འཁོར་སྐྱོད། བསོད་ནམས་ཚེ་རིང་།

རྩོམ་པ་པོ།:བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-01 16:59:00 ཀློག་གྲངས།:

 

རུས་མིང་།   བསོད་ནམས་ཚེ་རིང་། 
འཛིན་གྲྭ།   2010ལོའི་བོད་ཡིག་འཛིན་གྲྭ
ཕ་ཡུལ།  བྲག་དཀར།

འཁོར་སྐྱོད།

སྔོན་ཆད་སྔོན་ཆད་ཅིག་ལ 
ངས་ཁྱོད་ཀྱི་ལྟག་རྒྱབ་ཏུ 
ཁ་རོག་གེར  
ཁྱོད་ཀྱི་སྒལ་གཞུང་ལ་ཅེར་ནས  
རང་ཉིད་ཀྱི་མ་འོངས་བ་བཙལ     

ཏག་ཏག་འདས་ཟིན་པར།  
ང་ཁྱོད་དང་ཁ་གཏད་དུ་ཙོག་པུར་བསྡད་ནས 
ཁྱོད་ཀྱི་འཛུམ་མདངས་ལ་བལྟ་བཞིན  
རང་ཉིད་ཀྱི་བདེ་སྐྱིད་བཙལ
     
ཁ་སང་དེ་རིང  
ང་ཁྱོད་ཀྱི་གསེག་ངོས་ནས་དྲང་བོར་འགྲེང་ཏེ  
སྔར་སོང་ལ་དྲན་གསོ་རེ་བྱ་བཞིན
ལག་པ་འགྲམ་པར་བཞག་ནས 
ཅི་ཞིག་འཚོལ་དགོས་བར་བསམ་བློ་བཏང་།                            

འཇིགས་སྐྲག་ཆེ་བའི་འཛུམ།    

ཁྱོད་ཀྱི་འཛུམ་མདངས་དེ་བསྟན་པ་ནས། 
ང་ཧ་ཅང་དགའ་དྲགས་ཏེ།  
རྨོངས་བར་གྱུར།  
རྨོངས་བ་དེས།
ངས་ངའི་ཕ་མ་དང་ཕ་ཡུལ། 
ད་དུང་།
ཡུལ་མི་སྥུན་ཟླ་ཚོ།
རེ་རེ་ནས་རེ་རེ་བཞིན།
བརྗེད་སོང    


ཁྱོད་ནི་མཛེས་སྡུག་ལྡན་པའི་དུག་ལྡན་གྱི་མེ་ཏོག་ཞིག་དང་འདྲ། 
ངས་ཁྱོད་ལ་ཉེན་ཁ་ཆེ་བ་ཤེས 
ཁྱོད་ལ་སྡུག་རྩུབ་ཆེ་བའང་ཤེས།
ཡིན་ཡང་།  
ང་སྲིན་འབུ་མེ་ལྕེབས་མེ་ལ་ལྕེབས་པ་བཞིན། 
ཐེ་ཚོམ་མེད་པར།  
ཁྱོད་ཕྱོགས་ལ་གོམ་ཁ་བསྒྱུར།
ཡོད་ཚད་རང་དབང་ན་མི་འདུག  
ཁྱོད་དང་འགྲོགས་པ་ནས་བཟུང་།
ངས་རྩམ་དྲི་དང་མར་དྲི།
ཨ་མའི་ནུ་ཞོ་དང་ཨ་ཕའི་གླུ་སྐད། 
ད་དུང་།
དྭངས་གཙང་གི་ཕ་སྐད།
རེ་རེ་ནས་རེ་རེ་བཞིན། 
གར་སོང་ཆ་མེད་དུ་གྱུར། 
ཕལ་ཆེར་སྔོན་ཆད་བྱུང་མ་མྱོང་བའི་ཚོར་བ་ཞིག  
  
ཡང་ན།
ང་ངོ་མ་ཁྲེལ་མེད་ཅིག་རེད། 
དེ་རིང་ནས་བཟུང་ཕ་དམ་པ་ཞིག་གི་རང་ཚུགས་བོར་ནས།
མ་མཛངས་མ་ཞིག་གི་བློ་ཁོག་བརྗེད་ནས།
ཁྱི་ལྡོམ་བཞིན།  
རི་སྤྱང་བཞིན།
ང་ལ་ཅི་ཡང་མེད་་་

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།