ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅། །མཚོ་ལྷོ་ཁུལ་སྐབས་གསུམ་པའི་མཚོ་སྔོན་པོ་ཀྲུང་བོད་ལུགས་གསོ་རིག་གླེང་སྟེགས་ཆེན་མོའི་བྱ་འགུལ་ཐུན་ཏེ་རྫོང་དུ་བདེ་ལེགས་ངང་སྤེལ།
༄༅། །མཚོ་ལྷོ་ཁུལ་སྐབས་གསུམ་པའི་མཚོ་སྔོན་པོ་ཀྲུང་བོད་ལུགས་གསོ་རིག་གླེང་སྟེགས་ཆེན་མོའི་བྱ་འགུལ་ཐུན་ཏེ་རྫོང་དུ་བདེ་ལེགས་ངང་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-03-23 08:39:18
ཀློག་གྲངས།:

ཟླ༣པའི་ཚེས༢༠ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་སྐབས་གསུམ་པའི་མཚོ་སྔོན་པོ་ཀྲུང་བོད་ལུགས་གསོ་རིག་གླེང་སྟེགས་ཆེན་མོའི་བྱ་འགུལ་འབའ་རྫོང་བོད་ལུགས་སྨན་ཁང་དུ་བསྡུས། མཚོ་ལྷོ་ཁུལ་བདེ་ཐང་ཨུ་ཡོན་ལྷན་ཚོགས་དང་ཞིང་ཆེན་མི་དམངས་སྨན་ཁང་། ཞིང་ཆེན་བོད་སྨན་ཁང་།རྫོང་ཁག་ལྔའི་འཕྲོད་བསྟེན་བདེ་ཐང་ཅུའུ། སྤྱི་གཉེར་སྨན་ཁང་དང་ཀྲུང་བོད་ལུགས་སྨན་ཁང་། ཤང་གྲོང་འཕྲོད་བསྟེན་ཁང་སོ་སོའི་འགན་འཛིན་པ་དང་སྡེ་བའི་སྨན་པ་སོགས་མི120ལྷག་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ་མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཆི་ཧའེ་ཡོན་ལགས་ཀྱིས་གཏམ་བཤད་གནང་བ་དང་ཐུན་ཏེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཅུའུ་ཀྲང་ནོར་བུ་འབུམ་གྱིས་ཚོགས་འདུར་མགོ་འཛིན་གནང་།

མཚོ་ལྷོ་ཁུལ་ཀྲུང་བོད་ལུགས་གསོ་རིག་གླེང་སྟེགས་ཆེན་མོའི་བྱ་འགུལ་ནི་བདེ་ཐང་མཚོ་སྔོན་དང་བདེ་སྐྱིད་མཚོ་ལྷོའི་དར་ཆ་མངོན་པར་བསྒྲེངས་པའི་ཐབས་ཤེས་གལ་ཆེན་ཞིན་ཡིན་ལ། མཚོ་ལྷོ་ཁུལ་གྱིས་བྱ་འགུལ་འདི་སྤེལ་བའི་རིང་ཞིང་ཆེན་ཀྲུང་བོད་ལུགས་གསོ་རིག་དོ་དམ་ཅུའུ་གདེང་འཇོག་གང་ལེགས་མཛད་པ་དང་ཁུལ་ཡོངས་སུ་ཀྲུང་བོད་ལུགས་གསོ་རིག་འཆད་སྟེགས་ཆེན་མོའི་མུ་འབྲེལ་བྱ་འགུལ་སྤེལ་བའི་ཚ་རླབས་འཕྱུར། ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་དང་མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་། ཐུན་ཏེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་དང་ཐུན་ཏེ་རྫོང་བོད་ལུགས་སྨན་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། སྟེགས་བུ་འདི་འདྲ་བསྐྲུན་པ་ནི་ཁུལ་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་ཁྱབ་ཁོངས་སུ་སྔོན་ཐོན་ལ་མིག་དཔེ་དང་འཕེལ་རྒྱས་ལ་སྐུལ་ལྕགས་གཏོང་བའི་སློབ་སྦྱོང་གི་མཐོ་རླབས་འཕྱུར་དུ་འཇུག་པ་དང་། ཁུལ་ཡོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་ལས་དོན་སྤུལ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་རྣམ་པ་གསར་བ་བཏོད་པའི་སྐུལ་འདེད་ཀྱི་ཐབས་ཤེས་ཤིག་ཀྱང་ཡིན།

ཚོགས་ཐོག་ཏུ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཀྲུའུ་རིན་གཞོན་པ་ཆི་ཧའེ་ཡོན་ལགས་ཀྱིས་གསུང་རྒྱུར། བྱ་འགུལ་འདི་འདྲ་ཞིག་སྤེལ་བའི་དམིགས་ཡུལ་ནི་ཀྲུང་བོད་གསོ་རིག་རིག་གནས་རྒྱུད་འཛིན་དར་སྤེལ་དང་ཀྲུང་བོད་གསོ་རིག་གི་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བར་ཤུགས་སྣོན་པ། ཀྲུང་བོད་གསོ་རིག་གི་རིག་གནས་མཚོན་རྟགས་འཛུགས་བསྐྲུན་ལ་སྒུལ་ཤུགས་སྣོན་པ། ཁུལ་ཡོངས་ཀྱི་སྨན་བཅོས་སྡེ་ཁག་སོ་སོའི་ཀྲུང་བོད་གསོ་རིག་གི་ཞབས་ཞུ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཆེད་དང་། ཐེངས་འདིའི་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས་གོམས་གང་མདུན་སྤོས་ཀྱིས་བོད་ལུགས་གསོ་རིག་གི་མངོན་མེད་ནུས་པ་སྔོག་འདོན་དང་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་བསྒྱུར་བཅོས། འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱས་ནས་བདེན་སྲུང་གསར་གཏོད་དང་ཉིང་བཅུད་བརྒྱུད་འཛིན་བྱས་ཏེ་རང་ས་གནས་ཀྱི་ཀྲུང་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ལེགས་ཆ་སྔོག་འདོན་བྱས་ཏེ་ཀྲུང་བོད་ལུགས་གསོ་རིག་གི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་དགོས་པར་བླང་བྱ་བཏོན།

སློབ་ཁྲིད་ཀྱི་ཡུལ་དངོས་སུ་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་ཆེད་མཁས་པ་དང་མི་རིགས་སྨན་ཁང་གི་མགོ་གཙོ། གཞི་རིམ་གྱི་ཕུལ་བྱུང་སྨན་པ་སོགས་མི12ལྷག་གིས་ཀྲུང་བོད་གསོ་རིག་མཚོ་ལྷོའི་ས་ཁུལ་དུ་རྒྱུད་འཛིན་དང་འཕེལ་རྒྱས། བེད་སྤྱོད་དང་ཁྱབ་བརྡལ་བཏང་བ་སོགས་ཀྱི་ཐད་ནས་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཁུལ་ནང་ཁུལ་དུ་གྲུབ་འབྲས་འབུར་ཐོན་དང་ཁྱད་ཆོས་མངོན་གསལ་ཡིན་པའི་ཀྲུང་བོད་ལུགས་སྨན་ཁང་གི་སྨན་ཁང་དོ་དམ་དང་འཇོན་མི་གསོ་སྐྱོང་། ཀྲུང་བོད་གསོ་རིག་ནད་འགོག་ནད་གསོའི་ཐད་ཀྱི་ཤེས་བྱ་དང་སྨན་གྱི་སྦྱོར་སྡེ་སོགས་ཀྱི་ཕུལ་བྱུང་མཚན་དཔེ་དང་ཐུན་མིན་གྱི་བྱ་བའི་ལམ་ཕྱོགས་ལ་མཉམ་དུ་སློབ་སྦྱོང་བྱས།
བྱ་འགུལ་ལ་ཞུགས་མཁན་རྣམས་རང་སྨན་ཁང་གི་ཉེས་གསུམ་ཚན་ཁག་དང་རྒྱལ་ཡོངས་གཞི་རིམ་བོད་སྨན་ཆེད་མཁས་མན་ངག་རྒྱུད་འཛིན་ཁང་གཉིས། དཔྱད་བཅོས་ཚན་ཁག་དང་ཁམས་གསོ་ཚན་ཁག་སོགས་ལ་ལྟ་ཞིབ་དུ་ཕེབས་པར་མ་ཟད་ཡུལ་དངོས་ནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།