སློབ་གསོ་ལས་འཕོས་བའི་མྱོང་ཚོར། མགོན་པོ་འཚོ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2014-06-02 15:54:00 ཀློག་གྲངས།:

མགོན་པོ་འཚོ།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། མགོན་པོ་འཚོ།
     ད་ནངས་དགེ་རྒན་ཞིག་གིས་ང་ཚོ་ལ་སློབ་གསོ་གང་མང་ཞིག་བྱས་པའི་མཇུག་མཐར་འཕྲིན་གསར་ཞིག་གི་སྒོ་མོ་ཕྱེས།འཕྲིན་གསར་དེ་ཐོས་མ་ཐག་ངའི་སེམས་པར་བཤད་དཀའ་བའི་བྲེལ་འཚུབ་ཀྱི་ཚོར་བ་ཞིག་སྐྱེས་ཞིང་ཕྱིར་དྲན་གྱི་མེ་ལོང་ངོས་སུ་སུབ་པ་མེད་པའི་འདས་དོན་ཞིག་ལ་མནོ་བསམ་གཏོང་མགོ་བརྩམས།
     འདིར་བཞུགས་ཀྱི་སློབ་བུ་རྣམས་པ་བསམ་བློ་ཞིབ་ཏུ་བཏང་སྟེ་རང་རང་གི་ལྷད་མ་འདུས་བའི་དྭངས་གཙང་གི་བསམ་པ་ལ་དྲི་བ་ཅིག་དྲིས་དང་།ཁྱོད་ཀྱིས་འདི་ལྟར་སྒྲུབ་ན་འགྲིག་འདུག་གམ།བསམ་གཞིགས་གི་སྒོ་མོ་ཡང་བསྐྱར་ཐེངས་གཅིག་ཕྱེས།འདི་ལྟར་ཁྱེད་རང་ཚད་བརྒལ་མ་ཡིན་ནམ།ཁྱེད་ཀྱིས་དགེ་རྒན་ཞེས་བ་ནི་ཅི་ཞིག་གི་ཚུལ་དུ་བཟུང་ཡོད།དྲིན་ཕ་མས་རང་ཉིད་ཀྱི་བུ་ཕྲུག་གི་ཆེད་དུ་དབྱར་གསུམ་ཆར་ཆུ་གདོང་གིས་བསུས་ཞིང་དགུན་གསུམ་གྲང་ངར་ལུས་ཀྱིས་བཀག་པས་དཀའ་བ་ཁྱད་བསད་ཀྱིས་མདུན་ནས་མདུན་དུ་སྐྱོད་བཞིན་པ་གཞི་ནས་ཤེས་ཐུབ།དེ་ནི་ཕ་མ་རང་ཉིད་ཀྱི་དོན་མིན་པར་ཤ་ལས་ཆད་པའི་བུ་ཕྲུག་གི་དོན་དུ་ཡིན།ཁྱེད་ཀྱིས་སློབ་ར་གྲུ་བཞི་འདིའི་ནང་དུ་རིག་གནས་ལ་སྦྱངས་བརྩོན་མི་བྱེད་པར་ནམ་ཡང་ལེ་ལོ་དང་སྒྱིད་ལུག།གཏི་མུག་གི་དབང་དུ་ཚུད་དེ་ཕ་མའི་ཁ་ཏ་སློབ་གསོ་སྣང་མེད་དུ་བཞག་པ་མ་ཡིན་ནམ།འོན་ཀྱང་ཕ་མས་ཁྱེད་ལ་ཡིད་ཆེས་དང་རེ་སྒུག་བྱས་ཡོད།ཕ་མའམ་དགེ་རྒན་གྱིས་བཅངས་བའི་བརྩེ་བ་ནི་ལྷད་མེད་ཀྱི་བརྩེ་བ་དྭངས་མ་ཡིན།བདག་གིས་ནམ་ཡང་ཁྱེད་ཀྱི་བརྩེ་བ་དེ་ལ་སློབ་སྦྱོང་དང་ཡིད་སྨོན་འཕྱོར།
     བཀའ་དྲིན་ཆེ་བའི་དགེ་རྒན་གྱིས་དུས་རྒྱུན་དུ་སློབ་མ་རྣམས་ལ་སློབ་གསོ་གཏོང་བའི་སྐབས་སུ་ཤེས་བྱ་ཡོན་ཏན་མ་ལྡན་ན།ཕུགས་བསམ་མཛེས་ཀྱང་མངོན་འགྱུར་མེད་ཞེས་པའི་དོན་ལ་བསམ་གཞིགས་ཞིབ་ཏུ་བཏང་ནས་ལེ་ལོ་དང་གཏི་མུག་གི་རྒྱ་ལས་གྲོལ་སྟེ་བཅོས་བསྒྱུར་བྱས་ན་ཕུགས་བསམ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།སློབ་མ་ཚོའི་དུས་ཚོད་ནི་དྲག་ཏུ་འབབ་པའི་རྦབ་ཆུ་བཞིན་མཚུངས་ལ་མིག་བཙུམ་ཐེངས་གཅིག་ལ་སློབ་འབྲིང་གི་ལོ་བཞིའི་འཚོ་བ་བྱ་འཕུར་བ་ལྟར་འདས།དབེན་ཐིང་ཐིང་གི་ཁོར་ཡུག་དེ་ནས་དཔེ་ཀློག་བྱེད་པའི་དུས་ཚོད་ཐུང་ཐུང་མ་རྟོགས་མེད་མོད།འོན་ཀྱང་སེམས་ལ་སུན་སྣང་འབྱིན་པར་བྱེད་པའི་སྦྱོང་ཚན་གྱི་སྤྲིན་ནག་ལང་ལོང་དུ་འཕྱུར་བ་འདི་རེད།དེར་བརྟེན།རང་ལ་ཡིད་ཆེས་དང་རེ་བ་བྱེད་པ་ནི་ལང་ཚོའི་དམིགས་བསལ་གྱི་དབང་ཆ་ཡིན།དེ་རིང་གི་སློབ་གསོ་ལས་འཕོས་བའི་མྱོང་ཚོར་གྱིས་དེ་ལས་ལྡོག་སྟེ་ཁ་ཕྱོགས་གཞན་ལ་བསྒྱུར་ཏེ་ནམ་ཡང་དུས་ཚོད་འཚོལ་དགོས་བ་ལས་དུས་ཚོད་ཀྱིས་རང་ཉིད་འཚོལ་དགོས་བ་མིན་པ་གཞི་ནས་ཤེས་ཐུབ།དུས་ཚོད་ནི་གོ་མེད་ཚོར་མེད་དང་འཇམ་ཐིང་ཐིང་ངང་སྐད་ཅིག་ཉིད་འདས་བཞིན་ཡོད།
     དེ་བས།སྤྱིར་སློབ་གྲྭ་འདིར་དགེ་རྒན་མང་བོས་སློབ་གསོ་གང་མང་ཞིག་གཏོང་བཞིན་ཡོད་མོད།འོན་ཀྱང་ཐེངས་འདིའི་སློབ་གསོ་ནི་ངའི་སེམས་ཀྱི་ཟབ་སར་འདྲེས་པའི་ཤ་ཚའི་སྙིང་གཏམ་གསོན་པོ་ཞིག་ཡིན་འདུག།བྱ་བ་སྣ་ཚོགས་གང་མང་ཞིག་གི་སྒོ་མོ་ཕྱེས་བའི་སློབ་གསོ་འོག་བདག་གིས་ཁྱེད་ཀྱིས་ང་ཚོར་བཅིངས་བའི་བརྩེ་བ་ནི་བླ་ན་མེད་པ་ནམ་ཡང་ཕྱོགས་རེས་མེད་པའི་གནས་ལུགས་དེ་རྟོགས་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།