ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > ༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་མཐར་ཕྱིན་མཛད་སྒོ་སྤེལ་བ།
༄༅། །མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་མཐར་ཕྱིན་མཛད་སྒོ་སྤེལ་བ།
རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-06-01 07:09:34
ཀློག་གྲངས།:
༢༠༢༢ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་དང་ཉེ་བར་ལྷགས་པ་ན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་ད་ལོའི་མཐར་ཕྱིན་དང་འབྲེལ་བའི་བྱ་བ་རྣམས་དུས་ལྟར་ཚགས་ཆུད་པར་བསྒྲུབས་ཤིང་། མཐར་ཕྱིན་གྱི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
སྤྱི་ལོ༢༠༢༢ལོའི་ཟླ༥བའི་ཚེས༢༧ཉིན་གྱི་ཉིན་གུང་གི་ངལ་གསོའི་དུས་སུ། སློབ་མ་རྣམས་ཀྱིས་ཤེས་ཡོན་ལ་རྩིས་མཐོང་དང་དཔེ་ཆ་ལ་གཅེས་སྤྲས། སློབ་མའི་དྲིན་བཟོ་དང་གཏོང་བ། གཞན་ཕན་སོགས་ཡ་རབས་ཀྱི་བསམ་པ་དང་སྤྱོད་ལམ་བསྐྱེད་སྲིང་བྱེད་པའི་ཆེད་དུ། སློབ་གྲྭའི་ཐོན་ཨུའི་རྩ་འཛུགས་འོག་མཐོ་གསུམ་གྱི་མཐར་ཕྱིན་སློབ་མས་སློབ་གྲྭའི་སྲོལ་རྒྱུན་བཟང་བོའི་རྒྱུན་བསྐྱངས་ནས་སློབ་ཁྲིད་ཐོག་ཁང་ཆེན་མོ་རིག་བྱེད་ཕུན་ཚོགས་གླིང་གི་མདུན་གྱི་ཐང་ཆེན་དུ། རང་གིས་སྤྱད་ཟིན་པའི་དཔེ་ཆ་ལོ་རིམ་འོག་མ་རྣམས་ལ་སྦྱིན་པའི་དོན་སྙིང་ལྡན་པའི་དཔེ་སྦྱིན་གྱི་བྱ་འགུལ་ལེགས་པར་སྤེལ་བ་དང་། མཐོ་གཅིག་མཐོ་གཉིས་ཀྱི་སློབ་མ་རྣམས་ཀྱང་བུང་བ་སྤྲིན་གྱི་ཚོགས་བཞིན་རུབ་སྟེ། འཚང་ཁ་ཤིག་ཤིག་གིས་རང་ལ་མཁོ་བའི་དཔེ་དེབ་སྣ་ཚོགས་འཚོལ་ཞིང་ལེན་པར་བྲེལ་བའི་ཚུལ་ནི་ཤིན་ཏུ་ཉམས་དགའ་ཞིང་ཡིད་ཀྱི་དང་བ་འདྲེན།

དཔེ་སྦྱིན་བྱ་འགུལ་གྱི་ཡུལ་དངོས།

དཔེ་སྦྱིན་བྱ་འགུལ་གྱི་ཡུལ་དངོས།

དཔེ་སྦྱིན་བྱ་འགུལ་གྱི་ཡུལ་དངོས།


དཔེ་སྦྱིན་བྱ་འགུལ་གྱི་ཡུལ་དངོས།
ཟླ༥བའི་ཚེས༢༩ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་མཐོ་གསུམ་གྱི་མཐར་ཕྱིན་མཛད་སྒོ་སློབ་གྲྭའི་ལུས་རྩལ་ར་བར་སྤེལ། སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་རྣམ་པ། མཐོ་གཅིག་མཐོ་གཉིས་ཀྱི་སློབ་མ་ཡོངས་ཀྱི་ལག་ཟུང་ཐལ་མོའི་རྡེབ་སྒྲ་དང་བཀྲ་ཤིས་པའི་གླུ་སྒྲའི་ཁྲོད་མི་རིགས་ཀྱི་རྒྱན་གོས་གྱོན་ཞིང་དྲན་རྟེན་གྱི་ལེགས་སྐྱེས་དང་ཁ་བཏགས་བཏེགས་པ། གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་པའི་མཐར་ཕྱིན་འཛིན་གྲྭ་རེ་རེ་ལུས་རྩལ་ར་བར་དགའ་སྤྲོའི་ངང་བསུས། ཚང་མས་གཟབ་ནན་གྱིས་རྒྱལ་གླུ་ལེན་བཞིན་རྒྱལ་དར་བསྒྲེངས་ཤིང་མཐར་ཕྱིན་སློབ་མ་ཡོངས་ཀྱིས་སྐད་གསེང་མཐོན་པོས་ནར་སོན་གྱི་མནའ་ཚིག་སྒྲོག་པའི་འབོད་སྒྲའི་ཁྲོད་མཛད་སྒོ་དངོས་སུ་དབུ་ཚུགས།

མཐར་ཕྱིན་སློབ་བུ་དག་ཚོགས་རར་སྐྱོད་བཞིན་པའི་རྣམ་པ།

ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།

སློབ་གཙོ་པདྨ་དབང་ཆེན་ལགས་ནས་གསུང་བཤད་གནང་བཞིན་པ།

སློབ་གཙོ་གཞོན་པ་སྟོབས་ལྡན་ལགས་ནས་གསུང་བཤད་གནང་བཞིན་པ།
སློབ་གཙོ་པདྨ་དབང་ཆེན་དང་སློབ་གཙོ་གཞོན་པ་སྟོབས་ལྡན། མཐར་ཕྱིན་གྱི་ཚབ་བྱེད་དགེ་རྒན་ཉི་མ་ཚེ་རིང་བཅས་ཀྱིས་རིམ་པ་བཞིན་སེམས་ཚོར་དྲག་པོ་དང་བཅས་སློབ་མ་རྣམས་ལ་མཐའ་མཇུག་གི་སེམས་ན་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་རུ་གྱུར་བའི་གསུང་བཤད་གལ་ཆེན་གནང་། ལེགས་སྐྱེས་ཕུལ་བའི་མཛད་རིམ་རྣམས་ལེགས་པར་གྲུབ་རྗེས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁུང་ཀྲན་ཁུའེས་མཐར་ཕྱིན་སློབ་མའི་མིང་ཐོ་བསྒྲགས་ཏེ་མཐར་ཕྱིན་འཛིན་ཡིག་བསྩལ། དགེ་རྒན་རྣམས་དང་སློབ་གྲྭའི་རིག་རྩལ་ཚོགས་པས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཀུན་གྱི་མིག་གི་དགའ་སྟོན་དུ་ཕུལ། མཐར་བཀྲ་ཤིས་པའི་ཁ་གཡང་དང་གྱེས་གདུང་གི་མཆི་མའི་ཀློང་ནས་མཐར་ཕྱིན་སློབ་མ་རྣམས་སློབ་གྲྭའི་སྒོ་ཁར་སྐྱེལ་མ་ཞུས་ཏེ་མཛད་སྒོ་ཡོངས་སུ་མཇུག་བསྡུས་སོ། །

དྲིན་བཟོའི་ལེགས་སྐྱེས་འབུལ་བཞིན་པ།


དྲིན་བཟོའི་ལེགས་སྐྱེས་འབུལ་བཞིན་པ།

དཔའ་གདེང་གིས་སློབ་ར་དང་གྱེས་བཞིན་པའི་ཚུལ།

སྐྱེལ་མ་གནང་བཞིན་པ།

གྱེས་ཁ་མའི་ཕྱིར་མིག
༢༠༢༢ལོའི་ཟླ༥བའི་ཚེས༣༠ཉིན་བྱ་གཞུང་གནམ་ལྷ་འབུམ་གྱིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།