སྒོ་ཁྱི། ཚེ་རིང་བཀྲ་ཤིས། (ཆུང)
རུས་མིང་། ཚེ་རིང་བཀྲ་ཤིས། (ཆུང)
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
སྒང་བ་བོད་པ་ཚང་གི་སྦྲ་ནག་གི་གཞིས་ཁྱིམ་དྲོན་མོའི་ཁ་ཚུབ་ལས་སྔོ་ཡུག་ཡུག་གི་དུ་བ་ཐོག་མ་མཁའ་དབྱིངས་སུ་འཐེན་དུས་ནས་བཟུང་། ཁྱེད་རང་སྦྲ་ནག་གི་འགྲམ་ན་ཇི་འདྲའི་འོས་འཚམས་དང་ལུགས་མཐུན་གྱིས་འཚོ་བཞིན་འདུག་ཨང་།
སྒོ་ཁྱི་ལགས། སྙིང་སྟོབས་དང་ལྷག་བསམ་གྱིས་ཕྱུག་པའི་ཁྱོད་ནམ་ཡང་འབྲོག་པ་མང་ཚོགས་ཀྱི་ལྷས་འདེབས་སུ་འགྲེང་ནས། ཟླ་བའི་གྲིབ་བསིལ་སྦྱིན་པའི་མཚན་མོ་རེ་རེར། རྟ་ནོར་ལུག་གསུམ་མིག་གིས་འཚོས་ནས་སྤྱང་ཀིའི་འཇར་རྒོལ་ལ་དོགས་བཞིན། ལེ་ལོ་དང་རྣམ་གཡེང་རིང་དུ་དོར་ཏེ་རྣ་ཅོར་ཅོར་དང་མིག་ཟུང་རིག་རིག་གིས་སྒོ་ཕྱུགས་ན་སྲུང་སྐྱོབ་བྱེད་པ་ནི་ཁྱེད་ཀྱི་ཁྱད་ཆོས་རེད། ད་དུང་རྐུན་མའི་གཡོ་སྒྱུ་དང་གདུག་རྩུབ་ལ་མི་སྐྲག་པ་ནི་ཁྱེད་ཀྱི་སྙིང་སྟོབས་རེད། སྐེ་ལ་ལྕགས་ཐག་འདོམ་གང་དྲུད་ནས་མཚམས་རེར་ཉིན་གང་བོར་ཁ་ལ་ཟས་ཁམ་གང་ཡང་ཟ་རྒྱུ་མ་བྱུང་ན་ཡངདབྱར་དུས་ཉི་ཟེར་གྱི་ཚ་བས་གདུང་རུང་། དགུན་དུས་གྲང་རེག་གི་ངར་ཁས་གཙེ་རུང་། ཕྱི་ནུར་དང་གདུང་སེམས་མེད་པར་ནམ་ཡང་འབྲོག་པ་མང་ཚོགས་ལ་ཉབས་འདེགས་ཞུ་བཞིན་མཆིས།
ཞུམ་མེད་སྙིང་སྟོབས་ཀྱིས་ཕྱུག་པའི་ཁྱོད་རང་། ས་ཆེན་རྡོག་པས་གནོན་བཞིན། དགུང་སྔོན་པོ་ལག་པས་འདེགས་བཞིན་རང་དབང་གི་ལམ་བུ་སྙེག་ན་ཆོག་མོད། འདི་ལྟར་ཉམ་ཐག་གིས་འཚོ་བར་བསམ་གཞིགས་བྱས་ན། མིད་པའི་ཁ་སྒོ་རུ་ཤུགས་ཀྱིས་འཕྱོ་བཞིན་བརྗོད་པར་འདོད་པ་ནི། ཁྱེད་ནི་གཞན་དོན་དུ་གཤེགས་པའི་བོད་པ་ཚང་གི་མིག་ཡ་གཅིག་ལྟ་བུ་དང་། ཁྱེད་ཀྱི་སྙིང་སྟོབས་འདི་འདྲ་དང་ལྷག་བསམ་ནི་ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིར་རང་བཞིན་ལྡན་དགོས་པར་གདའ་མོད་དེ་ལས་དམན་མི་རུང་སྙམ།
དེང་དུས་ཀྱི་བོད་རིགས་གཞོན་ནུ་ཚོ། ང་ཚོ་རང་ཉིད་ལ་མཉམ་དུ་འཚོ་བཞིན་པའི་སྒོ་ཁྱི་ལགས་ཀྱི་སྙིང་སྟོབས་དང་ལྷག་བསམ། མདུན་སྐྱོད་ཀྱི་སྤོབས་པ་ཞིག་ཡོད་ན་ཅི་མ་རུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com