༄༅།།མཚོ་ལྷོ་ཁུལ་གྱིས་རྒྱན་གོས་འཁྲབ་སྟོན་བྱ་བར་སྟ་གོན་བྱེད་བཞིན་འདུག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་ཁུལ་དྲ་ལམ་བརྙན་འཕྲིན་ཁང་། དུས་ཚོད།:2021-06-11 14:44:43 ཀློག་གྲངས།:
      ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པ་དང་། "ལོ་ལྔའི་འཆར་གཞི་བཅུ་བཞི་བའི"་མགོ་ལེགས་པོ་ཞིག་བརྩམ་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱས་ནས་རང་ཁུལ་གྱི་མཛེས་ཉམས་ཀྱིས་ཕྱུག་པའི་བོད་ཀྱི་རྒྱན་གོས་སྣ་ཚོགས་འགྲེམས་སྟོན་དང་དྲིལ་སྒྲོག་བཟང་བོ་བྱེད་པར་དམིགས་ནས་ཟླ6པའི་ཚེས25ནས་ཚེས29ཉིན་བར་རང་ཁུལ་གྱིས་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ལྔ་པའི་འགྲེམས་སྟོན་མི་འགྱངས་པར་བསྡུ་འཆར་ཡོད་ལ། ཐེངས་འདིའི་འགྲེམས་སྟོན་ཐོག་ཁུལ་ཡོངས་ཀྱི་ཆེད་ལས་འཁྲབ་སྟོན་པ་བརྒྱ་ཡིས་མཉམ་གཅིག་ཏུ་འཁྲབ་སྦྱོང་བྱེད་བཞིན་ཡོད་ཅིང་། མིག་སྔར། འདིའི་ཕྱོགས་ཀྱི་བྱ་བ་རྣམས་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན།
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཡིས་ཐེངས་འདིའི་བྱ་བར་བཀོད་སྒྲིག་གནང་བཞིན་པ།
འབྲེལ་ཡོད་འགོ་ཁྲིད་ཀྱིས་ལས་དབང་གི་མཇལ་འཛོམས་ཞེས་པའི་ལེ་ཚན་འཁྲབ་སྟོན་ལ་ཐོག་མའི་ཞིབ་བཤེར་གནང་བཞིན་པ།
ལག་བསྟར་འཁྲབ་ཁྲིད་པ་རིན་ཆེན་རྒྱལ་གྱིས་མཛུབ་ཁྲིད་གནང་བཞིན་པ།
འཁྲབ་སྦྱོང་བྱེད་བཞིན་པ།
རོལ་དབྱངས་གསར་རྩོམ་མི་སྣས་གྲ་སྒྲིག་བྱེད་བཞིན་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།