ཁ་བ་འབབ་པའི་ཞོགས་པ། ཤེས་རབ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-09 17:37:00 ཀློག་གྲངས།:

རུས་མིང་། ཤེས་རབ།
འཛིན་གྲྭ  ལོ་རིམ་བདུན་པའི་འཛིན་གྲྭ་ལྔ་བ།

ཁ་བ་འབབ་པའི་ཞོགས་པ།

        ངས་རྨི་ལམ་རྨིས་བཞིན་པའི་སྐབས་སྤོ་བོས་ང་ལ་བུ། བུ་མགྱོགས་པོ་ཡར་ལོངས་དང༌། མདང་དགོང་ཁ་བ་བབས་འདུག་ཅེས་གསུངས་བྱུང༌། ངས་མགྱོགས་པོར་མལ་ལས་ལངས་ཏེ་སྒེའུ་ཁུང་ལས་བལྟས་པ་ཡིན།
        ཉིན་དུས་ཀྱི་ལྷས་རྭ་ནག་པོ་དེ་ནི་རབ་དཀར་སྲིན་བལ་གྱི་མལ་ཆས་ཞིག་གྱོན་པ་ལྟར་སྐྱ་ཐིང་ངེར་གནས་འདུག  དེའི་ནང་དུ་རྟ་ནོར་ལུག་གསུམ་སོགས་ཀྱི་ཚེར་སྒྲ་དང་ངུར་སྒྲ། འབའ་སྒྲས་ཁེངས་འདུག  དེ་ནས་ང་ཕྱི་ལ་ཕྱིན་ཏེ་བལྟས་པ་ན་གཞུང་ལམ་སྟེང་རླངས་འཁོར་གྱི་དུང་སྒྲ་དང་རྐང་འཁོར་གྱི་དིང་སྒྲས་ཁེངས། དུས་རྒྱུན་ཧ་ཅང་མགྱོགས་པའི་རླངས་འཁོར་དེ་དག་གི་མྱུར་ཚད་ཀྱང་ཅུང་དལ་བར་ཕྱིན་འདུག གཞུང་ལམ་སྟེང་གི་ཁ་བ་དེ་དག་མགྱོགས་པོར་འཁྱག་པར་གྱུར་པས་ཕྲུ་གུ་ཁ་ཤས་ཀྱིས་འཁྱག་ཤུར་གློད། ཁ་ཤས་ཀྱིས་ཁ་བས་གཞུས་རེས་བྱེད་པ་དང་ལ་ལས་གངས་མི་བཟོ་བཞིན་འདུག  ཞྭ་མོ་དམར་པོ་གྱོན་པའི་ཕྲུ་གུ་ཞིག་གིས་རིལ་མ་ནག་པོ་ཆུང་ཆུང་ཞིག་ཁྱེར་ཡོང་སྟེ་མིག་བཟོས། ཡང་ཕྲུ་གུ་ཆུང་ཆུང་གཞན་ཞིག་གིས་ཤེལ་དམ་གྱི་ཁ་གཅོད་དམར་པོ་ཞིག་དང་ཤིང་ཐུང་ངུ་ཞིག་ཁྱེར་ཡོང་སྟེ་སྣ་དང་ཁ་བཟོས།
        ཡང་རྒྱང་བའི་རི་ཆུ་ལ་བལྟས་པ་ན་ཕྱོགས་བཞི་ཐམས་ཅད་གངས་ཀྱིས་བཀླུབས་ཤིང་རྟ་ནོར་ལུག་གསུམ་ནི་རས་དཀར་པོ་ཞིག་གི་སྟེང་དུ་ཁྲ་བཏབ་པ་དང་མཚུངས། ངས་མནོ་བསམ་དང་མཚར་སྣང་གིས་ནམ་མཁར་བལྟས་པས། ནམ་མཁའ་ནི་ད་དུང་སྤྲིན་ནག་གིས་བསྒྲིབས། དེ་ནས་རྟ་བདུན་དབང་བོ་ཡང་སྤྲིན་ནག་གི་ཕང་བ་ལས་མཐར་འདོད་ཀྱིས་འབད་པ་ཆེན་པོས་སྤྲིན་རིམ་བརྟོལ། ངའི་བསམ་པར་འབད་བརྩོན་བྱས་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་ཅེས་པ་དེ་བདེན་པ་རང་རེད་འདུག་སྙམ། ཉི་མས་འབད་བརྩོན་གྱིས་སྤྲིན་ནག་གི་ཕང་བ་ལས་མཐར་བ་མ་ཟད་ང་ཚོར་འོད་ཟེར་སྦྱིན་བཞིན་འདུག  ང་ཚོ་བོད་རིགས་སྐྱེ་བོ་ཀུན་གྱིས་ཉི་མ་བཞིན་དུ་འབད་བརྩོན་གྱི་སེམས་ཤུགས་ལ་བརྟེན་ནས་བླུན་རྨོངས་མུན་པའི་རྒྱ་ལས་གྲོལ་ཞིང་ཤེས་རིག་འོད་ཟེར་སྟོང་ལྡན་གྱི་ལམ་དུ་བསྐྱོད་ཐུབ་ན་ཇི་འདྲའི་བདེ་བ་ཞིག་མིན་ནམ།

ཤེས་རབ་ནི་ཕ་ཡུལ་ཡངས་པ་ཅན་ཟམ་གསར་གྲོང་ཚོ་ནས་ཡིན་ཞིང་། བོད་ཡིག་ལ་ལྷག་ཏུ་དུངས་ཤ་ཆེ་བའི་བུ་རྒོད་ཅིག་ཡིན། ཁོ་ཕ་ཡུལ་གྱི་རི་ཆུ་ལ་དགའ་ཞིང་ཕ་ཡུལ་གྱི་སྤུན་ཟླ་ལ་དེ་བས་ཀྱང་དུངས། སྤྱི་ཚོགས་ཀྱི་མི་ལེགས་པའི་ཆ་ལ་ཟུར་ཟའི་རྩོམ་ཡིག་འབྲི་རྒྱུར་ཤིན་ཏུ་དགའ་པོ་ཡོད།

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།