ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམས་ཚོགས་སྐབས་བཅོ་ལྔ་པ་མགོ་ཚུགས་པ།
བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམས་ཚོགས་སྐབས་བཅོ་ལྔ་པ་མགོ་ཚུགས་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-12-27 12:49:11
ཀློག་གྲངས།:

ཟླ12པའི་ཚེས25ཉིན། “ཚོགས་ཆེན་ཉི་ཤུ་པར་དགའ་བས་རྟེན་འབྲེལ་ཞུ·དུས་རབས་གསར་པར་བསྟོད་གླུ་ཕུལ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་གཏོད་པ”བརྗོད་གཞི་ཡིན་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམས་ཚོགས་སྐབས་བཅོ་ལྔ་པ་བོད་ལྗོངས་གཡག་རྟེན་མཛོད་ཁང་དུ་གཉེར་མགོ་ཚུགས་པ་རེད།

འགྲེམས་སྟོན་པར་རིས།

སྐབས་འདིའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམས་ཚོགས་སྡེ་ཚན5རུ་དབྱེ་ཡོད་ལ་བསྡོམས་པས་བརྩམས་ཆོས280ལེགས་འདེམས་བྱས་ཡོད། བརྗོད་གཞི་མི་ཆོས་ས་ཁམས་དང་རང་བྱུང་མཛེས་ལྗོངས་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད་པ་དང་། གསར་རྩོམ་བྱེད་ཐབས་སྒྱུ་རྩལ་དང་དངོས་བྲིས། གསར་གཏོད་སོགས་རིགས་མང་པོར་ཁྱབ་ཡོད་ལ། བརྩམས་ཆོས་ཀྱི་རྩོམ་གཤིས་སྣ་མང་དང་ཁྱད་ཆོས་འབུར་ཐོན་བཅས་ཡིན་པས། བོད་ལྗོངས་ཀྱི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་ཀྱིས་མངོན་ཡོད་པ་མ་ཟད། བོད་ལྗོངས་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་དྲིལ་སྒྲོག་འགྲེམས་སྟོན་བྱས་ཡོད།

འགྲེམས་ཚོགས་ཐོག་ད་དུང“མཐོ་སྒང·ཆུ་ཁུངས”ཀྱི་བརྗོད་གཞིའི་པར་རིས་འགྲེམས་སྟོན་བཀོད་སྒྲིག་བྱས་ཡོད་ལ། སི་ཁྲོན་གྱི་པར་རིས་པ་ཝང་ཆི་ཡི་བརྩམས་ཆོས50ལྷག་བརྒྱུད་ནས། པར་རིས་པའི་རང་བྱུང་འདུ་ཤེས་དང་སྒྱུ་རྩལ་སེམས་ཁམས་མཚོན་ཡོད་པ་མ་ཟད། མི་དམངས་ཀྱིས་རང་བྱུང་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པ། ཡོད་ཚད་རང་བྱུང་ལས་བྱུང་བའི་འདུ་ཤེས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པར་འབོད་སྐུལ་བཏང་ཡོད། །

འགྲེམས་སྟོན་པར་རིས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།