དུས་རབས་ཉེར་གཅིག་པའི་བོད་པ། འཕྲིན་ལས་དབང་གྲགས།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25 13:32:00
ཀློག་གྲངས།:
རུས་མིང་། འཕྲིན་ལས་དབང་གྲགས།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
ཕ་སྐད་ཆུ་གཙང་རང་རིགས་ཀྱིས་བསྙོགས་སོང་། །
ཕ་ཡུལ་ཕྱུག་མོ་རང་རིགས་ཀྱིས་བཙོངས་སོང་། །
ཕ་ཆོས་རིན་ཆེན་རང་རིགས་ཀྱིས་བསྣུབས་སོང་། །
ཕ་ཡུལ་སྤུན་ཟླ་དགྲ་བོ་རུ་འཛིན་སོང་། །
ཁ་ནས་ར་མ་ལུག་སྐད་བཤད་པར་དགའ། །
ཁ་ནས་ཐ་མག་ཆང་འཐུང་དེ་བས་དགའ། །
ཁ་ནས་སྤྲེའུ་རྒྱུད་མི་རིགས་སྨྲ་བར་དགའ། །
ཁ་ནས་མ་ཎི་མི་འདོན་སྙིང་རེ་རྗེ། །
གཞན་གྱི་སྐད་ཡིག་རང་གི་ཀློག་པ་དང་། །
གཞན་གྱི་ལྭ་བ་རང་གིས་གྱོན་པར་བྱེད། །
གཞན་མི་ཀུན་ལ་ཞབས་ཞུ་སྒྲུབ་པ་དང་། །
གཞན་བརྟེན་འཚོ་བསྐྱལ་བྱེད་པ་ཤ་རེ་ཚ། །
གངས་ལྗོངས་གཟི་བརྗིད་རང་གིས་མེད་པར་བྱེད། །
གངས་ལྗོངས་ལུགས་སྲོལ་གང་འདོད་བཅོས་བསྒྱུར་བྱེད། །
གངས་ལྗོངས་ཨ་ཕ་རང་གིས་སེམས་ནས་བརྗེད། །
གངས་ལྗོངས་འདི་ནི་སྤྲེའུ་རྒྱུད་རང་གིས་བརླགས། །
ས་པཎ་ཁྱེད་ཀྱིས་འཕྲིན་ལས་རྒྱ་ཆེ་ཡང་། །
ས་པན་ཁྱེད་ཀྱིས་རྗེས་འབྲང་ཉུང་ཙམ་ཡིན། །
ཐོན་མིའི་བརྡ་སྤྲོད་རིག་གཞུང་མང་ན་ཡང་། །
ཐོན་མིའི་བརྡ་སྤྲོད་སྦྱོང་མཁན་དེ་བས་ཉུང་། །
ཉེར་གཅིག་བོད་མི་ཨ་གསར་བྱེད་ལ་དགའ། །
ཉེར་གཅིག་བོད་མི་གངས་ཅན་མེད་ལ་དགའ། །
ཉེར་གཅིག་བོད་མི་སྤུན་ཟླ་མེད་ལ་དགའ། །
ཉེར་གཅིག་བོད་མི་གཞན་ལ་བརྟེན་པར་དགའ། །
སྤྲེའུ་རྒྱུད་མི་རིགས་གཞན་རིགས་འགྱུར་ལ་ཉེ། །
སྤྲེུའུ་རྒྱུད་བྱམས་སེམས་ངན་པར་འགྱུར་ལ་ཉེ། །
སྤྲེའུ་རྒྱུད་སྐད་ཡིག་སྙན་གྲགས་མེད་ལ་ཉེ། །
སྤྲེའུ་རྒྱུད་མི་རིགས་གཞན་འོག་ལྷུང་ལ་ཉེ། །
བརྗོད་བྱ་ཉེར་གཅིག་བོད་མི་ཡི་བྱ་བཞག །
བརྗོད་དོན་ཁ་བའི་ལ་རྒྱ་དེ་མེད་ཀྱང་། །
བརྗོད་མཁན་ཀླད་ཆུང་སློབ་བུ་ངའི་མཐོང་ཐོས། །
བརྗོད་པ་འདི་དག་བོད་སེམས་ཀྱི་མདའ་མོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།