མཚོ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-03-08 10:43:28 ཀློག་གྲངས།:
མཚོ་ལྷོ་ཁུལ“ཧྲན་ཀན་ཉིང་ཆིན”ཞིང་ཆེན་བཞིའི་ཡུལ་སྐོར་ཚོགས་པ་བརྒྱ་རྩར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་སྤེལ་གྱི་བྱེད་སྒོ་སྤེལ།
 
       ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱིས་ཧྲན་ཞི་དང་ཀན་སུའུ། ཉིང་ཞ། མཚོ་སྔོན་བཅས་ཀྱི་ཡུལ་སྐོར་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་གི་འོས་སྦྱོར་བྱེད་སྒོ་དེ་ཟི་ལིང་དུ་སྤེལ་བ་དང་། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང་གི་འཐུས་མི120དང་གསར་འགྱུར་སྨྱན་སྦྱོར20ལྷག་ཙམ། མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཁེ་ལས80བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
       ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་སྟེང་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་མངོན་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ཏེ། ཧྲན་ཞི་དང་ཀན་སུའུ། ཉིང་ཞ། མཚོ་སྔོན་བཅས་མཚོ་ལྷོའི་ཡུལ་སྐོར་དུ་བསྐྱོད་པའི་ཚོང་རའི་ཐོབ་སྐལ་ཆེ་རུ་གཏོང་བ་དང་མཚོ་ལྷོའི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་མངོན་པར་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་སྔོན་བསྐྱོད་ཁུལ་འཛུགས་པར་དམིགས་ཏེ་ཡུལ་དངོས་ནས་བརྙན་ལམ་པར་ངོས་དང་ངོ་སྤྲོད་འགྲེལ་བཤད་བྱས། དེ་མིན་ཁྱད་ཆོས་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོ་ལྷོའི་མི་ཆོས་དང་རང་བྱུང་ཐོན་ཁུངས་ངོ་སྤྲོད་བྱས། གཙོ་གནད་ཐོག་མཚོ་ལྷོའི་ས་ཁོངས་ཀྱི་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་མཛེས་ལྗོངས་ཁུལ་དང་ཁྲི་ཀ་རྫོང་གི་མཛེས་ལྗོངས་ཁུལ། ཚལ་རྔ་འགག་མཛེས་ལྗོངས་ཁུལ། རྫོང་རི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ། གཙང་མཛེས་ལྗོངས་ཁུལ། བྲག་དཀར་སྤྲེལ་རྫོང་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་ཞབས་ཞུའི་ནུས་པ་བཅས་དྲིལ་སྒྲོག་དང་འོས་སྦྱོར་བྱས་པ་རེད། དེ་དང་ཆབས་ཅིག2023ལོའི“མཚོ་ལྷོ་རིག་གནས་ཀྱི་ལོའི”ཁུལ་རིམ་པའི་ཁྱད་ལྡན་རིག་གནས་ལུས་རྩལ་ཡུལ་སྐོར་བྱེད་སྒོ40དང་རྫོང་རིམ་པའི150ལྷག མཚོ་ལྷོ་ཁུལ་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གི་ཡུལ་སྐོར་བའི་གཟིགས་སྐྱོང་བྱ་ཐབས་ཁག30བཅས་ཁྱབ་བསྒྲགས་བྱས་པ་དང་། ཁུལ་མི་རིགས་གླུ་གར་ཚོགས་པའི་ཆེད་ལས་འཁྲབ་སྟོན་པས་མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལས་གཞི་དང་ཕུལ་བྱུང་ཞབས་བྲོའི་གླུ་གཞས། རྒྱན་གོས་སོགས་འགྲེམས་སྟོན་བྱས་ཏེ་མཚོ་ལྷོ་ཁུལ་གྱི་ཕུལ་བྱུང་རིག་གནས་ཡུལ་སྐོར་ཁེ་ལས20དང་ཁྱད་ལྡན་སྤུས་དག་ཡིན་པའི་རིག་གནས་གསར་གཏོད་ཐོན་རྫས་རིགས100ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། ད་དུང་འོས་སྦྱོར་ཚོགས་འདུའི་སྟེང་ཐོག་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང78དང་ཁུལ་གྱིAརིམ་པའི་མཛེས་ལྗོངས་ཁུལ11། སྐར་མ་རིམ་པའི་ཨར་ཁང36དང་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་ས་ཚིགས31བཅས་ཀྱིས་ལས་སྒོ་གྲོས་མོལ་བྱས་པ་དང་འབྲེལ་མཉམ་ལས་གྲོས་མཐུན་ཡང་བཞག་པ་རེད།
       བྱེད་སྒོ་སྤེལ་བའི་ཉིན་དེར་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་ཟི་ལིང་གི་འཁྲབ་སྟོན་ཡུལ་དངོས་མི་འདྲ་བ་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་སྤྲས་ཏེ་མཚོ་ལྷོའི་རྒྱན་གོས་རིག་གནས་དྲིལ་སྒྲོག་བྱ་རྒྱུར་རྨང་གཞི་བཟང་པོ་བཏིང་ཞིང་། འོས་སྦྱོར་ངོ་སྤྲོད་ཚོགས་འདུར་ཞུགས་མཁན་གྱི་འཁྲབ་སྟོན་པ་དང་ལས་དོན་མི་སྣ་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་མཚོ་ལྷོའི་རིག་གནས་ལ་རྒྱུས་ལོན་གང་ལེགས་བྱས་ཏེ། འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་སྟེང«མཚོ་ལྷོའི་ཕུལ་བྱུང་ཡུལ་སྐོར་སྣེ་ཤན་པའི་ཚིག་དུམ་བདམས་བསྒྲིགས»དང«མཚོ་ལྷོའི་ཡུལ་ལྗོངས་ཁུལ་གྱི་ལམ་སྟོན་རིས་འགྲེལ།» «མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འགྲིམ་འགྲུལ་ཕྱོགས་སྟོན་རི་མོ»སོགས་རིག་གནས་དང་ཡུལ་སྐོར་གྱི་དྲིལ་སྒྲོག་ཡིག་ཆ1000ལྷག་ཙམ་བྱིན་པ་རེད།
       ཐེངས་འདིའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་ངོ་སྤྲོད་བྱས་པ་བརྒྱུད། ཁྱོན་ཡོངས་ནས་ཁུལ་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གྲགས་རྟགས་དང་ཡུལ་སྐོར་སྤུས་དག་ལམ་ཐིག “མཚོ་དང་གཙང་བོའི་དྲན་པ། ཨ་མདོའི་མཚོ་ལྷོ”ཞེས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་དྲིལ་སྒྲོག་དང་ཁྱབ་སྤེལ་དུ་བཏང་སྟེ། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཚོང་རའི་མི་མངོན་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བསྐྱར་འཕར་དང་མི་མངོན་པའི་སྟོབས་ཤུགས་འདོན་ཚད་ཇེ་མགྱོགས་སུ་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་ལྷོ་ཁུལ་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་སྔོན་བསྐྱོད་ཁུལ་དུ་ལེགས་པར་བཏོད་ཆེད་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།