༄༅།།མང་རྫོང་མི་རིགས་སློབ་འབྲིང་གིས“མང་ཆུ་རྟགས་མའི”རྩོམ་ཡིག་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:བན་ཤུལ་གདུགས་དཀར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-19 16:36:33 ཀློག་གྲངས།:
མཛད་སྒོ་འགོ་རྩོམ་བཞིན་པ།
      ཟླ་༤བའི་ཚེས་༡༤ཉིན་གྱི་ཕྱི་དྲོར། མང་རྫོང་མི་རིགས་སློབ་འབྲིང་གི་ཐོན་ཨུས་སྤེལ་བའི་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་དང་“མང་ཆུ་རྟགས་མའི”རྩོམ་ཡིག་འགྲན་སྡུར་སྟེང་བྱ་དགའ་ཐོབ་པའི་སློབ་ཕྲུག་རྣམས་ལ་བྱ་དགའ་སྟེར་བའི་མཛད་སྒོ་མང་རྫོང་མི་རིགས་སློབ་འབྲིང་གི་ཚོམས་ཁང་ཆེན་མོར་བསྡུས།
སློབ་གྲྭའི་འགོ་ཁྲིད་དང་དཔྱད་འདེམས་དགེ་རྒན་རྣམ་པ།
འགྲན་ཞུགས་སློབ་མའི་འགྲན་རའི་རྣམ་པ།
      ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ནི་མང་རྫོང་མི་རིགས་སློབ་འབྲིང་གི་ཐོན་ཨུས་གཙོ་སྒྲུབ་དང་དམའ་གཉིས་ལོ་རིམ་སྡེ་ཁག་གིས་རོགས་སྒྲུབ་བྱས་པ་ཡིན་ལ། དགེ་རྒན་ཁྲོ་འབུམ་རྡོ་རྗེ་དང་སློབ་མའི་ཚོགས་པས་ཚོགས་ར་བཀོད་སྒྲིག་བྱས།  བྱ་དགའ་གནང་བའི་མཛད་སྒོར་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཚེ་རིང་དོན་གྲུབ་དང་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མཱ་ཅོན།  སྲིད་སྟོན་ཀྲུའུ་རེན་སངས་རྒྱས་དོན་གྲུབ།     སློབ་སྟོན་ཁང་གི་ཀྲུའུ་རེན་གཞོན་པ་ལུག་ལེ་ཆོན།  དཔྱད་འདེམ་དགེ་རྒན་འབྲུག་ལྗང་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ཤིང་།   དམའ་གཅིག་ལོ་རིམ་སྡེ་ཁག་དང་དམའ་གཉིས་ལོ་རིམ་སྡེ་ཁག་གི་དགེ་སློབ་ཆིག་སྟོང་ལྷག་མཉམ་ཞུགས་བྱས།
མཛད་སྒོར་ཞུགས་པའི་དགེ་སློབ་ཡོངས།
དགེ་རྒན་གདུགས་དཀར་རྒྱལ་གྱིས་མདོ་འཛིན་བྱེད་བཞིན་པ།
      མང་རྫོང་མི་རིགས་སློབ་འབྲིང་གི་ཐོན་ཨུའི་ཧྲུའུ་ཅི་བན་ཤུལ་གདུགས་དཀར་རྒྱལ་གྱིས་མཛད་སྒོར་གཙོ་སྐྱོང་བྱས་ཤིང་།  དཔྱད་འདེམ་དགེ་རྒན་གྱི་འཐུས་ཚབ་ལུག་ལེ་ཆོན་དང་འབྲུག་ལྗང་གཉིས་ཀྱིས་ཐེངས་འདིའི་དཔྱད་འདེམ་གྱི་གོ་རིམ་དང་མཇུག་འབྲས་སོགས་དགེ་སློབ་ཡོངས་ལ་གསལ་བཤད་དང་མཉམ་དུ་རང་ཉིད་ཀྱི་དཔེ་ཀློག་ཉམས་མྱོང་དང་རྩོམ་འབྲིའི་གོམས་གཤིས་སྐོར་ནས་ཁ་བརྡ་བྱས།    མཇུག་མཐར་སློབ་གཙོ་ཚེ་རིང་དོན་གྲུབ་ཀྱིས་རྩོམ་ཡིག་འགྲན་སྡུར་གྱི་དགེ་མཚན་དང་ཕན་ནུས་སྐོར་ནས་གསུང་བཤད་གལ་ཆེན་གནང་བ་མ་ཟད།  ད་དུང་དཔེ་ཀློག་གི་འདུ་ཤེས་དང་རྩོམ་འབྲིའི་ཤེས་བྱ། དྲིན་བྱས་དྲིན་དུ་གོ་བ། འབྲིང་རྒྱུགས་ཀྱི་མ་འོངས་པའི་ཁ་ཕྱོགས། རང་ངོ་རང་གི་ཤེས་དགོས་པའི་དང་བསླབ་ཕྱིའི་བྱ་འགུལ་རིག་གནས་ཀྱི་དགེ་མཚན་སོགས་སློབ་སྟོན་མང་དུ་མཛད།  དེ་རྗེས་གདོང་ལེན་རུ་ཁག་གི་མཛུབ་སྟོན་དགེ་རྒན་ཁྲོ་འབུམ་རྡོ་རྗེས་སློབ་མའི་ཚོགས་པར་རྗེས་མ་འདི་ལྟ་བུའི་བྱ་འགུལ་ལ་སྔར་ལས་ལྷག་པའི་ནུས་པ་འདོན་རྒྱུར་ནན་བཤད་དང་དགེ་རྒན་དག་གི་རྐང་ཚེགས་གོམ་ཚེགས་ལེན་དགོས་པའི་རེ་བ་བཏོན།
དཔྱད་འདེམས་པ་དགེ་རྒན་འབྲུག་ལྗང་གིས་གཏམ་བཤད་གནང་བ།
       རབ་འདིའི་འགྲན་བསྡུར་ལ་ཁྱོན་བསྡོམས་ལོ་རིམ་སྡེ་ཁག་གསུམ་གྱི་སློབ་མ་༡༥༠ལྷག་ཞུགས་པ་དང་།   བྱ་དགའི་རྣམ་གྲངས་ལ་ལོ་རིམ་སྡེ་ཁག་སོ་སོར་ཨང་དང་པོ་གཅིག་རེ་དང་ཨང་གཉིས་པ་གཉིས་རེ།   ཨང་གསུམ་པ་གསུམ་རེ།  ཕུལ་བྱུང་བྱ་དགའ་གཉིས་རེ།  རྟིང་སྐུལ་བྱ་དགའ་གཉིས་རེ་ཡོད་པར་མ་ཟད།  ད་དུང་ཡུལ་དངོས་ནས་རང་རྩོམ་རྒྱ་ཡིག་ཏུ་སྒྱུར་མཁན་གྱི་ལཱོ་ཙ་བ་ཆུང་ཆུང་གི་བྱ་དགའ་གསུམ་རེ་བཅས་ཁྱོན་བསྡོམས་སློབ་མ་བཞི་བཅུར་བྱ་དགའ་གནང་བ་རེད།
སློབ་གཙོ་ཚེ་རིང་དོན་གྲུབ་ཀྱིས་སྤྱི་སྡོམ་གནང་བ།
བྱ་དགའ་ཐོབ་པའི་སློབ་མ་ཡོངས་ཀྱི་མཉམ་པར།
      དེ་ལས་གཞན་འགྲན་སྡུར་སྟེང་བྱ་དགའ་ཐོབ་པའི་སློབ་རའི་རྩོམ་པ་པོ་དང་ལོ་ཙཱ་བ་ཆུང་ཆུང་དག་ལ་ཆེད་དུ་བསྡུས་པའི་ཚོགས་འདུ་ཐོན་ཨུའི་བྱ་འགུལ་ཁང་དུ་བསྡུས་ཤིང་།  གདན་ཞུས་དགེ་རྒན་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་ཐོག་མར་ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་།  དེ་ནས་མུ་མཐུད་དུ་རྩོམ་འབྲི་ཕྱོགས་ལ་ཤུགས་བསྣན་ནས་རྩོམ་ཡིག་འབྲི་བ་ནི་དགའ་ཕྱོགས་ཤིག་དང་གོམས་གཤིས་ཤིག་ཏུ་བསྒྱུར་དགོས་ཚུལ་དང་།  རྩོམ་འབྲིའི་སྐབས་སུ་འཕྲད་ངེས་པའི་དཀའ་ངལ་དང་སེལ་ཐབས།  འགྲན་རྩོམ་གྱི་འབྲི་ཐབས་དང་དོ་སྣང་བྱེད་དགོས་ས།  དེ་བཞིན་དུ་ཐེངས་འདིའི་སློབ་གྲྭ་རིམ་པའི་རྩོམ་ཡིག་འགྲན་སྡུར་བརྒྱུད་དེ།   སྤོབས་པ་ཆེན་པོས་མཚོ་ལྷོ་ཁུལ་གྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་དང་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་ཡིག་འགྲན་སྡུར་སོགས་ལ་ཞུགས་པར་སྐུལ་མ་བཏང་བ་སོགས་ཕྱོགས་མང་པོ་ནས་ཁ་བརྡ་བྱས།
གདན་ཞུའི་དགེ་རྒན་འབྲུང་ཕྲུག་ངོ་སྤྲོད་བྱེད་བཞིན་པ།
      མཇུག་མཐར།   ལྡོང་ལུག་རྫིས་སློབ་གསོ་ནི་དེང་རབས་ལ་ཁ་ཕྱོགས་པ་དང་འཛམ་གླིང་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པའི་སྒོ་ནས་སྤེལ་དགོས་ཞེས་པའི་རྩ་དོན་ལྟར།    ཐེངས་འདིའི་བྱ་འགུལ་ནི་དེང་གི་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་སློབ་གྲྭའི་རྩ་དོན་ལ་བསྟུན་ནས།   མང་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  སློབ་ཁང་ཕྱི་རོལ་གྱི་རིག་གནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ།  སློབ་མའི་སེམས་ཁམས་དང་ཚེ་སྲོག་གི་ལྟ་ཚུལ་ལ་ངོས་འཛིན་ཡང་དག་ཡོང་བ།   དེ་བཞིན་དུ་དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ནས་དཔེ་ཀློག་དང་རྩོམ་འབྲིའི་གོམས་གཤིས་ཡག་པོ་ཆགས་པའི་ཕྱིར་དུ་ཡིན་པ་སོགས་ཀྱི་དམིགས་ཡུལ་གསལ་བཤད་དང་།    དེ་ནས་ཐེངས་འདིའི་བྱ་འགུལ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག  སློབ་ཕྲུག་ཚོས་མུ་མཐུད་དུ་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ལེན་ཐུབ་པའི་སྨོན་འདུན་དང་བཅས་བྱ་འགུལ་ཡོངས་སུ་རྫོགས་སོ། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།