གཟའ་ཉི་མའི་ཉིན་ཐོ། སྙིང་མོ་སྐྱིད།
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། སྙིང་མོ་སྐྱིད།
ཉིན་མཚན་ལྟོས་མེད་དུ་རེ་སྒུག་བྱས་པའི་གཟའ་ཉི་མའི་དུས་བཟང་དེ་ཐོན་ཞིང་།དུས་ཚོད་གཉིས་རིང་གི་ཞོགས་པའི་ཀློག་འདོན་དེའང་ཕལ་ཆེར་འཆར་སྣང་དང་འཆར་འགོད་ལས་ཚར་སོང་།ལྷ་ཡུལ་ལས་མཆེད་པ་ལྟ་བུའི་ཅོང་སྒྲ་དེ་སྙན་འཇེབས་ངང་གྲགས་བྱུང་ལ་རྒྱུན་ལྡན་གྱི་འཛེར་སྒྲ་ལས་ཡོངས་སུ་རྒྱལ་འདུག གྲལ་བསྒྲིགས་ཚར་རྗེས་ང་ཡང་བུ་མོ་གཞན་དང་འདྲ་བར་རང་བརྩིའི་སེམས་པ་བརྩོན་ལེན་བྱེད་ཆེད་དམ་རེ་འདོད་ཀྱི་དངོས་པོ་རེ་སྙེག་བྱེད་ཆེད་བྱ་འཕུར་བ་ལྟར་གྱོན་ཆས་བཙོང་སའི་ཚོང་ཁང་དུ་རྒྱུགས་སོང་བ་ཡིན།ཐེངས་སྔོན་མའི་གཟའ་མཇུག་ལ་སྟེས་དབང་གིས་ཚོང་ཁང་དེའི་ནང་གི་སྐེ་དཀྲིས་ཞིག་ལས་ཡག་པོའི་ངང་མཐོང་བྱུང་།རྒྱུ་རྐྱེན་ག་གེ་མོའི་དབང་གིས་ཉོ་མ་ཐུབ།ད་ཐེངས་དེ་ངོ་མ་དེ་ཉོ་བའི་འདུན་པ་འགོག་ཐབས་མི་འདུག
གྲལ་འཐོར་ཏེ་སྐར་གང་མ་འགོར་ཀྱང་རྒྱུན་ལྡན་སློབ་རའི་ནང་གི་སྐད་ཆ་རིང་མོ་ཞིག་ཀྱང་བཤད་ཁག་པོ་ཡོད་པའི་བུ་མོ་རྣལ་མ་དེ་དག་སྲང་མགོ་ནས་སྲང་རྔ་བར་ཁྱབ་འདུག་པས་མྱུར་ཚད་དེ་དག་ནི་ངོ་མ་བློ་ཡུལ་ལས་འདས་པ་ཞིག་རེད།ངའང་ཚོང་ཁང་ནང་དུ་འཛུལ་བ་ན་བུ་མོ་གཉིས་ཀྱང་སྐེ་དཀྲིས་དེར་བལྟ་བཞིན་འདུག དེར་མ་ཟད་སྐེ་དཀྲིས་འདི་དག་དུས་རབས་དང་བསྟུན་པ།རིན་གོང་གཏམ་དགོས་ཚུལ་སོགས་གླེང་བྱུང་མོད།སྦྱིན་བདག་མར་འགྲན་བདོ་བ་བཞིན་ཐ་མར་རྒྱུ་ངོམ་བྱེད་པ་བཞིན་ཐད་ཀར་རིན་གོང་དེ་བྱིན་ཏེ་ཉོས།ང་རང་ཧ་ལས་སོང་མོད་ཡིན་གཅིག་མིན་གཉིས་རང་གིས་ཨུ་ཚུགས་ཀྱིས་ཁོ་མོར་མ་གཏམ་ན་ཁོ་མོ་གཉིས་ཀྱི་རིན་གོང་དེ་འདྲ་སྟེར་མི་ཕོད་པས་སོང་སྟེ་སྦྱིན་བདག་ལ་འགྲིག་ཚུལ་བཤད་བཞིན་རང་ལ་ཐོབ་འདོད་པ་ཐོབ་པར་བྱས་པ་ན།བུ་མོ་དེ་གཉིས་ཁོང་དགོང་འཆོར་ལ་ཡང་མིག་ལོག་གིས་བལྟ་བཞིན་བུད་སོང་།
ཕྱི་དྲོ་ཆུ་ཚོད་གསུམ་ཙམ་གྱི་ཐོག་ངས་བཟའ་ཆས་ཚོང་ཁང་ཞིག་ནས་ཡང་ངས་བུ་མོ་དེ་མཐོང་བྱུང་།སྤྱིར་ངས་སྒོང་བག་ཅིག་ཉོ་འདོད་མོད་བཟའ་ཆས་ཉོ་མཁན་ཤིན་ཏུ་མང་པོས་སྦྱིན་བདག་གིས་ང་གཅིག་པུ་ལ་ཁ་ཡ་ཅི་ལྟར་བྱེད།དུས་ཚོད་ཅུང་ཙམ་གྱི་འཕྲོས་ཁ་པར་རྒྱག་ས་ཞིག་ནས་ངས་ཡང་བསྐྱར་ཁོ་མོ་མཐོང་བྱུང་།ཁོ་མོས་སྙིང་ལ་རྗེ་བའི་སྐད་གདངས་དང་བཅས་“ཨ་ཕ།ངའི་སྒོར་མོ་ཚར་ཐལ།གཟའ་མཇུག་ཁྱོད་ཡིན་གཅིག་མིན་གཉིས་སྒོས་ཡོང་དགོས”ཞེས་གདངས་སྙན་པའི་བཀའ་བརྡ་དེ་སྒྲོག་བྱུང་།ཚུལ་དེར་བལྟས་ན་ཕོག་ལེན་པའི་མི་སྣ་ཞིག་དང་འདྲ་བར་ཉམས་ཧ་ཅང་ལྡན།ཁ་པར་བཏང་ཚར་བ་དང་གློ་བུར་དུ“ཨ་ཙི།ལག་ཤུབས་ཉོ་རྒྱུ་བརྗེད་སོང་།འུ་གཉིས་རང་འདེམ་ཚོང་ཁང་དུ་སོང་ནས་་་་”ཞེས་འཚུབ་ཆ་དང་བཅས་རྒྱུགས་སོང་ལ།ད་ཅིའི་སྡུག་སྨོས་འདོན་བཞིན་པའི་བུ་མོ་དེ་ག་ལ་ཡིན།གོམ་སྟབས་ཡང་ཞིང་འཛུམ་མདངས་ལྡན།
ངས་བསམ་ན།རང་གི་ཕ་མའི་ཡོད་ཚད་གཅེས་སྤྲས་མི་བྱེད་པར་གང་འདོད་དུ་གཏོང་བ་འདི་ཅི་འདྲའི་ཡིད་ཕངས་བ་ཞིག གང་ལྟར་བཀོལ་སྤྱོད་བྱེད་ཤེས་བྱེད་པ་དེའང་དྲིན་གཟོ་ཞིག་མིན་ནམ་སྙམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com