དྲིན་ཆེན་མ། གཡང་སྐྱིད།
རྩོམ་པ་པོ།:
ཡོང་ཁུངས།:
དུས་ཚོད།:2014-12-25 12:06:00
ཀློག་གྲངས།:
རུས་མིང་། གཡང་སྐྱིད།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གཉིས་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།
དགའ་དུས་དགའ་བའི་འཛུམ་མདངས་སྟོན་ས་དང་། །
སྡུག་དུས་སྡུག་གི་མིག་ཆུ་འཐོར་ས་སྟེ། །
རིན་ཆེན་མི་ལུས་སྐྲུན་མཁན་དྲིན་ཆེན་མ། །
བརྩེ་བས་གཞིས་ཁྱིམ་སྐྱོང་བའི་ཕ་མ་གཉིས། །
གདོང་གི་གཉེར་མ་རེ་རེ་ང་ཡི་ཆེད། །
རྔུལ་ཆུའི་ཕྲེང་བ་རེ་རེ་ང་ཡི་ཆེད། །
འཚོ་བའི་དཀའ་ངལ་རེ་རེ་ང་ཡི་ཕྱིར། །
ཡོད་ཚད་ང་ལ་གནང་མཁན་ཨ་མ་ལགས། །
དྭངས་པའི་ཁྱིམ་གཞིས་དྲོན་མོ་ཁྱེད་ཀྱིས་བསྐྱངས། །
ཤེས་བྱའི་སློབ་གླིང་མེ་ཏོག་ཁྱེད་ཀྱིས་བཙུགས། །
དགའ་བའི་སེམས་ཁམས་གཙང་མ་ཁྱེད་ཀྱིས་བསུས། །
དགོས་འདོད་ཐམས་ཅད་འབྱུང་ཁུངས་ཨ་མ་ཡིན། །
ཁྱེད་ཉིད་མེད་ན་བུ་མོའི་ཚེ་སྲོག་མེད། །
ཁྱེད་ཉིད་མེད་ན་མི་རིགས་རྒྱུད་འཛིན་མེད། །
ཁྱེད་ཉིད་མེད་ན་གཞོན་སྐྱེས་བུ་ཕྲུག་མེད། །
ཁྱེད་ཉིད་བུ་མོ་ང་ཡི་བསྟེན་ས་ཡིན། །
སྡུག་དུས་སྡུག་གི་མིག་ཆུ་འཐོར་ས་སྟེ། །
རིན་ཆེན་མི་ལུས་སྐྲུན་མཁན་དྲིན་ཆེན་མ། །
བརྩེ་བས་གཞིས་ཁྱིམ་སྐྱོང་བའི་ཕ་མ་གཉིས། །
གདོང་གི་གཉེར་མ་རེ་རེ་ང་ཡི་ཆེད། །
རྔུལ་ཆུའི་ཕྲེང་བ་རེ་རེ་ང་ཡི་ཆེད། །
འཚོ་བའི་དཀའ་ངལ་རེ་རེ་ང་ཡི་ཕྱིར། །
ཡོད་ཚད་ང་ལ་གནང་མཁན་ཨ་མ་ལགས། །
དྭངས་པའི་ཁྱིམ་གཞིས་དྲོན་མོ་ཁྱེད་ཀྱིས་བསྐྱངས། །
ཤེས་བྱའི་སློབ་གླིང་མེ་ཏོག་ཁྱེད་ཀྱིས་བཙུགས། །
དགའ་བའི་སེམས་ཁམས་གཙང་མ་ཁྱེད་ཀྱིས་བསུས། །
དགོས་འདོད་ཐམས་ཅད་འབྱུང་ཁུངས་ཨ་མ་ཡིན། །
ཁྱེད་ཉིད་མེད་ན་བུ་མོའི་ཚེ་སྲོག་མེད། །
ཁྱེད་ཉིད་མེད་ན་མི་རིགས་རྒྱུད་འཛིན་མེད། །
ཁྱེད་ཉིད་མེད་ན་གཞོན་སྐྱེས་བུ་ཕྲུག་མེད། །
ཁྱེད་ཉིད་བུ་མོ་ང་ཡི་བསྟེན་ས་ཡིན། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།