ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས།
རྩོམ་པ་པོ།:ཀུན་བཟང་རྡོ་རྗེ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-03-08 17:45:49
ཀློག་གྲངས།:
ཧྲུའུ་ཅི་ལིས་ཀང་གིས་ཁུལ་ཡོངས་ཀྱི་བུད་མེད་འཐུས་མིའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། “དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”དང“མཚོ་ལྷོ་དྲུག”འཛུགས་སྐྲུན་བྱེད་པར་བུད་མེད་ཀྱི་སྟོབས་ཤུགས་དང་ཉམས་འགྱུར་མངོན་དགོས་པར་བསྟན།

ཟླ3པའི་ཚེས7ཉིན། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐོན་ལ་ཉེ་བའི་དུས་སུ། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་གུང་ཧོ་རྫོང་ཀྲུང་ལུགས་སྨན་ཁང་དང་ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་བཅས་སུ་སོང་སྟེ་བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུས་པ་དང་འབྲེལ་ཁུལ་ཡོངས་ཀྱི་བུད་མེད་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། བུད་མེད་ཀྱི་འཐུས་མི་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གིས་བུད་མེད་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”དང“མཚོ་ལྷོ་དྲུག”འཛུགས་སྐྲུན་བྱེད་པར་བུད་མེད་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བུད་མེད་ཀྱི་ཉམས་འགྱུར་མངོན་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་ཐོག་ཏུ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་བུད་མེད་གསུམ་གྱི་གཏམ་བཤད་ལ་ཉན་རྗེས། ལིས་ཀང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དང་རྒྱ་ཆེའི་བུད་མེད་ཀྱིས་བསྒྱུར་བཅོས་འཕེལ་རྒྱས་བཅས་ཀྱི་ཁྲོད་དུ་བཏོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཇུས་འགོད་བྱས་པའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཕྱོགས་ཡོངས་ནས་ལེགས་པར་བཀོད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་སྟེ་བརྗིད་ཉམས་ཆེ་བའི་འཆར་གཞི་གསལ་བསྒྲགས་བྱས། ཉེ་དུས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་ལྷོའི་བྱ་བར་རྟོག་ཞིབ་ཞིབ་འཇུག་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད་རེ་བ་ཡང་བཏོན་པ་རེད།

རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་འཆར་འགོད་ལག་བསྟར་ནན་ཏན་དང་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་རྒྱུར་མཐོང་ཆེན། དེ་མིན་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོད་ལྷག་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དོ་ཁུར་བཅས་བྱས་ནས། སྤྱི་ཚོགས་ཧྲིལ་བོའི་ངོས་ནས་བུད་མེད་ཀྱི་བྱ་གཞག་ལ་སེམས་ཁུར་དང་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དགོས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་འཇོན་ཐང་ཅན་དུ་འགྱུར་བར་ཁོར་ཡུག་བཟང་པོ་བསྐྲུན་ཏེ། དུས་རབས་གསར་བའི་བུད་མེད་ཀྱི་བྱ་གཞག་དེ་སྤྱི་ཚོགས་དཔལ་འབྱོར་དང་དུས་གཅིག་ཏུ་འཕེལ་རྒྱས་སུ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གསེར་མཚོ་དང་ལའེ་ཀུའོ་ཞུང་། ཀྲུའོ་ཀུའེ་ལེན་བཅས་ཀྱང་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།