༄༅། །བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བོད་སྐད་ཨུའི་འགོ་ཁྲིད་ལྷན་རྒྱས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-28 09:12:59 ཀློག་གྲངས།:
       ཟླ3པའི་ཚེས24ཉིན་ནས་ཚེས26ཉིན་བར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བོད་སྐད་ཨུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། བོད་སྐད་ཨུའི་གཞུང་དོན་ལས་ཁང་གི་ཀྲུའུ་རེན་བསོད་ཕུན་སོགས་ལས་སྒོའི་རྐང་འཛིན་པ་མི10མཚོ་ལྷོ་ཁུལ་དུ་ཕེབས་ནས་རྟོག་ཞིབ་བྱས།
       རྟོག་ཞིབ་ཚོགས་པས་ཡུལ་དངོས་རྟོག་ཞིབ་དང་། དཔྱད་གཞིར་གཟིགས་པ། བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་སྔ་རྗེས་སུ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་དང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། འོད་ཤུགས་ཐོན་ལས་གླིང་ཁུལ་བཅས་སུ་གཟིགས་སྐོར་གནང་སྟེ། རང་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་གུང་ཧོའི་གཤོང་ས་འཕེལ་རྒྱས་གཏོང་བ། མཚོ་ལྷོ་ཁུལ་དེ་མི་རིགས་མཐུན་སྒྲིལ་གྱི་མ་དཔེར་འགྱུར་བར་བརྩོན་པའི་ཇུས་གཞིའི་འོག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱབ་གདལ་དུ་གཏོང་བ། དེ་བཞིན་བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་དང་། མི་རིགས་སློབ་གསོ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་།
བཞུགས་མོལ་ཚོགས་འདུའི་སྟེང་བསམ་ཚུལ་བརྗེ་རེས་གནང་བཞིན་པ།
བཞུགས་མོལ་ཚོགས་འདུའི་སྟེང་བསམ་ཚུལ་བརྗེ་རེས་གནང་བཞིན་པ།
       དེ་དང་ཆབས་ཅིག་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སུ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་ཐོག་ཕྱོགས་གཉིས་ཀས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དམིགས་ཡུལ་དུ་བཟུང་ནས་གྲངས་ཉུང་མི་རིགས་སྐད་ཡིག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་། འཕེལ་རྒྱས། དར་སྤེལ་བཅས་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་དུས་སྐབས་གསར་པའི་ནང་མི་རིགས་སྐད་ཡིག་ལས་དོན་དེ་དུས་རབས་དང་འཚམ་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ཉམས་མྱོང་བརྗེ་རེས་དང་བསམ་ཚུལ་སྤེལ་རེས་བྱས།
མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སུ་གཟིགས་སྐོར་གནང་བཞིན་པ།
མཚོ་སྔོན་པོ་དྲ་བར་རྒྱུས་ལོན་གནང་བཞིན་པ།
       ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་རྡོ་རྗེ་རབ་བརྟན་གྱིས་རྟོག་ཞིབ་ཚོགས་པར་རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དམིགས་ཡུལ་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དང་རྩ་འཛིན་གྱི་མཛུབ་སྟོན་འོག སྤྱི་ཚོགས་ཁྲོམ་རའི་སྤྱོད་ཡིག་དང་གནའ་དཔེ་སྲུང་སྐྱོབ། བོད་ཡིག་བརྡ་ཆད་གསར་པ་བཀས་བཅད། བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་གནས་ཚུལ་དང་གྲུབ་འབྲས་སོགས་ངོ་སྤྲོད་ཞིབ་རྒྱས་གནང་། དེ་བཞིན་དུ་རྟོག་ཞིབ་ཚོགས་པས་རང་རེའི་ལས་ཁུངས་ཀྱི་མཚོ་སྔོན་པོ་དྲ་བ་འཛུགས་སྐྲུན་དང་ས་མིང་རིག་གནས་སྲུང་སྐྱོབ། རྫོང་ཁག་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་སྒྲུབ་བཞིན་པའི་རྩོམ་རིག་ལོ་དེབ་སོགས་ཀྱི་བྱ་བར་གཟིགས་ཞིབ་གནང་རྗེས་རྗེས་སུ་ཡི་རང་དང་ཁས་ལེན་གང་ལེགས་གནང་ཞིང་། རྟོག་ཞིབ་ཚོགས་པའི་ཚོགས་མི་ཚང་མས་མགྲིན་གཅིག་ཏུ་ཐེངས་འདིའི་རྟོག་ཞིབ་ཞིབ་འཇུག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པས། རྗེས་མར་དུས་རྒྱུན་ཕན་ཚུན་འབྲེལ་འདྲིས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྐྱོན་སྤང་དགེ་སྒྲུབ་དང་ལག་གདང་མཉམ་སྦྲེལ་གྱིས་མདུན་སྐྱོད་བཅས་བྱས་ཏེ་ས་གནས་གཉིས་ཀྱི་བོད་སྐད་ཡིག་བྱ་བའི་སྤུས་ཚད་དེ་རྒྱུན་ཆད་མེད་པར་ཚད་མཐོ་བ་དང་རྣམ་པ་གསར་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་རེ་བ་ཡང་ཡང་བཏོན། །
ཡོངས་འཛིན་དྲ་བར་གཟིགས་སྐོར་གནང་བཞིན་པ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་གཟིགས་སྐོར་གནང་བཞིན་པ།
འོད་ཤུགས་ཐོན་ལས་གླིང་ཁུལ་ལ་གཟིགས་སྐོར་གནང་བཞིན་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།