ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > གུང་ཧོ་ནས་ནུབ་མཚོ་གྲོང་རྡལ་གྱི་ལྕགས་རྟའི་འགྲན་སྡུར་མགོ་བརྩམས་པ།
གུང་ཧོ་ནས་ནུབ་མཚོ་གྲོང་རྡལ་གྱི་ལྕགས་རྟའི་འགྲན་སྡུར་མགོ་བརྩམས་པ།
རྩོམ་པ་པོ།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕ
ཡོང་ཁུངས།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་སྟེགས།
དུས་ཚོད།:2021-07-16 15:00:59
ཀློག་གྲངས།:
མཛེས་ཤིང་ལྟ་ན་སྡུག་པའི་ཟླ་བདུན་པའི་དུས་ཚིགས་ནང་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྔར་ལོ་དང་འདྲ་བར2021ལོའི་ཐེན་ཡུས་ཏི་རྟགས་མའི་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉི་ཤུ་བ་དགའ་འབོད་སྟོང་གིས་མདུན་ནས་བསུས་ཤིང་། དེ་རིང་སྔ་དྲོའི་དུས་ཚོད10སྟེང་། ཐེངས་འདིའི་ལྕགས་རྟའི་འགྲན་ཞུགས་རུ་དཔུང་རྣམས་ཀྱང་གུང་ཧོ་རྫོང་མཁར་བྱང་གཞིས་གསར་གྱི་རིག་གནས་སྨྱན་སྦྱོར་ཐང་ཆེན་དུ་འཛོམས་ཤིང་། ཉིན་འདིའི་འགྲན་མཚམས་ལྔ་བ་སྟེ། ཁྱོན་བསྡོམས་སྤྱི་ལེ126ཡོད་པའི་གུང་ཧོ་ནས་ནུབ་མཚོ་གྲོང་རྡལ་བར་དངོས་སུ་འགྲན་སྡུར་བྱེད་མགོ་བརྩམས་པ་དང་། ཁྱོན་བསྡོམས་འགྲན་ཞུགས་པ94ཡོད་པ་རེད།

གུང་ཧོ་ནས་ནུབ་མཚོ་གྲོང་རྡལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས་པ།དེ་རིང་ལུས་རྩལ་པ་རྣམས་ཀྱི་འགྲན་སྡུར་ས་བབ་མཐོ་ཚད་སྨི3000ཡན་ཡིན་ལ། ས་བབ་མཐོ་ཚད་སྨི3390ཡི་མཚམས་སུ་གཟར་ངོས་གཅིག་དང་མཆོངས་རྒྱུག་བྱེད་ས་གཅིག་ཡོད་པའི་ནང་། གཟར་ངོས་རྒྱུག་ལམ་སྤྱི་ལེ30.8མཚམས་དང་མཆོངས་རྒྱུག་བྱེད་ས་སྤྱི་ལེ43.6གི་སར་ཡོད། སང་ཉིན2021ལོའི་ཐེན་ཡུས་ཏི་རྟགས་མའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉི་ཤུ་བའི་འགྲན་མཚམས་དྲུག་པར་ཞུགས་རྒྱུ་ཡིན་པ་དང་། འགྲན་མཚམས་མཚོ་སྔོན་པོ་ནས་ཚྭ་ཁའི་བར་ཡིན།
མཚོ་སྐོར་ལྕགས་རྟའི་འགྲན་སྡུར་མང་པོ་ཞིག་སྤེལ་བའི་རིང་ལ། མཚོ་ལྷོ་ཁུལ་ལ་མཚོན་ནས་བཤད་ན་ལྕགས་རྟའི་འགྲན་སྡུར་གྱི་འགྲན་མཚམས་གལ་ཆེན་ཞིག་སྟེ། གོ་སྐབས་འདིར་བསྟུན་ནས་རང་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྐོར་ལྗོངས་རྒྱུ། ཕ་ཡུལ་མཚོ་ལྷོའི་མཛེས་སྡུག་དང་འཆམ་མཐུན། མཐུན་སྒྲིལ་གྱི་རྣམ་པ་སོགས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བཟང་བོ་བྱེད་པར་གལ་ཆེའི་ནུས་པ་ཐོན་ཡོད།
ཡུལ་དངོས་སུ་འབྱོར་བའི་ལྟ་མོ་བ།
ལྕགས་རྟའི་འགྲན་ཞུགས་རུ་དཔུང་མཚོ་སྔོན་པོའི་འགྲམ་ངོགས་བརྒྱུད་པའི་རྣམ་པ།


མཚོ་སྐོར་ལྕགས་རྟའི་འགྲན་སྡུར་མང་པོ་ཞིག་སྤེལ་བའི་རིང་ལ། མཚོ་ལྷོ་ཁུལ་ལ་མཚོན་ནས་བཤད་ན་ལྕགས་རྟའི་འགྲན་སྡུར་གྱི་འགྲན་མཚམས་གལ་ཆེན་ཞིག་སྟེ། གོ་སྐབས་འདིར་བསྟུན་ནས་རང་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྐོར་ལྗོངས་རྒྱུ། ཕ་ཡུལ་མཚོ་ལྷོའི་མཛེས་སྡུག་དང་འཆམ་མཐུན། མཐུན་སྒྲིལ་གྱི་རྣམ་པ་སོགས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བཟང་བོ་བྱེད་པར་གལ་ཆེའི་ནུས་པ་ཐོན་ཡོད།


འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།