གངས་རིའི་སྲས་མོ། ཨ་ཆེན།
གངས་རིའི་སྲས་མོ།
མཐོ་གཉིས་གསུམ་པ། ཨ་ཆེན།
ཁ་བཏགས་སྐར་པོ་ལྟ་བུའི་ལྷག་བསམ་ཟོལ་མེད།
དྲན་ཤེས་མདའ་མོ་ལས་ལྷག་འཆི་མེད་སྲས་མོ།
ཉ་གང་གི་བཞིན་དཔལ། ནམ་རྒྱུན་གསལ་ཞིང་དྭངས།
སྐར་ཆེན་གྱི་འདྲེན་བྱེད། རྟག་ཏུ་འཚེར་ཞིང་འཚེར།
དུང་ཞེན་གྱི་མྱོས་བུམ། མ་སྨིན་མ་སྨིན་འདྲ།
རེད་ལགས། ད་དུང༌།
བྱུར་དམར་གྱི་སྐག་འཆང༌། སིལ་སིལ་སིལ།
དངུལ་དཀར་གྱི་གདུ་བུ། འོད་ལམ་ལམ།
གསེར་གྱི་མཛུབ་དཀྲིས། ནོར་བུའི་མེ་ལོང༌།
ཨ་ལ་ལ་ཡིད་འོང་གི་དྭངས་མ།
ཨོ་ཧོ་ཧོ་ཡོད་འཕྲོག་གི་གངས་ཕྲུག
གོམ་པའི་འདེགས་འཇོག ག་ལེར་ག་ལེར།
སྣ་གླུ་ཐར་ཐོར། འགུག་གིན་འགུག་གིན།
ལུས་ཀྱི་ཆ་བྱེད། ལྡེམ་གྱིན་ལྡེམ་གྱིན།
ཨ་ལ་ལ་སྒྱུ་རྩལ་གྱི་ཉིང་བཅུད་ཅན།
ངོ་མ། མིའི་བཟོས་སྒེག་ཆས་དེ་མེད་ཀྱང་ཆོག་གི
སྙིང་གསེང་ནས་བྱུང་དེ་རུས་གསེང་ལ་འཐིམ།
དུངས་བ་རེ་རེའི་རྒྱབ་ན་གསང་བ་རེ།།
གསང་བ་རེ་ལ་ཆགས་པའི་དགའ་སྐྱོ་ཞིག།
དགའ་སྐྱོ་འདྲེས་མའི་བར་གྱི་བསླུ་བྲིད་དེ།།
སྐྱེས་བུ་སོ་སོའི་ལུས་ན་ཁྲག་བཞིན་རྒྱུ།།
ཐོག་མའི་མཛེས་སྡུག་མཛེས་པའི་དྭངས་མར་འདོད།།
བར་གྱི་དུངས་བ་དུང་གི་མཆོག་མར་བསམ།།
ཐ་མའི་དགའ་བདེ་རྫུན་དང་ཕྲ་མར་འདོད།།
ཐོག་མཐའ་བར་གསུམ་བསླུ་བའི་ཆོ་འཕྲུལ་བསམ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com