གྲོགས་པོ་དྲན་པའི་ལོ་ཟླ། ཆོས་དབྱིངས་བཟང་པོ།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25 12:09:00
ཀློག་གྲངས།:
རུས་མིང་། ཆོས་དབྱིངས་བཟང་པོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
མི་ཚེའི་མཛེས་སྡུག་ངམ་པའི་ལང་ཚོ་ཡི་ཁྲོད་ནས། །
འུ་གཉིས་མཉམ་དུ་སོང་བའི་དམའ་འབྲིང་གི་འཚོ་བ། །
དུས་ཀྱི་འཁོར་ལོ་བར་མེད་འཁོར་བ་ཡི་ལོ་ཟླའི། །
སྐྱིད་སྡུག་མཉམ་ཁུར་བྱེད་པའི་མཛེས་སྡུག་གི་རྣམ་པ། །
མི་ཚེའི་ལང་ཚོ་མཉམ་པའི་དམའ་འབྲིང་གི་དུས་དེར། །
འབད་བརྩོན་ལྷོད་མེད་བྱེད་པའི་ལོ་ཟླའི་ནང་དུ། །
འུ་གཉིས་དགའ་ཞིང་སྤྲོ་བའི་བསྐལ་བཟང་གི་དུས་དེ། །
ད་ཐེངས་འདས་པའི་རྨི་ལམ་དངོས་ལྟར་འགྱུར་འདུག །
སེམས་ཀྱི་གཏད་སོ་མེད་པའི་འགྱུར་ལྡོག་དེའི་ཁྲོད་ནས། །
དབྱར་ཁ་སླེབ་པའི་དུས་དེ་ཅོང་བརྡ་དེ་ཐོས་སོང་། །
ཀྱག་ཀྱོག་བདེ་སྙོམས་མིན་པའི་མི་ཚེ་དེའི་ཆེད་དུ། །
སྔོན་བསགས་ལས་དབང་བཙན་པོས་ཁ་ཁ་རུ་བྲལ་སོང་། །
གཟི་བརྗིད་ལྡན་པའི་མ་ཡུམ་སློབ་གྲྭ་རུ་སླེབ་དུས། །
གསེར་གྱི་ལྕགས་རྡོ་འདྲ་བའི་གྲོགས་པོ་དེ་དྲན་བྱུང་། །
འུ་གཉིས་བར་གྱི་བརྩེ་བ་འོ་ཆུ་བཞིན་འདྲེས་ཡོད། །
སྙིང་རྗེ་མེད་པའི་མིག་ཆུ་དབང་མེད་དུ་བཞུར་སོང་། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།