༄༅། །དུང་དཀར་བྱ་དགའི་གཟེངས་བསྟོད་ཚོགས་འདུ་སྐབས་གསུམ་པ།
རྩོམ་པ་པོ།:
ཡོང་ཁུངས།:བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོ།
དུས་ཚོད།:2023-03-31 13:26:53
ཀློག་གྲངས།:
༄༅། །ལྔ་རིག་ཚོམས་ཆེན་སྦྲང་རྩིའི་དོག་པ་ཅན།།
བློ་གསལ་འཕུར་ལྡིང་རྩེན་པའི་དགའ་སྟོན་ཉིད།།
བློ་གསལ་འཕུར་ལྡིང་རྩེན་པའི་དགའ་སྟོན་ཉིད།།
སྦྱིན་པ་སེམས་ཀྱིས་གནང་ཞིང་སློབ་གསོ་སྙིང་ལ་གཉེར་བའི་དུས་རབས་གསར་བའི་ཁེ་ལས་པ་ཆེན་མོ། ལྷག་བསམ་རི་ལས་བརྟན་ཞིང་བརྩེ་བ་མཚོ་ལས་ཟབ་པའི་མི་རིགས་ཀྱི་སྦྱིན་པའི་བདག་པོ་སྦྱིན་བདག་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་སྤྱི་ལོ2001ལོ་ནས་བཟུང་གཞན་ཕན་གྱི་ལྷག་བསམ་དཀར་པོ་ཐོད་ལ་བཅངས་ནས་མི་དམངས་མང་ཚོགས་ལ་ཁ་གཏད་དེ་རོགས་སྐྱོར་གྱི་ལས་ཀ་བྱེད་འགོ་ཚུགས་ནས་ཁྱིམ་ཚང་དཀའ་ཁག་ཅན་ལ་འཚོ་བའི་མཐུན་རྐྱེན་བསྐྲུན་པ་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་ཞན་པའི་ལས་རིགས་དང་། ལོ་ལོན་རྒན་པ། ཉམ་ཐག་ནད་པ། དྭ་ཕྲུག་གི་བྱིས་པ་རྣམས་ལ་རོགས་སྐྱོར་དང་ཁྱད་པར་དུ་བྲག་དཀར་རྫོང་གི་མི་རིགས་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་བླ་མེད་གནང། ཐེངས་འདིར་ཡང་དམངས་སྒོར་ཁྲི་བཅུ་གཅིག་ལྷག་བཏངས་ནས་རང་སློབ་གྲྭའི་དགེ་བཟོ་བ་དང་། སྐབས་སྔོན་མའི་ཕུལ་བྱུང་མཐར་ཕྱིན་སློབ་མ་། གཞན་ས་གནས་སློབ་གསོར་གཙིགས་ཆེན་དང་སེམས་ཁུར་རྒྱབ་སྐྱོར་བྱེད་བཞིན་པའི་ཁྱིམ་བདག་བཅས་མི་སྣ་ཉིས་བརྒྱ་ལྔ་བཅུ་ལ་ལྷག་བསམ་རྣམ་དག་གིས་དུང་དཀར་བྱ་དགའི་རྟགས་མ་གནང་།

བྱ་དགའི་བདག་རྐྱེན་སྩོལ་བའི་མཛད་སྒོའི་སྟེང་སྦྱིན་བདག་ཆེན་མོ་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་ཁྱིམ་བདག་དང་། དགེ་རྒན། སློབ་མ་སོགས་ལ་ཐུགས་བརྩེ་བས་སྐུལ་མ་གནང་དོན། ཁྱིམ་བདག་གིས་སློབ་གསོའི་ལས་དོན་ལ་རྒྱབ་སྐྱོར་དང་བྱིས་པའི་སློབ་སྦྱོང་ལ་མཐོང་ཆེན་བྱ་དགོས་པ་དང་། དགེ་རྒན་གྱིས་ཐོག་མའི་སེམས་འདུན་མ་བརྗེད་པར་ཡིད་ལ་བརྟན་པོར་བཅངས་ནས་སློབ་མའི་དགའ་བསུ་ཐོབ་པའི་དགེ་རྒན་ཞིག་བྱ་དགོས་པ། སློབ་མ་རྣམས་ཀྱིས་གསེར་ལས་ལྷག་པའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ་ཁྱིམ་བདག་དང་སློབ་གྲྭའི་རྒྱན་དུ་འགྱུར་དགོས་པ་བཅས། མདོར་ན་སོ་སོས་རང་གི་འོས་འགན་ལེགས་པར་བསྒྲུབས་ནས་མི་ཚེ་ལ་དོན་སྙིང་ལྡན་པར་བརྩོན་དགོས་ཞེས་གསུང་གི་བདུད་རྩི་ངོམ་པར་གསོལ།

རང་གི་ལུས་ངག་ཡིད་གསུམ་ཕངས་པ་མེད་པར་སྐལ་ལྡན་སློབ་མའི་ཆེད་དུ་འབུལ་གྱིན་པའི་དགེ་རྒན་རྣམ་དང་སློབ་གྲྭའི་ལས་བཟོ་བ་རྣམ།

ཉིས་སྟོང་ཉེར་གཉིས་ལོར་རྒྱལ་ཁའི་འབྲས་བཟང་བླངས་ཏེ་མཐར་ཕྱིན་ཟིན་པའི་རྒྱུགས་འབྲས་རྩེ་གྲས་ཅན་གྱི་སློབ་གྲོགས་རྣམ་པ།

ཁྱིམ་བདག་སྟོང་ཕྲག་གི་འཐུས་ཚབ་ཏུ་འགྲེངས་ཏེ་འཛིན་གྲྭ་སོ་སོའི་དགེ་སློབ་དག་གི་དཔུང་རོགས་སུ་གྱུར་བའི་ཁྱིམ་བདག་ཨུ་ཡོན།

ལོ་ངོ་གསུམ་གྱི་རིང་ལ་སློབ་བྱོལ་སློབ་མ་གཅིག་ཀྱང་མེད་པར་ཡོད་ཚད་ཁ་ཞག་གྱི་ལེར། ཁུ་ཞག་ལྡེམ་མེར་མཐར་ཕྱིན་དུ་བཅུག་པའི་འཛིན་བདག་དགེ་རྒན་མང་བུ་རྡོ་རྗེ་དོན་འགྲུབ།

རང་རེའི་སློབ་གྲྭར་རྐང་རྩེད་སྤོ་ལོའི་རིག་གནས་དར་སྤེལ་གཏོང་མཁན་གྱི་དགེ་རྒན་པད་ཆུང་། རང་རེའི་སློབ་གྲྭར་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་དར་སྤེལ་དུ་གཏོང་མཁན་གྱི་དགེ་རྒན་ཐ་སྐྱེས་སྒྲོལ་མ་དོན་འགྲུབ་སོགས་རང་རེའི་སློབ་གྲྭའི་ལས་རྐང་འདིར་སྔར་མེད་ཀྱི་གཟི་འོད་སྣོན་མཁན་གྱི་དགེ་རྒན་རྣམས།

ཕྱོགས་ཡོངས་ཕུལ་བྱུང་ཅན་གྱི་སློབ་མའི་བྱ་དགའ།

དེ་རིང་གི་ཚོགས་རར་འཛོམས་ཏེ་བྱ་དགའི་གཟིགས་བཟོས་བླངས་པ་འདི་ཡང་འགྲོ་ཞོར་ལམ་གྱི་གཟིགས་བཟོས་ཙམ་མ་རེད། ཡུལ་བྲག་དཀར་རྫོང་གི་གང་ན་དཀའ་ངལ་ཡོད་ན་དེ་བསྐྱོར་ཅིང་། གང་ན་འབྲས་བཟང་ཡོད་ན་དེར་བསྔགས་པའི་སྦྱིན་བདག་སྐལ་བཟང་ཐུབ་བསྟན་ཁོང་གིས་ཕྱག་དྲོན་མོ་དང་གསུང་སྙན་མོས་གནང་བའི་རིན་ཐང་བྲལ་བའི་བྱ་དགའ་རེད།

སྦྱིན་བདག་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་རང་སློབ་གྲྭ་ལ་བསྟུད་མར་ལོ་གསུམ་ལ་ཕུལ་བྱུང་དགེ་རྒན་དང་སློབ་མ་ལ་གཟེངས་རྟགས་གནང་བ་དེ་ང་ཚོས་སེམས་པའི་གཏིང་ལ་གཉེར་ཡོད་ལ་མིག་གི་མཐའ་འཁྱིལ་ཡོད། ང་ཚོ་དགེ་སློབ་ཚང་མར་སློབ་གསོའི་ལས་རྐང་ལ་སྔར་ལས་ལྷག་པའི་ཡིད་ཆེས་དང་སྤོབས་པ་རེ་རེ་གནང་བྱུང་། དེ་བས་ཁྱེད་ཀྱིས་སློབ་གསོ་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྣན་ཞིང་མཛད་མེད་ལག་རྗེས་གནང་ཡོད། ཁྱེད་ཀྱི་མཛད་འཕྲིན་རྒྱས་ཤོག་སྐུ་ཚེ་བརྟན་ཤོག
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།