལ་འདི་ནི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་བགྲང་བྱ70འཁོར་བའི་མུ་འབྲེལ་རིག་གནས་ཀྱི་བྱ་འགུལ་ཁྲོད་གཏོགས་པ་ཞིག་ཡིན་ལ། འགན་སྒྲུབ་གནང་མཁན་གྱི་ལས་ཁུངས་མང་པོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རང་རང་སོ་སོའི་ནུས་པ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་གནང་སྟེ་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཇེ་ཚོགས་སུ་བཏང་ཡོད་ཅིང་། བྱ་འགུལ་གྱི་གོ་རིམ་ཁྲོད་དུ་མགོ་འཛིན་པས་ངག་ཐོག་ཏུ་དྲི་བ་དྲིས་ཏེ་དྲིས་ལན་ཤེས་མཁན་ཡོད་ཚེ་བྱ་དགའི་ཁུག་མ་གནང་ནས་བསྟོད་བསྔགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་བུ་རྣམས་ལ་དུས་རྒྱུན་དུ་ཤེས་བྱ་གསོག་འཇོག་བྱེད་དགོས་པའི་ཐད་ནས་སྐུལ་མ་གནང་།

གཞན་ཡང་། ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཁུལ་རིག་གནས་ཁང་། ཁུལ་མི་རིགས་རྟེན་མཛོད་ཁང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་སྟོན་ཞབས་ཞུ་ལྟེ་གནས་བཅས་ཀྱིས་ལོ་མང་པོའི་རིང་དུ་སྐབས་རིམ་བྱུང་གི་ཏང་གི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་བྱ་བའི་གྲུབ་འབྲས་ཚང་མ་རིས་འགྲེལ་གྱི་སྒྲོམ་བྱང་དུ་ལེགས་པར་བཀོད་དེ་བྱ་འགུལ་གྱི་ཡུལ་དངོས་སུ་ཀུན་གྱི་སྤྱན་ལམ་དུ་བཀྲམ་ཡོད་པ་དང་། རྣམ་པ་དེ་ཡིས་ཡུལ་དངོས་མང་ཚོགས་ཀྱི་མིག་དབང་ཅིག་ཆར་དུ་འཕྲོག་པ་མ་ཟད། རང་ཁུལ་གྱི་རྨང་གཞིའི་སློབ་གསོ་དང་སྒྱུ་རྩལ་རིག་གནས། རྩལ་ནུས་སློབ་གསོ་སོགས་ཀྱི་འཕེལ་རྒྱས་ཀྱི་གནས་སྟངས་དང་ཆུ་ཚད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་རེད།

འདས་དོན་མཚོན་པའི་སྒྲོམ་བྱང་སྣ་ཚོགས་ཀྱིས་ལྟད་མོ་བའི་མིག་དབང་འཕྲོག་པ།

མཚོ་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཡོད་པའི་རིག་དངོས་སྣ་ཚོགས།
རྩོམ་འབྲི་བ། ཀུན་བཟང་རྡོ་རྗེ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།