དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ་གྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-03-12 16:39:13 ཀློག་གྲངས།:
       2023ལོའི་ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བྱ་མདོ་ཀླུ་བྱམས་རྒྱལ་གྱི་དེབ་གསར«བོད་ཀྱི་གསོ་རིག་ཁྱད་ཆོས་གཡུ་ཐོག་མཆོད་སྤྲིན»(བྱ་མདོ་ཀླུ་བྱམས་རྒྱལ་གྱིས་བརྩམས།)དང«སྲོལ་རྒྱུན་གསོ་རིག་སྡུར་དཔྱོད་གཡུ་ཐོག་ཞལ་ལུང»(བྱ་མདོ་ཀླུ་བྱམས་རྒྱལ་དང་རིན་ཆེན་རྡོ་རྗེ་གཉིས་ཀྱིས་བརྩམས།)ཞེས་པའི་དེབ་གསར་གཉིས་ཀྱི་འགྲེམ་སྤེལ་མཛད་སྒོ་ཟི་ལིང“གཙུག་ལག་ཕྲེང་བ”དཔེ་ཤག་ནས་བསྡུས་ཤིང་། འགྲེམ་སྤེལ་མཛད་སྒོ་དེ་ཡུལ་དངོས་དང“ཐིང་ཞོན་གྲོས་ཚོགས”ཀྱི་དྲ་ལམ་ཟུང་དུ་འབྲེལ་ནས་འཚོགས་པ་དང་། ཀྲུང་གོའི་བོད་རིག་པ་ལྟེ་གནས་ཀྱི་སྒྲོལ་དཀར་སྐྱབས་དང་། བོད་ལྗོངས་སྨན་རྩིས་ཁང་གི་བུ་ཆུང་ཚེ་རིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་རིན་ཆེན་རྒྱལ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བདུད་འདུལ། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་འཇམ་དབྱངས་བསོད་ནམས། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་འབུམ་ཁོ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དོན་གྲུབ་ཚེ་རིང་དང་སྟག་འབུམ་རྒྱལ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་བཀྲ་བྷ། མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་གླིང་གི་ཚེ་ལོ་ཐར། ཨ་རུ་བོད་སྨན་སྤྱི་གཉེར་པདྨ་ཚེ་རིང་སོགས་འབྲེལ་ཡོད་ཀྱི་ཆེད་མཁས་པ་དང་ཞིབ་འཇུག་པ། དགེ་རྒན་དང་སྨན་པ་ཆེད་མཁས་པ་རྣམས་ཀྱིས་དེབ་གསར་གྱི་ཁྱད་ཆོས་དང་སྦྲགས་ནས་གཏམ་བཤད་དང་བགྲོ་གླེང་འཁྲུག་ཆ་དོད་པོར་བྱས་ལ། སློབ་མ་སོགས་ཚོགས་ཞུགས་པ་ལྔ་བཅུ་ལྷག་མཛད་སྒོར་ཞུགས།
«བོད་ཀྱི་གསོ་རིག་ཁྱད་ཆོས་གཡུ་ཐོག་མཆོད་སྤྲིན།» བྱ་མདོ་ཀླུ་བྱམས་རྒྱལ་གྱིས་བརྩམས།
«སྲོལ་རྒྱུན་གསོ་རིག་སྡུར་དཔྱོད་གཡུ་ཐོག་ཞལ་ལུང་།» བྱ་མདོ་ཀླུ་བྱམས་རྒྱལ་དང་རིན་ཆེན་རྡོ་རྗེ་གཉིས་ཀྱིས་བརྩམས།
དགེ་རྒན་ཆེན་མོ་བྱ་མདོ་ཀླུ་བྱམས་རྒྱལ་གྱིས་དེབ་གསར་དང་འབྲེལ་ནས་གཏམ་བཤད་བཞིན་པ།
རྩོམ་པ་པོ་རིན་ཆེན་རྡོ་རྗེ་ཡིས་གཏམ་བཤད་བཞིན་པ།
མཛད་སྒོའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།